གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མི་སྣ།

ཐང་གའི་ལས་རིགས་ཀྱི་སྣེ་ཁྲིད་པ་ཉན་ཤུལ་རྡོ་རྗེ་དོན་གྲུབ།

སྤེལ་དུས 2018-01-22 ཡོང་ཁུངས། མི་དམངས་ཉིན་ཚགས། རྩོམ་པ་པོ། རྡོ་རྗེས་བསྒྲིགས།

རྡོ་རྗེ་དོན་གྲུབ་ཀྱིས་ཐང་ཀ་འབྲི་བཞིན་པ།
          རྡོ་རྗེ་དོན་གྲུབ་ནི་ཁམས་པའི་ཁྱིམ་རྒྱུད་གྲགས་ཅན་ཉན་ཤུལ་ཚང་ནས་ཡིན་ལ། ལོ་རྒྱུས་སུ་འཁོད་པར་གཞིགས་ན། ཉན་ཤུལ་ཚང་ནི་མི་རབས་གོང་མ་དག་ནས་བཟུང་མི་ཉག(དར་མདོའི་ནུབ་ཕྱོགས་དང་། ཉག་ཆུའི་ཤར་ཕྱོགས་། རྟའུ་ཡི་ལྷོ་ཕྱོགས། བརྒྱད་ཟིལ་གྱི་བྱང་ཕྱོགས། རོང་བྲག་གི་ལྷོ་ནུབ་ཕྱོགས་བཅས་མཚམས་ཀྱི་ས་ཆ)ཏུ་གཏན་སྡོད་བྱེད་པའི་ལོ་རྒྱུས་རྒྱུན་རིང་ལྡན་པའི་ཁྱིམ་རྒྱུད་ཅིག་ཡིན། རུས་རྒྱུད་ཀྱི་མིང་ཞིག་ཡིན་པའི་ཆ་ནས་ཚང་མས་མི་ཉག་ཉན་ཤུལ་ཞེས་འབོད་ལ་དེ་ནི་ཁམས་རྒྱུད་ཅིག་ཡིན།
          ཉན་ཤུལ་ཁྱིམ་རྒྱུད་ནི་མི་ཉག་ས་ཁུལ་གྱི་སྲོལ་རྒྱུན་གྱི་ཁྱིམ་རྒྱུད་ཅིག་ཡིན་ལ་ལོ་རྒྱུས་ཐོག་ཁྱིམ་རྒྱུད་དེར་བླ་མ་50ལྷག་ཙམ་འཁྲུངས་མྱོང་ཡོད་པའི་ནང་མཚན་སྙན་ཆེ་ཤོས་སྐོར་ལ་འབྲུག་ཡུལ་རྒྱལ་པོའི་དབུ་བླ་བཞི་པ་ཉན་ཤུལ་རྒྱལ་དབང་ཉི་མ་དང་། ཉན་ཤུལ་སྤྲུལ་སྐུ་སྟེ་ཉན་ཤུལ་མཁྱེན་རབ་འོད་གསལ། པཎྜི་ཏ་ཉན་ཤུལ་དཀོན་མཆོག་རྣམ་རྒྱལ་སོགས་ཡོད་པ་རེད། དེ་དང་ཆབས་ཅིག་བོད་ཡོངས་དང་ཐ་ན་ཀྲུང་ཕྱིར་སྐད་གྲགས་ཡོད་པའི་མཁས་དབང་དང་རིགས་གཅིག་མཁས་ཅན་མང་པོ་འཁྲུངས་མྱོང་ཡོད་པའི་ནང་སྐད་གྲགས་ཆེ་ཤོས་སྐོར་ལ《བོད་ཀྱི་ཆོས་ལུགས་སྒྱུ་རྩལ》དང《བོད་ཀྱི་རིག་གནས་ཁྲོད་ཀྱི་ནང་བསྟན་གྱི་མཚོན་རྟགས》གཉིས་ཀྱི་རྩོམ་པ་པོ་བྲག་གཡབ་སྤྲུལ་སྐུ་བློ་ལྡན་ཤེས་རབ་དང་། 《རྒྱ་བོད་ཚིག་མཛོད་ཆེན་མོའི》རྩོམ་སྒྲིག་ཨུ་ཡོན་ཉན་ཤུལ་མཁྱེན་རབ་འོད་ཟེར། གནའ་བོའི་བཟོ་བཀོད་ཉམས་གསོ་སྐོར་གྱི་རིགས་གཅིག་མཁས་ཅན་སྤྲུལ་སྐུ་ཉན་ཤུལ་རྒྱལ་མཚན་བཅས་དང་དེ་བཞིན་མཁས་དབང་གྲགས་ཅན་སྤྲུལ་སྐུ་ཉན་ཤུལ་འཇམ་དབྱངས་གྲགས་པ་སོགས་ཡོད་པ་རེད།
