ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མི་སྣ། > ཚ་ཤོས།

ཤིང་ཏ་ལའི་ལོ་མའི་ཆོས་དཔེའི་རྒྱུད་འཛིན་ལ་ལྟ་སྐྱོང་གནང་མཁན་ཚེ་དབང་འགྱུར་མེད།

སྤེལ་དུས 2014-06-12 ཡོང་ཁུངས། ཞིན་ཧྭའི་དྲ་བ། རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།

   
བོད་ལྗོངས་རྟེན་མཛོད་ཁང་དུ་ཤིང་ཏ་ལའི་ལོ་མའི་ཆོས་དཔེ་ཞིབ་འཇུག་མཁས་པ་ཚེ་དབང་འགྱུར་མེད(གཡསདང་ལས་གྲོགས་ཚོས་ཤིང་ཏ་ལའི་ལོ་མའི་ཆོས་དཔེའི་མ་ཡིག་ལ་ཞིབ་འཇུག་གནང་བཞིན་པ།
 
  “
ཤིང་ཏ་ལའི་ལོ་མའི་ཆོས་དཔེ་འདྲི་འཚོལ་གྱི་བགྲོད་ལམ་ནི་ཤིན་ཏུ་རྒྱུན་རིང་ཞིང་། ཆོས་དཔེ་དེ་རིགས་ཀྱི་ཆག་རོ་ཙམ་ཡང་དོར་མི་རུངཞེས་པ་འདི་ནི་ཚེ་དབང་འགྱུར་མེད་ཀྱིས་རྒྱུན་དུ་གླེང་པའི་སྐད་ཆ་རེད།

 དེ་སྔོན་ཚེ་དབང་འགྱུར་མེད་ཀྱིས་བོད་ལྗོངས་ཀྱི་ཤིང་ཏ་ལའི་ལོ་མའི་ཆོས་དཔེ་སྲུང་སྐྱོབ་འགོ་ཁྲིད་ཚོགས་ཆུང་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་གྱི་འགན་བཞེས་མྱོང་།  ད་ལོའི་ལོ་འགོར་ལོ་རྒན་པོའི་དབང་གིས་ཁོང་ཉིད་དགའ་ཞེན་ཆེ་བའི་ཤིང་ཏ་ལའི་ལོ་མའི་ཆོས་དཔེ་ལས་དོན་ལས་ཕྱིར་བུད་མོད།  གསར་འགོད་པས་ལོ་ངོ༦རིང་གི་ཤིང་ཏ་ལའི་ལོ་མའི་ཆོས་དཔེ་འདྲི་འཚོལ་གྱི་བགྲོད་ལམ་སྐོར་གླེང་དུས།  དགུང་གྲངས་བདུན་ཅུར་བཞེས་པའི་རྒན་པོ་ཁོང་ཉིད་ཀྱིས་གསལ་ཆ་ལྡན་པའི་ངང་ངོ་སྤྲོད་ལྷུག་ལྷུག་གནང་བྱུང་།

   ཤིང་ཏ་ལའི་ལོ་མའི་ཆོས་དཔེ་ནི་ཤོག་བུ་མ་བྱུང་པའི་སྔོན་དུ་གནའ་བོའི་རྒྱ་གར་གྱི་དགེ་འདུན་པས་ནང་ཆོས་དར་སྤེལ་གཏོང་ཆེད་ཤིང་ཏ་ལའི་ལོ་མའི་སྟེང་ཆོས་ཡིག་འབྲི་བ་ཞིག་རེད།  ནང་བའི་གསང་འབུམ་ནི་བགྲང་གིས་མི་ལང་ལ།  ལེགས་སྦྱར་གྱི་ཤིང་ཏ་ལའི་ལོ་མའི་ཆོས་དཔེ་ནི་སྟོན་པ་ཤྰཀྱ་ཐུབ་པའི་གསུང་པའི་བཀའ་ཆོས་དངོས་ཏེནང་བསྟན་གསུང་རབཡིན་པར་ངོས་འཛིན་པས་ན། དེའི་རིན་ཐང་ནི་བློས་དཔོག་དཀའ་བ་ཞིག་རེད།

      ༢༠༠༦ལོར་རང་རྒྱལ་གྱི་སྲིད་གཞུང་གིས་གཞི་ཁྱོན་ཆེ་བའི་ཤིང་ཏ་ལའི་ལོ་མའི་ཆོས་དཔེ་འདྲི་འཚོལ་དང་། སྲུང་སྐྱོབ་ཀྱི་ལས་ཀ་འགོ་བརྩམས།  ལོ་དེར།  ཚེ་དབང་འགྱུར་མེད་མཆོག་བོད་ལྗོངས་སྤྱི་ཚོགས་ཚན་རིག་གླིང་གི་གླིང་གཙོའི་ལས་གནས་ལས་ངལ་གསོ་གནང་མ་ཐག་རེད།   སྤྱིར་དུ་ཁྱིམ་གྱི་ལོངས་སྤྱོད་ལ་རོལ་ཆོག་པའི་ཁོང་ཉིད་ཀྱིས་ཆ་འཕྲིན་དེ་ཐོས་འཕྲལ་སྡོད་མ་ཚུགས་པརཤིང་ཏ་ལའི་ལོ་མའི་ཆོས་དཔེ་སྲུང་སྐྱོབ་ལ་རང་གི་ནུས་ཤུགས་ཙམ་ཕུལ་པ་ལས་རང་འགན་འདི་གཞན་ལ་དཀྲི་དགོས་དོན་མེད་པའི་བློ་སྐྱེས

