ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མི་སྣ། > ཚ་ཤོས།

དགེ་འདུན་ཆོས་འཕེལ་ལགས་ཀྱི་མི་ཚེ་ལོ་རྒྱུས་ཞིབ་འཇུག ༢

སྤེལ་དུས 2014-07-01 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་ཞིབ་འཇུག རྩོམ་པ་པོ། བསོད་རྡོར་གྱིས་བསྒྱུར།

འདི་ལྟར་ངེས་སྟེ།ཁོང་ནི་དུས་རབས་༢༠བའི་བོད་རིགས་ཤེས་ཡོན་པ་གལ་ཆེན་ཞིག་སྟེ། ཁོང་རང་སྐུ་འཁྲུངས་བའི་དུས་འགོ་ནི་དུས་རབས་དཀྱིལ་མའི་སྐབས་སུ་འཁེལ་ཞིང་། ཁོང་རང་འཚོ་བའི་ལོ་ཟླ་ནི་བོད་ལྗོངས་དེང་རབས་ལོ་རྒྱུས་ཀྱི་དུས་ཚོད་གལ་ཆེན་གཉིས་དང་འབྲེལ་ཡོད། ༡༩༠༤ལོར་དབྱིན་ཇི་བོད་དུ་སླེབས་དང་། ༡༩༥༡ལོར་རྒྱ་དམག་བོད་དུ་སླེབས་པ་རེད། ཁོང་གིས་བདེན་བྱས་པ་ནི་བོད་ལྗོངས་སྤྱི་ཚོགས་རྙོག་ཟིང་ཆེ་བའི་ལོ་ངོ་བཅུ་སྟེ། རྙོག་ཟིང་འདི་ནི་ཁོང་གི་སྐུ་ཚེ་རྫོགས་པ་དང་མི་རིང་བར་བར་བརྒལ་བྱུང་བྱུང་བ་རེད།

དགེ་འདུན་ཆོས་འཕེལ་ལགས་ཀྱི་གཞོན་ནུའི་སྐབས་སུ་སྲོལ་རྒྱུན་གྱི་དགོན་སྡེ་སློབ་གསོ་དང་ལེན་བྱེད་སྐབས་མི་གཞན་མི་མཚུངས་ཤིང་། རྗེས་སོར་མཚན་ཉིད་པ། སྙན་ངག་པ། སྒྱུ་རྩལ་བ། ལོ་ཙཱ་བ། ས་རྒྱུས་མཁན། ལོ་རྒྱུས་མཁས་པ། སྤྱི་ཚོགས་གླེང་བརྗོད་པ།འདོད་བསྟན་མཁན་པོ། གསར་འགོད་པ། མི་རིགས་རིག་པ་བ། སྐབས་ལར་གསང་སྔགས་རྣལ་འབྱོར་བ་བཅས་ཀྱི་མིང་ཐོགས་པ་རེད། འདི་དག་དང་འབྲེལ་བའི་ཁོང་གི་ཁ་གསལ་བའི་ལོ་རྒྱུས་མི་ངེས་ཤིང་། གཞོན་རབས་གྲྭ་བཙུན་ཞིང་བོད་བཀའ་ཤག་གིས་བཙོན་བཀག་བྱས། ཁོང་ཉིད་ལྷོད་གྲོལ་བྱས་དུས་ཚོད་མ་ངེས་ཀྱང་སྐབས་དེར་ཁོང་གི་གཞོན་རབས་དགེ་ཕྲུག་ཁ་ཤས་ལ་དབུ་མའི་སྐོར་འཆད་ཁྲིད་བྱས།ཁོང་གི་སྐུ་ཚེ་རྫོགས་སྟེ་མ་འགྱངས་བའམ། ཁ་ཤས་ནས་སྐུ་འཚོ་བཞུགས་སྐབས་ཁོང་གི་དབུ་མའི་སྐོར་ལས་ཚན་པ་ཁ་ཤས་པར་འགྲེམས་བྱས་པར་སྐད།

