ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཚན་རྩལ། > གསར་ཤོས།

ནས་ཀྱི་འབྱུང་ཁུངས་དང་ནས་ཇི་ལྟར་བོད་དུ་དར་བའི་སྐོར་གྱི་ཚན་ཞིབ་གསར་ཤོས།

སྤེལ་དུས 2018-12-29 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། “སོས་ཀ་སྔ་མོའི་གྲང་ངར་ཁྲོད་ནས་རྐང་ཚུགས་ཤིང་། དབྱར་ཚ་བ་ཆེ་བའི་དུས་ཀྱི་ཟླ་བའི་འོད་མདངས་ལས་སྙེ་མ་སྦྲུམ་པ་དང་། གསེར་མདོག་གི་སྟོན་ཁའི་མཁའ་དབྱིངས་འོག་འབྲས་བུ་སྨིན་པའི་ནས་ཀྱི་ཚ་རབས་བུ་རྒྱུད་རྣམ་ནི་མཐོ་སྒང་གི་རི་ཁུག་ཏུ་ལངས་ཏེ་ཆང་རྩི་ལྟ་བུའི་སྟོན་རླུང་གིས་ཡང་ནས་ཡང་དུ་བཟི་བར་བཅུག”
          མཚོ་བོད་ས་མཐོར་སྐྱེས་པའི་ནས་ནི་བོད་རིགས་སྤུན་ཟླ་རྣམས་ཀྱི་འབྲུ་རིགས་ཀྱི་ཡོང་ཁུངས་གཙོ་བོ་ཡིན་ཞིང་།  ཚན་རིག་མཁས་ཅན་རྣམས་ཀྱིས་ནས་ཀྱི་ཞིབ་འཇུག་གི་མཚམས་གཏན་ནས་བཞག་མ་མྱོང་།


          ཉེ་ལམ། ཧྭ་ཏ་གཞི་རྒྱུ་དང་བོད་ལྗོངས་ཞིང་འབྲོག་ཚན་རིག་ཁང་གིས་མཉམ་འབྲེལ་གྱིས་ནས་ཀྱི་འབྱུང་ཁུངས་དང་འཕོ་འགྱུར་གྱི་རྩོམ་ཡིག་ཅིག་ལེགས་འགྲུབ་བྱུང་ཞིང་། ཞིབ་འཇུག་འདི་རྒྱུད་འཛིན་རིག་པའི་དབྱེ་ཞིབ་ཀྱི་ཐབས་ཤེས་བརྒྱུད་དེ་ནས་ཀྱི་འབྱུང་ཁུངས་དང་འཕོ་འགྱུར་གྱི་གནད་དོན་གཏན་ཁེལ་བྱས་ཏེ་བོད་ལྗོངས་སུ་ནས་དར་བའི་ལམ་ཐིག་གསལ་ཐག་ཆོད། གྲུབ་འབྲས་འདི་རྒྱལ་སྤྱིའི་དུས་དེབ་གྲགས་ཅནNature Ccommunicationsསྟེང་སྤེལ་ཡོད། 
  རི་མོ་འདི་ནི་སོ་བ་དང་། གྲོ།  ཡུག་པོ།  གྲོ་ནག་བཅས་རེད། 
          གྲོ་རིགས་ཀྱི་ལོ་ཏོག་དང་ཧ་ཅང་འདྲ་བས་དབྱེ་བ་འབྱེད་དཀའ་འམ། 
          ནས་གླེང་ཚེ་ཁྱོད་ཀྱིས་མཚོ་བོད་ས་མཐོའི་ཞིང་ཁུལ་གྱི་ལྗང་མྱུག་གྲུ་བཞི་རེ་དྲན་འོང་བ་དང་། བོད་རིགས་མང་ཚོགས་ཀྱིས་དགའ་མོས་བྱེད་པའི་རྩམ་པ་དྲན་འོང་ཡང་སྲིད།  ཡང་ན་དྲི་ཞིམ་འཐུལ་བའི་ནས་ཆང་གི་བྲོ་བའི་དྲན་ཡང་སློང་སྲིད།