        ལོ་དེར།  ཚེ་དབང་འགྱུར་མེད་ཀྱིས་ཤིང་ཏ་ལའི་ལོ་མའི་ཆོས་དཔེ་སྲུང་སྐྱོབ་འགོ་ཁྲིད་ཚོགས་ཆུང་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་གྱི་འགན་བཞེས་འགོ་བརྩམས་ཤིང་།  དེ་ནས་བཟུང་དངོས་སུ་ལོ་ངོ་༦རིང་དུ་ལམ་ཐག་སྤྱི་ལེ་ཁྲི༡༧གྱི་ཤིང་ཏ་ལའི་ལོ་མའི་ཆོས་དཔེ་འདྲི་འཚོལ་གྱི་བགྲོད་ལམ་ལ་སྙེགས་པ་རེད།   ཚེ་དབང་འགྱུར་མེད་ཀྱིས་སྣེ་ཁྲིད་པའི་ཁོངས་མི༧ཅན་གྱི་ཞིབ་འཇུག་ལས་དོན་ཚོགས་པས་ལྗོངས་ཡོངས་ཀྱི་རྫོང་ཁག་༤༡གི་དགོན་པ་དང་།  གནའ་ཤུལ།  དམངས་ཁྱིམ་བགྲང་གིས་མི་ལང་པར་ཞབས་ཀྱིས་བཅགས།

 འདྲི་འཚོལ་ལས་དོན་གྱི་ཆ་རྐྱེན་ཐབས་ཆག་ཡིན་ནའང་ཚང་མས་ལས་དེར་སྤྲོ་བ་སྐྱེས་པ་ལས་ངལ་སྣང་མི་འདུག ཅེས་ཚེ་དབང་འགྱུར་མེད་ཀྱིསལོ་ངོ༦རིང་།  ང་ཚོས་ལོ་རྒྱུས་སྟེང་ལོ་ཙྰ་བ་དག་ཕེབས་མྱོང་པའི་ས་ཆ་རེ་རེ་ལེགས་སྒྲིག་བྱས་རྗེས་ཁུངས་སྣེ་ལྟར་རྩད་གཅོད་བྱས་པ་ཡིན་ལ།  འདྲི་འཚོལ་ལ་ཚད་ངེས་ཅན་གྱི་སྟེང་ནས་ཕངས་སེམས་ཀྱི་ཆ་ཅུང་ཙམ་ཡང་བཞག་མེདཅེས་གསུངས་བྱུང་།

 “ཤིང་ཏ་ལའི་ལོ་མའི་ཆོས་དཔེ་འདྲི་འཚོལ་གྱི་ལས་ནི་ཧ་ཅང་རྩག་རྩིག་ཅིག་ཡིན་ཏེ།  ཆོས་དཔེ་མང་པོར་ཤོག་ངོས་ཀྱི་རིམ་པ་ནོར་བ་དང་།  ཆག་སྐྱོན་ཤོར་པ།  བསྐྱར་ཟློས་སོགས་ཀྱི་གནད་དོན་འདུག་པས།   བརྟག་དཔྱད་དང་།  བསྐྱར་བཤེར།  ཞིབ་བཤེར་རྩིས་ལེན། ལེགས་སྒྲིག  དཀར་ཆག་བཟོ་བ།  པར་ལེན་པ་སོགས་ཀྱི་གོ་རིམ་གཅིག་ཀྱང་ཆད་མི་རུང་ཞེས་ཚེ་དབང་འགྱུར་མེད་ཀྱིས་ལས་རིགས་འདི་ནི་དྲོ་མེད་ཆོ་མེད་ཅིག་ཡིན  དེ་ལས་ལེགས་སྦྱར་གྱི་ཡི་གེར་དཀའ་གནད་ཆེ་ཞིང་ཡིག་གཟུགས་མང་ཕྱིར།  གཅིག་གཅིག་བྱས་ནས་ངོས་འཛིན་བྱེད་དགོས་པ་མ་ཟད།  དཔྱད་གཞིའི་རྒྱུ་ཆ་མང་པོར་བརྟེན་ནས་བདེན་དཔང་ར་སྤྲོད་བྱེད་དགོས་ལ།  ལེགས་སྦྱར་དང་བོད་ཡིག་གི་ལོ་ཙྰའི་ཁྲོད་དོགས་གཞི་མང་པོ་ཡོད་པའི་ཆ་དེར་ཁོ་ཚོས་བརྟག་དཔྱད་སྙན་ཞུ་བྲིས་ནས་ཕྱི་རབས་པ་དག་གིས་མཐོང་ཆེན་ཡོང་པར་བྱས་ཡོད་ཅེས་གསུངས།