འོན་ཏེ་བརྩམས་ཆོས་འདིའི་མཛད་པ་པོར་དོགས་གཞི་དང་ད་ལྟའི་དུས་ནའང་ལྟ་ཚུལ་འདྲ་མིན་གྱི་བཞེད་པ་སྣ་ཚོགས་ཡོད། ཚད་གཞི་ལ་ཤས་ནས་བཤད་ན་མི་རྣམས་ཡིད་ཆེས་པ་ནི་བརྩམས་ཆོས་འདི་ལུང་རིགས་མང་པོར་དོགས་སློང་དང་ལྡན་པ་རེད།འདི་ལས་མཛད་པ་པོའི་སྐོར་ལ་བརྩམས་ཆོས་ཡིས་གཏན་འབེབས་དཀའ་བ་རེད། དེ་རྐྱེན་པས་རིག་ལམ་འདིའི་མི་ཚེ་གདེང་འཇོག་ལའང་གླེང་ཁེག་པོ་ཆགས། དེ་བས་མཛད་པ་པོར་དོགས་པ་ཆགས་པ་རེད། དེ་རྐྱེན་པས་གཞུང་འདི་དང་འབྲེལ་དཔྱད་བརྗོད་སྤེལ་རྒྱུ་ཡིན།

རིག་གཞུང་འདིའི་མཛད་པ་པོ་སུ་ཡིན་ནའང་འདྲ། ཐ་དག་དགེ་འདུན་ཆོས་འཕེལ་སྐུ་ཚེ་མཇུག་གྲུབ་པ་རེད། གང་ལྟར་ཀྱང་ང་ཚོའི་གླེང་བའི་ཕར་ཕྱིན་(Adornment)སྟེ། འདི་ལས་མངོན་པ་ནི་ཚེ་སྲོག་གི་ཆེས་རྩེ་མོའི་སྐོར་ཀྱི་བསམ་བློའི་གནད་དོན་རེད། འདི་ནི་མི་ཚེ་ཧྲིལ་པོར་གང་ཞིག་ལ་བསམ་གཞིག་དང་དབྱེ་འབྱེད་ཤེས་རབ་ལས་བྱུང་བ་རེད། དེ་བས་ངས་དགེ་འདུན་ཆོས་འཕེལ་ལགས་ཀྱི་མི་ཚེ་ལོ་རྒྱུས་ལ་དཔྱད་ཞིབ་བྱས་པ་ཡིན། འོན་ཏེ་འདི་སྲོལ་རྒྱུན་ངག་རྒྱུན་ཙམ་མ་ལགས་ཤིང་། གནད་དོན་མང་པོ་ཞིག་གི་མི་ཚེ་དང་འབྲེལ་བའི་ལས་ཕྲན་དཀྱུས་མ་དག་ལ་འབྲེལ་འདུག ངས་འདི་ལྟར་མི་ཚེ་དཀྱུས་མའི་ལོ་རྩིས་ལ་ལྟོས་ཤིང་། དགེ་འདུན་ཆོས་འཕེལ་ལགས་ཀྱི་མི་ཚེ་དཀྱུས་མ་དང་།ཐེངས་གང་མང་ལ་ཁོང་གི་སྐད་ཆའི་ཞིབ་འབྲི་དང་། ལྷག་པར་དུ་རྒྱ་གར་དང་སིངྒ་ལ་སོགས་སུ་མཛད་པའི་བརྩམས་ཆོས། རི་མོ་ལྟར་ཁོང་ལ་སེམས་ཁ་ཕྱོགས་པ་དང་། མིག་ལྟོས་གང་ལེགས་འབྱུང་བའི་བསམ་ཚུལ་དང་།འོན་ཏེ་འདི་ལྟར་ཁོང་གི་ཕར་ཕྱིན་གཞུང་ལུགས་ལེགས་པར་རྟོགས་ཐུབ་པ་རེད།
 ཨ་མདོ་ནི་བོད་ཀྱི་རིག་གནས་ཤར་ནུབ་ཕྱོགས་སུ་དར་བའི་ས་གནས་གལ་ཆེན་ཞིག་སྟེ།དམིགས་བསལ་ཁོང་འཁྲུངས་ལོ་ནི་༡༨༩༥དང་༡༩༠༥སོགས་བཞེད་པ་མི་འདྲ་ཡང་།འོན་ཏེ་ཉེ་ཆར་རིག་གཞུང་སྨྲ་མ་དག་གིས་གཅིག་གྱུར་གྱི་ཁོང་གི་འཁྲུངས་ལོ་ནི་༡༩༠༣ལོའི་ཟླ་༨པའིཚེས་༡༤ལ་འཇོག དེ་་དག་ནི་小津安二郎[Yasujiro Ozu],平·克劳斯贝[Bing Crosby],西奥多·阿多诺[Theodor Adorno],本杰明·斯伯克[Benjamin Spock],克劳德特·科尔伯特[Claudette Colbert],乔治·奥威尔[George Orwell],鲍勃·霍普[Bob Hope],伊夫林·沃[Evelyn Waugh],马克·罗斯科[Mark Rothko],阿娜伊斯·宁[Anais Nin],莫拉维斯基[Yevgeny Mravinsky]。)ལ་སོགས་པ་རེད།ཁོང་གི་ཡབ་ཨ་ལགས་རྒྱལ་པོ་ཟེར་བ་ནི་གསང་སྔགས་སྔ་འགྱུར་རྙིང་བའི་ཆོས་རྒྱུད་མཛིན་མཁན་གྱི་སྔགས་འཆང་ཞིག་སྟེ། རྙིང་མ་ནི་དུས་རབས་བརྒྱད་པའི་མཇུག་ཏུ་སློབ་དཔོན་པདྨ་འབྱུང་ཆེན་མོ་བོད་ཡུལ་དུ་ཕེབས་ཤིང་།བཤད་རྒྱུན་འདིར་ལྷ་སྒྲུང་ལྟ་བུའི་བག་ཆགས་ཟབ་ཅིང་འོན་ཏེ་ལོ་རྒྱུས་ལའང་དོགས་སློང་ཡོད་པ་རེད།