          ཐང་གའི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་སམ་ཡང་ན་ཁྱིམ་རྒྱུད་ཀྱི་ཤུགས་རྐྱེན་གང་རུང་ཞིག་ཡིན་རུང་། གཙོ་བོ་རྡོ་རྗེ་དོན་གྲུབ་ཀྱི་སེམས་སུ་སྒྱུ་རྩལ་གྱི་ས་བོན་བཏབ་ཟིན་ལ། ད་ཆ་མྱུ་གུ་འབུས་ཤིང་མེ་ཏོག་བཞད་པ་ལ་བརྟེན་ནས་ཁོང་གིས་ཚེ་གང་སྒྱུ་རྩལ་གྱི་ལམ་ལ་ཞུགས་ངེས།

          བོད་ལྗོངས་ལྷ་མོ་བླ་མཚོ་ཐང་ག་གླིང་ནི་སྲོལ་རྒྱུན་རྨང་གཞིར་དང་གསར་གཏོད་ཚེ་སྲོག་ཏུ་འཛིན་བཞིན་པའི་ཐང་གའི་སྒྱུ་རྩལ་གླིང་ཞིག་ཡིན་ལ། ལོ་མང་པོར་འཚོལ་ཞིབ་ལྷོད་མེད་བྱས་པ་བརྒྱུད་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི“རྡོ་ལུགས་རི་མོའི”འབྲི་ལུགས་གསར་གཏོད་བྱས་པས་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་རི་མོའི་སྒྱུ་རྩལ་ཞིག་ཏུ་གྱུར་པ་དང་། དེ་དང་ཆབས་ཅིག་ཐང་ག་གླིང་དེས་དུས་ཡུན་རིང་པོར་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་ལ་སློབ་ཡོན་གཏན་ནས་མ་བླངས་པར་ཐང་ག་འབྲི་ལུགས་སྣ་ཚོགས་གསོ་སྦྱོང་བྱས་པ་དེ་ཐང་གའི་ལས་རིགས་ཀྱི་གཏམ་བཟང་ཞིག་ཏུ་གྱུར་ཅིང་། འདི་ནི་རྡོ་རྗེ་དོན་གྲུབ་ཀྱི་བརྩམས་ཆོས་གསར་པ《མཁར་ལ་སྔ་བ་ཡུམ་བུ་བརླ་མཁར》ཞེས་པ་རེད།
          ལོ་10ལྷག་ཙམ་གྱི་གོང་དུ་ཉན་ཤུལ་རྡོ་རྗེ་དོན་གྲུབ་ཀྱིས་ལྷ་ས་གངས་ཏི་སི་དཔལ་འབྱོར་ཉོ་ཚོང་ཚད་ཡོད་ཀུང་སི་བཙུགས་ཤིང་། དང་ཐོག་གི་མ་དངུལ་སྒོར་ཁྲི་30ལྷག་ཙམ་ནས་གཏན་འཇགས་རྒྱུ་ནོར་སྒོར་ཁྲི་སྟོང་ཕྲག་དུ་མ་དང་ལས་མི་བརྒྱ་ཕྲག་ཁ་ཤས་ཡོད་པའི་རིག་གནས་ཐོན་ལས་ཀུང་སི་ཆེ་གྲས་ཤིག་ཏུ་འཕེལ་རྒྱས་ཕྱིན་ཡོད་པ་རེད། མིག་སྔར་ཀུང་སི་དེས་རྡོ་ལུགས་ཐང་གའི་སྒྱུ་རྩལ་དང་བོད་ཀྱི་སྲོལ་རྒྱུན་རིག་གནས་ཐོན་ལས་སྔར་བས་ལེགས་པར་འཕེལ་རྒྱས་གཏོང་ཆེད། ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་བཟོ་ལས་གླིང་དུ་ས་རྒྱ་མུའུ་1000ལྷག་ཙམ་བཟུང་བའི་ཐོན་མི་གླིང་བོད་ཀྱི་སྒྱུ་རྩལ་དངོས་མང་བཤམས་སྟོན་གླིང་གསར་དུ་བཙུགས་པ་རེད།
          རྡོ་རྗེ་དོན་གྲུབ་ཀྱིས་གསར་འགོད་པར་རྣམ་གྲངས་དེ་ལྷ་ས་གྲོང་ཁྱེར་གྱི“ལོ་ལྔ་ཚན་བཅུ་གཉིས་པའི”འཕེལ་རྒྱས་འཆར་འགོད་དང་ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་འཆར་འགོད་གཙོ་གནད་རྣམ་གྲངས་ནང་ཚུད་ཡོད་པས་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