བོད་ལྗོངས་རྟེན་མཛོད་ཁང་དུ་ཉར་པའི་དུས་རབས་བཅུ་གཅིག་པའི་ཤིང་ཏ་ལའི་ལོ་མའི་ཆོས་དཔེའི་མ་ཡིག

     ཤིང་ཏ་ལའི་ལོ་མའི་ཆོས་དཔེ་འདྲི་འཚོལ་གྱི་བགྲོད་ལམ་ནི་རྒྱུན་རིང་ཞིང་སྤྲོ་སྣང་གིས་ཀུན་ཏུ་བརྟས་པ་ཞིག་རེད། དཔེར་ན་བོད་ཀྱི་རྒྱལ་རབས༢༨པ་བཙན་པོའི་དུས་སྐབས་སུ། གསུང་རབ་རྩ་ཆེནཞིག་མཁའ་ལས་མར་མཆེད་འོངས་ནས་བོད་ཀྱི་ཕོ་བྲང་སྔ་བ་ཡུམ་བུ་བླ་མཁར་དུ་བཞུགས་པར་སྐད།  ང་ཚོས་ཤིང་ཏ་ལའི་ལོ་མའི་ཆོས་དཔེ་ལསགསུང་རབ་རྩ་ཆེནདེ་དངོས་སུ་རྙེད་སོང་པ་མ་ཟད་པར་གཞི་མི་འདྲ་བ་ཁ་ཤས་མཐོང་སོངཞེས་གསུང་བྱུང་།

     ཐེངས་འདིའི་གྲུབ་འབྲས་གླེང་དུས།  རྒན་པོ་ཚེ་དབང་འགྱུར་མེད་ནི་ཞལ་དགྱེས་ནས་བྱིས་པ་ཞིག་འདྲ།  ཁོང་གིསདུས་ཡུན་རིང་པོ་རྣ་ཐོས་ངག་རྒྱུད་བྱུང་པའི་ནང་པའི་ངག་རྒྱུན་དག་ར་སྤྲོད་བྱེད་ཐུབ་པ་བྱུང་པ་དེ་ནི་དངོས་གནས་སྤྲོ་སེམས་འཕེལ་བ་ཞིག་རེད།  དེ་མི་ཚད།  ཤིང་ཏ་ལའི་ལོ་མའི་ཆོས་དཔེ་ཁ་ཤས་སྟེང་དུ་ནང་པ་དང་འབྲེལ་བའི་གཏམ་རྒྱུད་དག་ཟིན་བྲིས་སུ་བཀོད་པ་ཧ་ཅང་འཐུས་ཚང་ཡིན་པ་མ་ཟད།  ཞིབ་ཚགས་དོད་པའི་རི་མོའང་གསབ་བཀོད་ཡོད་པས།  སུས་མཐོང་ཡང་ཧ་ལས་ངེསཞེས་གསུངས།

     ལོ་ངོ་དྲུག་རིང་གི་འདྲི་འཚོལ་ལ་ད་ནི་འབྲས་བུ་སྨིན་པ་རེད།  མིག་སྔར་བོད་ལྗོངས་ཀྱི་ཤིང་ཏ་ལའི་ལོ་མའི་ཆོས་དཔེའི་ལོ་མ་ཁྲི༦ལ་ཉེ་བ་དང་།  ངོས་ཁྲི༡༢ལ་ཉེ་བ།  རིགས༡༠༠༠ལ་ཉེ་བ་ལེགས་སྒྲིག་གནང་ཡོད་པ་དང་  མང་ཆེ་ཤོས་ཤིག་ལེགས་སྒྲིག་གནང་ནས་དཔེ་དེབ་ཏུ་བསྐྲུན་ཡོད་པ་རེད།

ཤིང་ཏ་ལའི་ལོ་མའི་ཆོས་དཔེ་རྒྱུད་འཛིན་སྲུང་སྐྱོབ་བྱེད་པའི་ལས་ཀའི་རྒྱུན་ལྷོད་མི་རུང་ཞེས་ཚེ་དབང་འགྱུར་མེད་ཀྱིསམི་འགྱངས་པའི་མ་འོངས་པར། ང་ཚོར་མ་ལག་ཅན་གྱི་ཤིང་ཏ་ལའི་ལོ་མའི་ཆོས་དཔེ་རིག་པ་གྲུབ་ནས་ཐུན་མིན་རིག་གནས་སྲུང་སྐྱོབ་ལ་མཚར་སྡུག་གསར་པ་སྩོལ་དགོས་ཞེས་ཐུགས་རེ་བཏོན་བྱུང་།