དགེ་འདུན་ཆོས་འཕེལ་མ་འཁྲུངས་གོང་དུ་རྡོ་བྲག་སྤྲུལ་སྐུ་༼བོད་ལྗོངས་རྡོ་རྗེས་དགོན་པའི་སྤྲུལ་སྐུ་སྟེ་མཚན་ལ་རིག་འཛིན་འཇིགས་མེད་བསོད་ནམས་རྣམ་རྒྱལ༽སྟེ་རྙིང་མ་བའི་བླ་མ་ཁོང་ལ་དགེ་འདུན་ཆོས་འཕེལ་ལགས་ཀྱི་ཡབ་ཡུམ་མཇལ་ཞིང་། སྐབས་དེར་ཁོང་གིས་སྤྲུལ་སྐུ་ཁོང་གཉིས་ཀྱི་སྲས་སུ་འཁྲུངས་བར་ལུང་བསྟན་གནང་། དབུ་ཞྭ་གནང་ནས་རྟེན་འབྲེལ་སྒྲིགས།དགེ་འདུན་ཆོས་འཕེལ་གྱི་ཡབ་ཡུམ་གཉིས་ནས་ཟླ་བ་མང་པོའི་དུས་ཚོད་སྤྱད་དེ་ཨ་མདོ་ནས་ལྷ་སར་མཆོད་མཇལ་དུ་སླེབས་པ་རེད།

སྐབས་དེར་དགེ་འདུན་ཆོས་འཕེལ་ལགས་ཨ་མའི་མངལ་དུ་གནས་ཤིང་། ཡབ་ཡུམ་ཟུང་ལྷ་ས་དང་བར་ཐག་མི་རིང་བའི་རྡོ་རྗེ་བྲག་ལ་སླེབས་སྐབས་དེ་རུ་དགེ་འདུན་པ་དག་གི་བུ་ཕྲུག་འདི་ཁོང་ཅག་གི་བླ་མའི་སྤྲུལ་སྐུར་རློམ་ཡོད་ཅིང་། དགེ་འདུན་པ་དག་ནས་ཡབ་ཡུམ་ཟུང་དགོན་པ་འདི་དང་ཁ་མི་འབྲལ་བར་དེ་རུ་བཞུགས་ན་བསམ་ཡོད། འོན་ཏེ་དགེ་འདུན་ཆོས་འཕེལ་གྱི་ཡབ་ཡུམ་ཟུང་ཕྱིར་ཕ་ཡུལ་དུ་ལོག་ཅིང་། གལ་སྲིད་བུ་ཕྲུག་དེ་བུད་མེད་ཞིག་གམ་ཡང་ན་རྟེན་འབྲེལ་མི་ལེགས་ཤིང་། གལ་སྲིད་བུ་ཞིག་བཙས་ནའང་དགོན་པ་འདི་རུ་བསྡད་དགོས་པས་ཁོང་གཉིས་ལམ་ལ་ཆས་ཤིང་། འོན་ཏེ་རང་ཉིད་གྲོང་ཡུལ་དུ་མ་སླེབས་པའི་སྐབས་སུ་བུ་ཕྲུག་འདི་རྗེ་ཙོང་ཁ་བ་ཆེན་མོ་སྐུ་འཁྲུངས་སའི་ཐག་ཉེ་རུ་བཙས་པ་རེད།