          འོན་ཀྱང་ཁྱོད་ཀྱིས་ནས་ནི་སོ་བའི་རིགས་ཤིག་ཡིན་པ་ཤེས་མི་སྲིད་དེ། གཙོ་བོ་བོད་ལྗོངས་དང་། མཚོ་སྔོན། སི་ཁྲོན། ཡུན་ནན་སོགས་ཀྱི་ས་ཁུལ་དུ་འདེབས་འཛུགས་བྱེད་ཅིང་། མཚོ་བོད་ས་མཐོར་འདེབས་འཛུགས་གཙོ་བོ་བྱེད་པར་ལོ་ངོ3500ལྷག་གི་ལོ་རྒྱུས་ལྡན།

 རི་མོ་འདི་ནི་ནས་ཞིང་རེད།
          ནས་ནི་བོད་རང་ས་ནས་ཐོན་པ་ཡིན་ནམ། ཡང་ན་ཨེ་ཤ་ཡ་ནུབ་མ་ནས་ཡོང་བ་ཡིན་ནམ།
          རྒྱལ་ཁབ་ཕྱི་ནང་ཀུན་ཏུ་སྔ་མོ་ནས་ནས་ཀྱི་འབྱུང་ཁུངས་དང་འདུལ་བའི་སྐོར་ལ་རྩོད་གཞི་ཡོད་ཅིང་། མིག་སྔར་གཙོ་བོ་ལྟ་ཚུལ་རིགས་གཉིས་ཡོད་དེ།  གཅིག་ནི་ནས་ནི་བོད་རང་སའི་རི་སྐྱེས་སོ་བ་སྟེ་རྩེ་དྲུག་རི་སྐྱེས་སོ་བ་ལས་རིམ་འགྱུར་བྱུང་བ་དང་།  ཅིག་ཤོས་ཀྱིས་ནས་ནི་ཨེ་ཤ་ཡ་ནུབ་མའི་ཞིན་ཡོལ་འོ་ཏིས་ཀྱི་སོ་བ་ལས་བྱུང་བར་འདོད།
          ཨེ་ཤ་ཡ་ནུབ་མ་ལས་ཐོན་པའི་ནས་ནི་ཇི་ལྟར་བོད་ལྗོངས་སུ་དར་བ་ཡིན་ནམ།
          ཨེ་ཤ་ཡ་ནུབ་མའི་ཞིན་ཡོལ་འོ་ཏིས་ཀྱིས་བཏུལ་བའི་གྲོ་དང་སོ་བ་ནི་ཇི་ལྟར་ཨེ་ཤ་ཡ་ཤར་མར་དར་བའི་སྐོར་ལ་ད་ལྟའི་བར་དུ་བཤད་ཚུལ་མི་འདྲ་བ་མང་པོ་ཡོད་ཅིང་། དེ་ལས་བཤད་ཚུལ་གཅིག་ནི། ཨེ་ཤ་ཡ་ནང་མའི་རི་སའི་བར་ཁྱམས་བརྒྱུད་དེ་མཚོ་བོད་ས་མཐོའི་བྱང་ཕྱོགས་བསྐོར་ནས་ཀྲུང་གོའི་བྱང་ཕྱོགས་དང་ཤར་ཕྱོགས་སུ་དར་བ་དང་།དེའི་ཁྲོད་ཀྱི་གཅིག་དེ་ས་སེར་མཐོ་སྒང་གི་ལྷོ་ཕྱོགས་སུ་དར་ཞིང་། ལོ་ངོ4000སྔོན་དུ་མཚོ་བོད་ས་མཐོའི་བྱང་ཤར་དང་ལྷོ་ཤར་ཕྱོགས་སུ་སླེབས་པ་རེད།  བཤད་ཚུལ་འདིར་གནའ་རྫས་མང་པོ་ཞིག་གིས་རྒྱབ་སྐྱོར་བྱེད་པའི་བདེན་དཔང་ཡོད།
          བཤད་ཚུལ་གཞན་དེ་ནི་སོ་བ་ནི་མཚོ་བོད་ས་མཐོའི་ལྷོ་ཕྱོགས་ཀྱི་མཐའ་ཁུལ་བརྒྱུད་ནས་ཤར་ཕྱོགས་སུ་སྤེལ་བ་རེད།  བཤད་ཚུལ་འདིར་གནའ་རྫས་རིག་པའི་ཆ་འཕྲིན་ཉུང་ཤས་ཀྱིས་རྒྱབ་སྐྱོར་ཐོབ་པ་རེད།