་རྒྱུན་འཛིན་གྱི་རྟེན་གཞི་དང་། བོད་ཀྱི་རིག་གནས་ཀྱི་གསར་གཏོད་ཡུལ་སྐོར་དང་ཁྱད་ལྡན་སྤྲོ་གསེང་འཛད་སྤྱོད་རྟེན་གཞི། བོད་ཀྱི་མངོན་མིན་རིག་གནས་ཐོན་ལས་སྲུང་སྐྱོབ་རྟེན་གཞི། བོད་ལྗོངས་ཐཱན་ཉུང་ཡུལ་སྐོར་དཔེ་སྟོན་རྟེན་གཞི། བོད་ཀྱི་མངོན་མིན་རིག་གནས་སློབ་གསོ་གསོ་སྦྱོང་རྟེན་གཞི་སོགས་ལ་དམིགས་ནས་བསྐྲུན་པ་དང་གློག་བརྙན་བརྙན་འཕྲིན་ཕབ་སྐྲུན་བྱེད་པ་སོགས་ཀྱི་ཕྱིར་འཕྲོས་ཕན་ནུས་ཀྱང་ལྡན་ཡོད། དཔེ་སྟོན་རྟེན་གཞི་དེ་ནས་ཡུལ་སྐོར་བ་ཚོས་རྡོ་ལུགས་ཐང་གའི་འབྲི་རིམ་ཧྲིལ་པོར་ལྟ་ཞིབ་དང་རྡོ་ལུགས་ཐང་གའི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མྱོང་རོལ་བྱེད་ཆོག་ཅེས་བཤད་པ་རེད།
འདི་ནི་རྡོ་རྗེ་དོན་གྲུབ་ཀྱིས་རྡོ་ལུགས་ཐང་གའི་སྒྱུ་རྩལ་ཁྱད་ཆོས་འགྲེལ་བཤད་རྒྱག་པའི་གནས་ཚུལ་རེད།
          “རིག་གནས་དར་རྒྱས་ཆེན་པོ་བྱུང་བའི་དེང་གི་དུས་སྐབས་སུའམ་ཡང་ན་མི་རྣམས་ཀྱི་མཛེས་དཔྱོད་ལྟ་བ་སྣ་མང་ཅན་དུ་འགྱུར་བའི་སྐབས་འདིར་རྡོ་ལུགས་ཐང་གའི་སྲོལ་གསར་འདི་ནི་དུས་རབས་དང་བསྟུན་ནས་བྱུང་བའི་ཐོན་རྫས་ཁོ་ན་ཙམ་མ་ཡིན་པར་དེང་གི་རིག་གནས་དར་རྒྱས་ཆེན་པོ་གཏོང་བའི་བླང་བྱ་དང་འཚམ་པའི་དུས་རབས་ཀྱི་ཐོན་རྫས་ཤིག་ཡིན་པས་དེར་ལོ་རྒྱུས་ཀྱི་ལྡོག་མེད་རང་བཞིན་ངེས་ཅན་ལྡན་ཡོད། ལོ་60ལྷག་ཙམ་རིང་དང་ལྷག་པར་ཏུ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ཀྱི་རིག་གནས་སྲུང་སྐྱོབ་འཕེལ་རྒྱས་ཐད་མཐོང་ཧ་ཅང་ཆེན་པོ་གནང་ནས་མི་ཤུགས་དང་། དངོས་ཤུགས། ནོར་ཤུགས་བཅས་འབོར་ཆེན་བཏང་སྟེ་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་འཕེལ་རྒྱས་བཏང་བས་བོད་ཀྱི་རིག་གནས་ལ་སྔར་བྱུང་མྱོང་མེད་པའི་སྲུང་སྐྱོབ་དང་འཕེལ་རྒྱས་བྱུང་བ་དང་། རྡོ་ལུགས་ཐང་ག་ནི་འདི་ལྟ་བུའི་ཁོར་ཡུག་ཆེན་པོ་ཞིག་གི་ཁྲོད་འཚར་ལོངས་བྱུང་བ་ཡིན”འདི་ལྟ་བུའི་དུས་རབས་ཀྱི་རྒྱབ་ལྗོངས་དང་གཟིགས་སྐྱོང་སྲིད་ཇུས་སྣ་ཚོགས་ཀྱི་རོགས་སྐྱོར་འོག་རིག་གནས་ཐོན་ལས་ཐད་ཀྱི་རང་གི་ཕུགས་འདུན་དེ་མངོན་འགྱུར་བྱུང་བ་ཡིན་ཞེས་རྡོ་རྗེ་དོན་གྲུབ་ཀྱིས་ཚོར་སྣང་ཟབ་མོའི་སྒོ་ནས་བཤད་པ་རེད།