དགེ་འདུན་ཆོས་འཕེལ་ལགས་བསོད་ནམས་ཆེན་པོ་དང་ལྡན་དེ་རང་ལོ་༤བའི་སྟེང་ནས་ཀློག་འདོན་དང་རྩོམ་འབྲི་བྱེད་ཐུབ། ཁྱིམ་མི་དག་གིས་ཁོང་ནི་རྡོ་བྲག་སྤྲུལ་སྐུ་འབོད་པ་བྱུང་། འོན་ཏེ་ཁོང་གི་སྐྱ་མིང་ལ་རིག་འཛིན་རྣམ་རྒྱལ་དུ་བཏགས། དགུང་ལོ་༧སྟེང་རྙིང་མའི་དགོན་པ་ཡ་མ་བཀྲ་ཤིས་འཁྱིལ་ཞེས་པར་བླ་མའི་ཁྲི་ཁ་བཀོད་ཅིང་། ཁོང་གི་ཡབ་ཆེན་དང་སྐབས་དེ་བླ་མ་དག་ལས་ཆོས་སྤྱོད་བསླབ།ཁོང་གི་སྙན་ངག་བྲིས་པ་དག་དམིགས་བསལ་ཁྱད་ཆོས་དང་ལྡན་པས་ཀུན་གྱིས་ཁས་ལེན་བྱེད། སྐབས་འདི་གར་ཡབ་ཡུམ་མྱ་ངན་ལས་འདས་པའམ་གང་ལྟར་ཁོང་གི་མིག་ལམ་དང་བྲལ་ནས་རྒྱུ་མཚན་བཤད་དཀའ་བ་བྱུང་།

དགུང་ལོ་༡༤སྟེང་དགེ་འདུན་ཆོས་འཕེལ་ལགས་སྐབས་དེར་གྲྭ་བ་༥༠༠ལྷག་འདུ་བའི་དགེ་ལུགས་དགོན་པ་སྡིས་ཚ་རུ་ཞུགས།དེ་རུ་བསྡུས་ཚད་ལ་ལོ་ངོ་༣ནས་༤ཙམ་ལ་སྦྱངས་ཤིང་། རིག་ལམ་རྩོད་པར་སྐད་གྲགས་རྒྱས། དགོན་པ་དེར་སློབ་སྐབས་དུ་ཁོང་ལ་སྡིས་ཚ་སྐམ་པོ་ཞེས་ཐོགས་པ་རེད། དེ་རུ་དགེ་སློང་གི་སྡོམ་པ་བཞེས་ཤིང་དགེ་འདུན་ཆོས་འཕེལ་ཞེས་པའི་མཚན་བསྕལ། ཁོང་གི་མི་ཚེ་གང་པོར་ནང་བསྟན་དགེ་འདུན་པའི་རྙོག་ཟིང་དང་འབྲེལ་ཞིང་། མི་མང་པོས་དོགས་སློང་ལ་ཁོང་གིས་ནང་བསྟན་ཁྱབ་བརྡལ་བྱས་ཡོད་དམ།ནང་ཆོས་ནི་འགྲེལ་བཤད་བརྒྱག་དཀའ་བ་ཞིག་རེད།ཡང་ན་ཁོང་གིས་བསྟན་པ་ནི་སྲོལ་རྒྱུན་ལས་བསྟན་པའི་བདེན་པ་ཉག་གཅིག་དེ་རེད།

༡༩༢༠ལོར་རང་ལོ་༡༧ལ་སོན་པའི་ཁོང་ཨ་མདོ་ས་གནས་སུ་སྐད་གྲགས་འབར་བའི་དགོན་སྡེ་ཆེ་ཁག་གཉིས་ཀྱི་ཡ་གྱལ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས། དགོན་པ་འདིར་གྲྭ་བ་༢༥༠༠ལྷག་དང་། དེ་རུ་བསྡུས་ཚད་ལ་སྦྱངས། གཞན་བྱང་ཆུབ་ལམ་རིམ་སོགས་ལའང་བརྩོན་པ་རེད།