          བོད་ལྗོངས་སུ་ནས་དར་བའི་ལམ་ཐིག་ཁ་གསལ་གྱི་ཞིབ་འཇུག་གྲུབ་འབྲས་གསར་ཤོས།
          ནས་ཀྱི་འབྱུང་ཁུངས་དང་རིམ་འགྱུར་གཏན་ཁེལ་བྱ་བར་རྒྱུད་འཛིན་རིག་པའི་དབྱེ་ཞིབ་ཀྱི་ཐབས་ཤེས་བེད་སྤྱོད་དགོས། 
          ལོ་བཞིའི་སྔོན་དུ། ཧྭ་ཏ་གཞི་རྒྱུ་དང་བོད་ལྗོངས་ཞིང་འབྲོག་ཚན་རིག་ཁང་སོགས་ལས་ཁུངས་ཀྱིས་ཞིབ་འཇུག་འདིར་མཉམ་འབྲེལ་བྱེད་མགོ་ཚུགས་ཤིང་། བོད་ལྗོངས་དང་ཁྱིམ་མཚེས་ས་ཁུལ་ཏེ། མཚོ་སྔོན་དང་། ཡུན་ནན་ས་ཁུལ་ནས་དེང་གི་བོད་ལྗོངས་ཀྱི་སོ་བའི་རྒྱུད་འཛིན་སྣ་མང་རང་བཞིན་གྱི་ཚབ་ཐུབ་པའི་ས་ཁུལ་གྱི་ནས་རིགས69ལྷག་དང་། ནས་གསོ་སྤེལ་རིགས35དང་། བོད་ལྗོངས་ཀྱི་རི་སྐྱེས་ཕྱེད་མའི་སོ་བ10ལྷག་ལ་གཞི་རྒྱུའི་ཡོངས་ཀྱི་སྡེབ་སྦྱོར་ཚད་ལེན་བྱས(སྟེགས་བུའི་ཚད་ལེན་གྱི་ཟབ་ཚད~9.6×)ཤིང་།  འགྲེམས་སྤེལ་བྱས་ཟིན་པའི་གོ་ལ་ཧྲིལ་བོའི་རི་སྐྱེས་དང་ས་གནས་རིགས་ཀྱི་ཕྱི་མངོན་ཚད་ལེན་གཞི་གྲངས260ལྷག་དང་འབྲེལ་ཏེ་སོ་བའི་རྒྱུ་ཆ437དང་མཉམ་དུ་ཚད་ལེན་དང་། གཤིབ་བསྡུར། དབྱེ་ཞིབ་བྱས་པ་རེད།
          མཇུག་མཐར་ཞིབ་འཇུག་བྱས་པ་བརྒྱུད། ནས་ནི་ཞིན་ཡོལ་ཏིའི་སོ་བ་ལས་བྱུང་བ་དང་།  ད་ལྟའི་བར་གྱི་ལོ་ངོ4500ནས3500ཡར་སྔོན་དུ་པ་ཀི་སི་ཐན་གྱི་བྱང་ཕྱོགས་དང་། རྒྱ་གར་དང་བལ་བོ་བརྒྱུད་དེ་བོད་ལྗོངས་ལྷོ་ཕྱོགས་སུ་དར་བ་རིགས་འདེད་བྱས་པ་རེད།
          དུས་མཚུངས་སུ་ནས་ཀྱི་ཧ་ཅང་དམའ་བའི་རྒྱུད་འཛིན་སྣ་མང་རང་བཞིན་གྱིས་ནས་དེ་བོད་ལྗོངས་སུ་དར་རྗེས། རིགས་ཀྱི་གཞི་རྒྱ་ཧ་ཅང་ཆུང་ཞིང་། ད་ལྟར་ང་ཚོས་མཐོང་ཐུབ་པའི་ནས་ཚང་མ་ནི་ས་མཐོའི་ཁོར་ཡུག་དང་འཚམ་པའི་རྗེས་རབས་པ་ཡིན་པ་གསལ་བཤད་བྱས།
