ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > བླ་སྤྲུལ།

ཀུན་མཁྱེན་སྐུ་ཕྲེང་གསུམ་པའི་རྣམ་ཐར་མདོར་བསྡུས་བཞུགས་སོ།།

སྤེལ་དུས 2018-02-27 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། མི་གསལ།
           ༄༅།།ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་གསུམ་པ་བློ་བཟང་འཇིགས་མེད་ཐུབ་བསྟན་རྒྱ་མཚོ་མཆོག་གི་རྣམ་ཐར་མདོར་བསྡུས་བཞུགས་སོ།།
           ༄༅།།རྗེ་འདི་ཉིད་ནི་རེབ་གོང་གསེར་མོ་ལྗོངས་སུ་གཉན་ཐོག་འབྲོག་ཞེས་བྱ་བའི་ཡུལ་དུ་གཉན་ཐོག་དཔོན་པྰ་ཙོང་དུ་གྲགས་པའི་དཔོན་རབས་ཀྱི་རིགས་ཡབ་ཀླུ་འབུམ་རིན་ཆེན་རྒྱ་མཚོ་དང་ཡུམ་ཤ་སྦྲང་མཁར་མོ་སྐྱིད་ཅེས་བྱ་བའི་སྲས་སུ་ཆན་ལུང་ཁྲི་ལོ་ང་བདུན་པ་རབ་འདོད་ཆུ་བྱི་༡༧༩༢ལོའི་ཧོར་ཟླ་བརྒྱད་པའི་ཡར་ཚེས་སུ་སྐུ་བལྟམས།རྒྱལ་དབང་ཡབ་སྲས་ཟུང་དང་།གོང་མ་ཅ་ཆིང་།ཐུའུ་བཀྭན་ཆོས་ཀྱི་ཉི་མ་སོགས་ཀྱིས་ཐུགས་ཁུར་ཆེ་བཞེས་མཛད་དེ་ལྷ་སར་ཇོ་བོ་ཤྰཀྱ་མུ་ནི་སོགས་རྟེན་གཙོ་ཁག་གི་སྤྱན་སྔར་མཚན་བྱང་དཀྲུགས་པར་འདི་ཉིད་ལ་འཁྲུལ་མེད་ངེས་རྙེད་བྱུང་སྟེ་ས་རྟ་༡༧༩༨ལོའི་ཧོར་ཟླ་དང་བོའི་ཚེས་བཅུའི་ཉིན་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གསེར་ཁྲིར་མངའ་གསོལ།དགུང་ལོ་བཅུ་གསུམ་པར་འཇམ་དབྱངས་བླ་མ་དཀོན་མཆོག་བསྟན་པའི་སྒྲོན་མེའི་ཞལ་སྔ་ནས་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས།དགུང་ལོ་བཅུ་དྲུག་པར་ཐུའུ་བཀྭན་བླ་བྲང་ནས་གདན་ཞུ་ཕུལ་བ་ལྟར་དགོན་ལུང་དུ་ཕྱག་ཕེབས་ཏེ་གནས་དེར་བཞུགས་རིང་གཞིས་བྱེས་སེར་སྐྱ་གྲངས་མེད་པར་ཆོས་སྦྱིན་སོགས་ཀྱི་རེ་བ་བསྐངས།དགུང་ལོ་བཅོ་བརྒྱད་པ་ས་སྦྲུལ་ཧོར་ཟླ་ལྔ་བའི་ཡར་ཚེས་ལ་དབུས་ཕྱོགས་སུ་ཆིབས་བསྒྱུར་མཛད་དེ་ཧོར་ཟླ་བརྒྱད་པའི་ཚེས་ལ་ལྷ་སར་ཕྱག་ཕེབས།ཇོ་ཤྰཀ་རྣམ་གཉིས་སོགས་རྟེན་གཙོ་ཁག་ལ་མཆོད་འབུལ་དང་རྒྱལ་དབང་ཡབ་སྲས་ཟུང་ལ་འབྱོར་ཕྱག་ཐོག་དངོས་འབུལ་རྒྱ་ཆེ་བསྟར་བས་མཚོན་སྐྱེས་ཆེན་དམ་པ་རྣམས་ལ་དངོས་འབུལ་གྱི་མཆོད་སྤྲིན་སྤྲོས།ཧོར་ཟླ་བཅུ་བའི་ནང་གདན་ས་ཆེན་པོ་གསུམ་སོགས་དགེ་འདུན་གྱི་སྡེ་རྣམས་སུ་མང་འགྱེད་དང་ཐུགས་སྨོན་གྱི་མཚམས་སྦྱོར་མཛད།འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཆོས་བཞུགས་གནང་ནས་ཀླུ་འབུམ་ངག་དབང་ཚུལ་ཁྲིམས་དང་སྒོ་མེ་བློ་བཟང་ཆོས་འཛིན་གཉིས་ཡོངས་འཛིན་དུ་བསྟེན་ཏེ་སློབ་གཉེར་དཔྱིས་ཕྱིན་པར་མཛད།
           ཆུ་སྦྲུལ༡༨༡༢ལོར་གཙང་དུ་ཕེབས་ནས་པཎ་ཆེན་ཐམས་ཅད་མཁྱེན་གཟིགས་མཆོག་གི་སྤྱན་སྔ་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས།སྐྱབས་མགོན་རྒྱལ་བའི་དབང་བོའི་སྤྱན་སྔར་ཆོས་བཀའ་ཅི་རིགས་གསན་ཅིང་།རྒྱལ་དབང་མཆོག་ནས་དབུ་གདུགས་རྟ་དར་འབོབ་ལྕགས་སོགས་མཁན་ཆས་ཀྱི་གཟེངས་བསྟོད་དཔེ་ཟླ་མེད་པ་མཛད།དགུང་ལོ་ཉེར་གཉིས་པ་ཆུ་བྱ་༡༨༡༣ལོའི་ཧོར་ཟླ་ལྔ་བའི་ཚེས་༡༣ཉིན་མདོ་སྨད་དུ་ཕེབས་རྡོག་ཐོན་ཏེ་ཧོར་ཟླ་དགུ་བའི་ཡར་ཚེས་ལ་གདན་ས་ཆེན་པོར་ཕྱག་ཕེབས།དེ་ནས་རིམ་གྱིས་གསེར་དགོན།ཆུ་བཟང་།དགོན་ལུང་།སྐུ་འབུམ།བྱ་ཁྱུང་སོ་སོ་ནས་གདན་ཞུ་ཕུལ་བ་ལྟར་ཕེབས་ཏེ་ལམ་རིམ་དང་དྲང་ངེས་ཀྱི་བཤད་པ་སོགས་ཆོས་ཀྱི་བདུད་རྩི་རྒྱ་ཆེར་བསྩལ།དགུང་ལོ་རེ་བཞི་བ་ཤིང་ཡོས་༡༨༥༥ལོར་གུང་ཐང་རིན་པོ་ཆེ་ཚོགས་ཆེན་ཁྲིར་བསྐོ་གཞག་དང་།ཧོར་གཙང་ཁྲི་ཆེན་ལ་རྒྱབ་ཚབ་མཛད་དགོས་དང་བླ་བྲང་དུ་སྤོར་དགོས་ཀྱི་བཀའ་ནན་སྩལ་ཏེ་ཧོར་ཟླ་དགུ་བའི་ཚེས་༦གི་སྔ་དྲོ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུ་བར་མཛད་དོ།