ཚད་ལྡན་གྱི་དགེ་ལུགས་པའི་སྦྱངས་གཞི་དག་དགེ་འདུན་ཆོས་འཕེལ་ལགས་ནས་སྣ་གཅིག་ཀྱང་མ་ལུས་པར་སྦྱངས་ཤིང་། ཁོང་གིས་རྣོ་མྱུར་གསལ་གསུམ་གྱི་རིག་པ་འདིའི་སློབ་གསོ་ལ་བརྒལ་བརྟག་གང་མང་བྱས།དེ་བས་ཁོང་གིས་འབྲི་ཀློག་སྦྱངས་བ་ནས་དགེ་སློང་ཞིག་ཡིན་ན་བསྡུས་ཚད་ལ་སྦྱངས་བ་བྱེད་དགོས་ཤིང་རྟགས་བསལ་རྩོད་གཞི་གསུམ་ལ་བྱང་ཚད་ལྡན་པར་ཐོག་མར་བློ་རིགས་དང་རྟགས་རིགས་ལ་གོམས་ན་རིགས་ལམ་རྩོད་པ་བྱང་ཚད་ལྡན་པར་འགྱུར།

དངོས་ཚན་སྦྱངས་གཞི་ནི་གཞུང་བཀའ་པོད་ལྔ་ལ་སྦྱངས་དགོས་པ་རེད། ཐོག་མར་རྒྱལ་བ་བྱམས་པའི་མངོན་རྟོགས་རྒྱན་ལ་སྦྱངས་དགོས་ཤིང་། དེ་རུ་ཚན་པ་བརྒྱད་དུ་ཕྱེས་ཤིང་རྒྱ་བོད་མཁས་པའི་བཀྲལ་བའི་བསྟན་བཅོས་གང་མང་ལྡན། དེ་ནི་མངོན་པར་རྫོགས་པར་སངས་རྒྱས་པའི་ལམ་ཁ་མ་ནོར་བ་བསྟན་པའི་བསྟན་བཅོས་དང་ཐེག་པ་ཆེ་ཆུང་གི་ཉིང་བཅུད་ལྟ་བུ་ཡིན། འདི་ཤིན་ཏུ་ཞིབ་རྒྱས་དང་ལྡན་ཞིང་དངོས་པོ་བརྒྱད་སོགས༼སངས་རྒྱས་ཀྱི་མཁྱེན་པ་དང་འདུ་ཤེས་སྐུ་གསུམ་སོགས་བསྟན་ཡོད།༽དོན་བདུན་བཅུའི་བསྟན་པའོ། དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསླབ་པ་ཞེས་བསྔགས་སོ།

ལོ་ངོ་༦གི་རིང་དུ་ཕར་ཕྱིན་སྦྱངས་ཚར་བ་དང་སློབ་དཔོན་ཟླ་གྲགས་ལགས་ཀྱི་དབུ་མ་འཇུག་པར་སྦྱངས་དགོས་པ་རེད། དེབ་འདི་འདི་ནི་སློབ་དཔོན་ཀླུ་སྒྲུབ་ཀྱི་དབུ་མའི་རྒྱས་འབྲེལ་ལྟ་བུ་སྟེ། ཀླུ་སྒྲུབ་ལགས་ཀྱི་ཟབ་མོ་སྟོང་ཉིད་ཀྱི་གོ་བ་ལེན་པའི་རྒྱས་འགྲེལ་ཀྱི་རྒྱབ་ལྗོངས་ལྟ་བུ་རེད། ཟླ་བ་གྲགས་པའི་མཛད་རྗེས་ནི་སྟོང་བ་ཉིད་ལ་གོ་བ་ཇི་ལྟར་ལེན་པ་དང་ས་བཅུ་དང་ཕྱིན་དྲུག་ཟུང་འབྲེལ་གྱིས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཚང་ལ་མ་ནོར་བར་བསྟན་པ་རེད།ཟླ་བ་གྲགས་པའི་རིག་གཞུང་འདི་ནི་ཕྱིན་དྲུག་དང་ས་བཅུའི་བསྡུས་པས་དབུ་མའི་རྩ་བའི་གནད་འགག་དང་གསལ་བོར་བཀྲལ་བའི་བསྟན་བཅོས་ཞིག་སྟེ། སྟོང་ཉིད་དང་བདེན་གཉིས།རྣལ་འབྱོར་ཐེག་པའི་བརྒལ་བརྟག་དང་བདག་མེད་ཀྱི་ལྟ་བའི་བདེན་དབང་ལྟ་བུ་དང་དགེ་ལུགས་པའི་དབུ་མ་ཐལ་འགྱུར་བའི་(PrasangikaMadhyamika)ལུང་འདྲེན་གྱི་བསྟན་བཅོས་གལ་ཆེན་ཞིག་སྟེ། དགེ་འདུན་ཆོས་འཕེལ་གྱི་ཕར་ཕྱིན་སྐབས་རྒྱུན་དུ་བེད་སྤྱོད་བྱས་ཡོད།