          ཞིབ་འཇུག་གི་གྲུབ་འབྲས་འདིར་དོན་སྙིང་ཅི་ཞིག་ལྡན་ནམ།
          ཧྭ་ཏ་གཞི་རྒྱུའི་རྣམ་གྲངས་འགན་འཁུར་བ་ཀའོ་ཡུས་པའོ་ཡིས་བསྟན་དོན།  གྲོ་རིགས་ཀྱི་རིགས་གལ་ཆེན་ཞིག་ཡིན་པའི་ཆ་ནས། ནས་ཀྱི་འབྱུང་ཁུངས་དང་རིམ་འགྱུར་གྱི་ཞིབ་འཇུག་འདིས་ང་ཚོར་ནས་ཀྱི་ལོ་ཏོག་འདིར་རྒྱུས་ལོན་བྱ་བར་རོགས་རམ་བྱེད་ཆོག་པར་མ་ཟད། ང་ཚོར“གྲོ་རིགས་ཁྱིམ་རྒྱུད”ཀྱི་འཕེལ་རིམ་གྱི་ལོ་རྒྱུས་ལ་རྒྱུས་ལོན་གཏིང་ཟབ་བྱེད་དུ་བཅུག་ཅེས་བཤད།
          བོད་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་གླིང་གཙོ་ཉི་མ་བཀྲ་ཤིས་ཀྱིས་གསར་འགོད་པར་བཤད་རྒྱུར། ཐེངས་འདིའི་ཞིབ་འཇུག་གི་གྲུབ་འབྲས་འདིས་ནས་ཀྱི“མེས་པོ”སོ་བའི་ཡོང་ཁུངས་དང་རིམ་འགྱུར་གྱི་བརྒྱུད་རིམ་དང་ཐབས་ལམ་གསལ་བོར་བསྟན་ཡོད་ཅིང་། ཞིབ་འཇུག་གིས་མཚོ་བོད་ས་མཐོའི་ནས་ལ་རྣམ་པ་ཐུན་མོང་མ་ཡིན་པ་ལྡན་པ་དང་། ལྷག་པར་དུ་ཟས་སྤྱོད་ནས་རིགས་ལ་ཐུན་མིན་གྱི་དབྱིབས་ལྡན་ཞིང་།  ལས་སྣོན་བྱས་རྗེས་ཀྱི་རྩམ་པ་དང་སྲོལ་རྒྱུན་གྱི་ནས་ཆང་ལ་གསར་གཏོད་ཀྱི་བློ་གྲོས་ལྡན་པ་དང་། དེ་ནི་འཇིག་རྟེན་དུ་མཐོང་དཀོན་པ་ཡིན།
          ཉི་མ་བཀྲ་ཤིས་ཀྱིས་བཤད་རྒྱུར། “ང་ཚོས་མཚོ་བོད་ས་མཐོའི་མེས་པོ་རྣམས་ཀྱིས་ནས་དེ་ཟས་གཙོ་བོར་བདམས་པའི་བློ་གྲོས་དང་ཤེས་རིགས་ལ་ཕྱོགས་སྡོམ་བྱེད་བཞིན་ཡོད་པར་མ་ཟད། དེ་སྙན་ཞུ་གྲུབ་པ་སྟེ། གཅིག་ནི་ནས་དེ་གཙོ་ཟས་བྱས་པ་ནི་ས་མཐོའི་འོས་འཚམ་ལམ་ལུགས་ཡིན་པ་དང་། གཉིས་ནས་སོ་བ་དེ་ནས་སུ་བཏུལ་ཏེ་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་ཟས་སྤྱོད་གཤིས་རྒྱུར་གྲུབ་པའི་མེས་པོའི་བློ་གྲོས་ཡིན་པ་རེད། གསུམ་ནི་བློ་གྲོས་ཀྱིས་ཁེངས་པའི་ལས་སྣོན་བཟོ་རྩལ་དང་ཟས་སྤྱོད་ཐབས་ཤེས་རེད”ཅེས་བཤད།