དུས་ཡུན་རིང་པོའི་སློབ་གཉེར་གྱི་རྒྱུད་རིམ་ཁྲོད་དུ་ལོ་ལྟར་འཇང་དགུན་ཆོས་སྐབས་སུ་སློབ་དཔོན་ཆོས་གྲགས་ཀྱི་ཚད་མ་རྣམ་འགྲེལ་ལ་སྦྱངས་པ་རྩོད་པ་བྱེད་དགོས། འདི་རུ་སྐྱེ་པ་སྔ་ཕྱི་དང་ཡོད་མེད་དང་ཐར་བ་ཡོད་མེད་རྣམ་འཁྱེན་སྒྲུབ་པ་སོགས་གླེང་སློང་བྱེད་བཞིན་ཡོད། མངོན་རྗེས་ཚད་མ་གཉིས་གཏན་ལ་འབེབས་ཤིང་རིགས་དབྱེ་དང་ཞིབ་ཚགས་མང་པོས་བསམ་བློའི་རིག་པ་ཞིག་རེད། དེ་ནི་ཤིན་ཏུ་གོ་དཀའ་བའི་ཚིག་བཅད་དུ་སྡེབ་ཞིང་རྒྱུས་ལོན་ཁེག་པའི་རྒྱ་གར་གྱི་གཞུང་ཚན་ཞིག་རེད། དགེ་འདུན་ཆོས་འཕེལ་ལགས་ནི་རིག་པ་འདིར་ཞིབ་ཆ་ཐོན་པ་ཞིག་རེད།

མཐའ་མཇུག་གི་སྦྱངས་ཚན་གཉིས་ནི་དགེ་ལུགས་པའི་འཕྲིན་ལས་རྒྱས་པའི་འདུལ་བ་སྟེ་བོད་ལྗོངས་སུ་དགོན་པར་འཚོ་བ་དག་གི་རྣམ་དག་ཚུལ་ཁྲིམས་ཀྱི་རྩ་བར་གྱུར་བ་དེ་རེད།གཞན་སློབ་དཔོན་དབྱིག་གཉེན་གྱི་མཛད་པའི་མངོན་པ་མཛོད་རེད།དེ་ནི་ཚངས་བའི་འཇིག་རྟེན་དང་ཐེག་ཆུང་གི་འདོད་པའི་དབྱེ་གཞི་མང་པོ་དང་།འཇིག་རྟེན་གདགས་པ།འཇིག་རྟེན་ཆགས་ཚུལ་ལ་སོགས་པ་དེ་རེད།

སྦྱངས་ཚན་ཐ་དག་ལེགས་པར་ཐོན་པ་ལ་ལོ་ངོ་༢༠དུས་ཚོད་དགོས་ཤིང། དེའི་སྐབས་སུ་གཙོ་བོ་ནི་བློ་འཛིན་དང་བརྒལ་བརྟག་ལ་གོམས་རྒྱུ་དེ་རེད། གོང་བཤད་ཀྱི་རྒྱ་གར་གྱི་རིག་གཞུང་དེ་དག་ལས་གཞན་དགེ་སློང་དག་གིས་རིག་གཞུང་པོད་ལྔའི་དགོངས་འགྲེལ་དང་ཡིག་ཆར་སློབ་དགོས་པ་རེད། དགོན་སྡེ་ཆེན་པོ་ཐ་དག་ལ་རང་ཉིད་ཀྱི་ཡིག་ཆ་ཡོད་པ་དང་། དེ་ལ་འང་རྒྱས་བསྡུས་གཉིས་ཀྱི་མཚོན་པའོ།

དེ་དག་རེ་རེ་ལའང་དགག་བཞག་སྤང་གསུམ་གྱི་མཚོན་པའི་རིག་གཞུང་རྨ་མེད་པར་ཁུངས་ཐུབ་དུ་ཆགས་ཤིང་། མིང་གྲགས་ཆགས་པའི་ཡིག་ཆ་ནི་དགེ་ལུགས་པའི་དགོན་སྡེ་ཆེ་གྲས་ཁག་གི་སྦྱངས་ཚན་ཡིག་ཆ་དག་རེད། འདི་དག་ནི་དུས་རབས་༡༦ནས་༡༨བར་ལྷག་དུ་སོ་སོའི་དགོངས་འགྲེལ་གྱི་བསྟན་བཅོས་སུ་བརྩམས་ཤིང་འཕགས་ཡུལ་གྱི་རྒྱ་གཞུང་ཁུངས་མ་དག་གདང་འབྲེལ་ཏེ་གྲུབ་ཅིང་། མི་ལ་ཤས་ནས་བརྩམས་ཆོས་འདི་དག་ནི་དགེ་ལུགས་པའི་དགོན་སྡེ་ཁག་གི་ཆེས་མིག་དཔེ་བལྟ་སའི་ཚད་གཞི་དང་། དགེ་ལུགས་པའི་དགོན་སྡེ་དང་དེ་མིན་གྲུབ་མཐའ་ཁག་གི་དགོན་སྡེ་ལས་དགེ་ལུགས་པའི་ཁྱད་འཕགས་གྲུབ་མཐའ་བྱུང་བའི་འདུ་ཤེས་དེ་རེད།

དེ་ཡང་སློབ་གཉེར་ལ་ཞུགས་པའི་དགེ་འདུན་པ་ཞིག་ལས་བཤད་ན་དགོན་པའི་དོ་དམ་སྒྲིག་སྲོལ་ལྟར་ན་གཞུང་བཀའ་པོད་ལང་བློ་ལ་ངེས་ཤིང་གྲྭ་ཚང་དུ་རྒྱ་གཞུང་དག་ལ་སློབ་སྦྱོང་དང་རྗེ་ཙོང་ཁ་བ་ཆེན་པོ་ཡབ་སྲས་ཀྱི་གསུང་འབུམ་ཤོག་ངོས་སྟོང་ཕྲག་བརྒལ་བ་དོན་གཉེར་གྱི་དགེ་བའི་བཤེས་གཉེན་གྱི་གོ་འཕང་མཐོན་པོར་གཤེགས་དགོས་པ་དེ་རེད།

བསླབ་པ་ཐམས་ཅད་སློབ་གཉེར་བྱེད་སྐབས་ཐ་དག་བརྒལ་བརྟག་ལ་བརྟེན་ནས་རིགས་ལམ་གྱིས་ཐག་གཅོད་བྱེད་ཅིང་།དེ་ནི་དགོན་སྡེ་ཆེན་པོ་དག་གི་རིམ་པ་གཉིས་པའི་སློབ་གསོའི་ལམ་ལུགས་རེད། བཤད་ཚུལ་ལ་རིགས་ལམ་རྩོད་ལུགས་ནི་དུས་རབས་༡༢བར་ཕྱྭ་བ་ཆོས་ཀྱི་སེང་གེ་ནས་སྲོད་གཏོད་ཅིང་། རྗེས་སུ་གྲུབ་མཐའ་ཚང་མས་ལག་བསྟར་གནང་བ་རེད། བསྡུས་གྲྭ་འགྲོ་སྟངས་ནི་གཟབ་ནན་གྱིས་སྤེལ་ཞིང་དེ་ནི་དགེ་འདུན་པ་དག་གི་སྔ་རྒོལ་ཕྱི་རྒོལ་གྱི་མཚོན་པའི་རིགས་ལམ་གྱི་རྣོ་མྱུར་ཞིག་རེད། རྩོད་རིགས་ལ་བྱང་བར་རིམ་པའང་མི་འདྲ་བར་ཆེས་མཐོའི་འཛིན་གྲྭ་ལ་སྙེགས་བཞིན་ཡོད། དམིགས་བསལ་གོ་ཐོབ་རེག་པའི་དགེ་འདུན་པ་དག་གིས་དམའ་རིམ་འཛིན་གྲྭ་ལའང་མཉམ་འཛོམས་ཀྱིས་རིགས་ལམ་ལ་སྣེ་ཁྲིད་ཀྱི་གོ་ས་བཟུང་ཡོད།རྩོད་རིགས་ལ་བྱང་བའི་རིག་ལམ་མྱུར་ཞིང་གཞན་དག་ལ་རྩོད་རིགས་འགྲན་རྩོད་ཀྱི་རྣམ་པ་ནི་གནས་ཚུལ་ལ་ཤས་ནས་ལྟོས་ན་ནུབ་གླིང་གི་ལུས་རྩལ་འགྲན་བསྡུར་ཀྱི་ཚད་གཞི་ལས་བརྒལ་བའི་ཉམས་སྣང་སྟེར།

འོན་ཏེ།ངག་སྐྱོར་ལ་བྱང་ཞིང་རྩོད་རིགས་ལ་བྱང་བའི་གྲྭ་བཙུན་དག་ལས་སྐད་གྲགས་འབར་བ་ལས་རྩོམ་ཡིག་འབྲི་བ་སོགས་ལ་དེ་ཙམ་འབྲེལ་བ་མེད། བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ལས་མི་སྣ་གྲགས་ཅན་ཉུང་ཤས་ལ་གསུང་རྩོམ་དཀོན་ཞིང་། འདི་ནི་བསྒུལ་ཤུགས་ཞི་མིན་པ་གསལ་པོར་ཤེས། ཁོང་ཚོའི་མཚན་རྟགས་འགོད་པ་སོགས་ནི་དགེ་ཕྲུག་སོགས་ཀྱི་བསྐུལ་མ་ལས་བྲིས་པ་མ་གཏོགས་ཆེད་དུ་ལྟ་བ་སྤེལ་བ་མེད། དེ་བས་བརྩམས་ཆོས་གྲགས་ཅན་དག་ནི་གྲུབ་མཐའ་སོ་སོའི་ལྟ་གྲུབ་སྐོར་ལ་མི་མཐུན་པའི་ཡིག་འཇོག་མཛད་པ་ལྟ་བུ་རེད།

དགེ་འདུན་ཆོས་འཕེལ་ལགས་ཀྱི་ལྟ་རྒྱ་ཆེ་ཞིང་ལ་ཤས་ནི་རྒྱུན་ལྡན་གྱི་ཁོར་ཡུག་དང་མི་མཚམས་པ་དག་ལའང་བལྟ་ཀློག་བྱས། བོད་ལྗོངས་ཀྱི་དགོན་པ་རུ་དགེ་མཚན་ཤིན་ཏུ་ཆེ་བའི་བལྟ་ཀློག་ཞིག་ནི་རྒྱལ་བའི་བཀའ་འགྱུར་བལྟ་ཀློག་བྱེད་པ་དེ་རེད། དེ་ལ་པོད་ཆེན་༡༠༨ཡོད་པ་དང་དེ་ནི་གྲྭ་བཙུན་མང་པོས་བལྟ་ཀློག་བྱེད་ས་རེད། དེ་ལ་ཡིག་འབྲུ་རེ་རེའི་ཀློག་དགོས་ཤིང་དགེ་འདུན་ཆོས་འཕེལ་ལགས་ནས་ཁོང་ལ་གནང་བའི་ཤོག་ལྷེ་རེ་རེའི་བཞིན་ནན་མོས་ཀློག་ཀྱིན་ཡོད།
 དགེ་འདུན་ཆོས་འཕེལ་ལགས་ངྷི་ཚ་དང་བླ་བྲང་དུ་སྡོད་སྐབས་ཁོང་ཉིད་རྩོད་རིགས་ལ་མཁས་པའི་སྙན་གྲགས་འབར་ཞིང་།དེ་ལས་ཤེས་པ་ནི་རིགས་ལམ་འདི་བརྟེན་ནས་སྔ་ཕྱི་རྒོལ་གྱི་མཁྱེན་རྟོགས་ཚད་འཇལ་བྱེད་ཐུབ་པ་རེད། དགེ་འདུན་ཆོས་འཕེལ་ལགས་ནས་ནང་ཆོས་ལས་བརྒལ་པའི་ལྟ་ལོག་མི་སྟེགས་ཀྱི་གྲུབ་མཐའ་བཟུང་ཞིང་ཤིང་སྡོང་ལ་སེམས་ཡོད་པ་སོགས་ཀྱི་དམ་བཅའ་བཟུང་མྱོང་། བླ་བྲང་དུ་སྡོད་སྐབས་ཨ་རིའ་ཆོས་སྤེལ་མཁན་གེ་ལེ་པེ་ལེ་(Marion Griebenow)གི་ཁྱིམ་ཚང་དང་སྡེབ་ཏེ་དབྱིན་ཇི་་སྦྱངས་བ་རེད།དེ་རུ་ད་རུང་རླངས་འཁོར་མ་ལག་དང་གནམ་གྲུའི་ཤེས་བྱ་དང་། དེང་རབས་ཚན་རིག་གི་ཡ་མཚར་སྣང་བ་འགྱུ་བ་དང་རྗེས་སུ་ཁོང་ལྗོངས་རྒྱུ་ཟིན་ཐོ་ལས་ཞིབ་ཕྲ་གསུངས་འདུག