ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > བླ་སྤྲུལ།

སེ་རའི་མཁན་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་མདོར་བསྡུས།

སྤེལ་དུས 2018-03-08 ཡོང་ཁུངས། དགེ་ལུགས་པའི་དྲ་བ། རྩོམ་པ་པོ། རྔོག་ཕྲུག་ཕུན་ཚོགས།
            སེ་རའི་མཁན་ཆེན་སྐུ་ཕྲེང་དང་བོ། མཁན་ཆེན་གྲགས་པ་བརྩོན་འགྲུས་ནི། མདོ་སྨད་ཀྱི་སའི་ཆར་རབ་བྱུང་བཅུ་གསུམ་པའི་མེ་ཡོས་སྤྱི་ལོ༼   1747  ༽ ལོར་སྐུ་འཁྲུངས། ཆུང་དུས་ནས་མདོ་སྨད་བསྟན་པའི་འབྱུང་གནས་བྱ་ཁྱུང་ཐེག་ཆེན་ཡོད་ཏན་དར་རྒྱས་གླིང་དུ་རབ་ཏུ་བྱུང་། དགུང་ལོ་བཅུ་དྲུག་ཐོག་དབུས་སུ་ཕེབས་ནས་དཔལ་ལྡན་སེ་ར་ཐེག་ཆེན་གླིང་གི་བྱེས་པ་གྲྭ་ཚང་དུ་ཚོགས་ཞུགས་གནང་། ཁྲི་ཆེན་ངག་དབང་ཆོས་གྲགས་དང་ཀློང་རྡོལ་བླ་མ་ངག་དབང་བློ་བཟང་སོགས་ཡོངས་འཛིན་མཁས་པ་མང་བོ་བསྟེན་ཏེ་སེར་བྱེས་རྗེ་བཙུན་ཡིག་ཆ་ཕལ་ཆེར་ཐུགས་འཛིན་མཛད་ཅིང་། རྒྱ་བོད་མཁས་གྲུབ་མང་བོའི་གཞུང་གུང་བསྒྲིགས་ནས་གཟིགས་རྟོག་ཞིབ་ཏུ་མཛད་པས་མཁས་དགུའི་རྩེར་སོན་ཏེ། ལྷ་ལྡན་སྨོན་ལམ་ཆེན་མོར་རིགས་སྨྲ་ཁྲི་ཕྲག་གདན་འཛོམས་པའི་དབུས་སུ་བཀའ་པོད་ལྔའི་གྲྭ་སྐོར་མཛད་ཅིང་ལྷ་རམས་པའི་དམ་བཅའ་བཞག་པས་སྐུ་ཡོན་གྱི་ཆ་ལ་འགྲན་ཟླ་དང་བྲལ་བའི་མཁས་པའི་གོ་འཕང་མཐོན་པོར་གཤེགས་པའི་ཚུལ་སོགས༧རྒྱལ་དབང་བཅུ་གསུམ་པས་མཛད་པའི༼   ཡོངས་འཛིན་ཕུར་ལྕོག་བྱམས་པ་རྒྱ་མཚོའི་རྣམ་ཐར  ༽  དུ་གསལ། རྒྱུད་སྨད་ཆེན་མོར་གསང་ཆེན་རྡོ་རྗེ་ཐེག་པའི་གཞུང་ལ་སྦྱངས་པ་གནང་ནས་མཁས་པའི་སྙན་པ་རྒྱས་པའི་རྒྱུད་སྨན་གྱི་མཁན་པོར་བཞུགས། ཡོངས་འཛིན་ཕུར་ལྕོག་བློ་བཟང་ཚུལ་ཁྲིམས་བྱམས་པ་རྒྱ་མཚོ་མཆོག་དམ་པ་འདི་ཉིད་ཀྱི་མཛད་སྤྱོད་ཀྱིས་ཐུགས་ཡིད་རབ་ཏུ་ཕྲོགས་ཏེ་ཡོངས་འཛིན་དུ་བསྟེན་ནས་འདི་བའི་དྲུང་དུ་གཞུང་ཆེན་ལ་གསན་སྦྱོང་མཛད། ཁོང་གིས་སྐུ་ཚེ་སྨད་ཀྱི་ཆར་དབེན་པར་ཐོས་དོན་རྒྱུད་ལ་སྦྱོར་བའི་ཉམས་བཞེས་ལ་གཞོལ་བའི་སྐབས་ཤིག་ལ། ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པ་ལ་མཁས་པ་སྐོར་ཞིག་ལྷ་སར་སླེབས་ཏེ་གདན་ས་གསུམ་གྱི་དགེ་བཤེས་མང་བོ་མཛད་དཀར་གཏད་པའི་སྐབས། རྗེ་འདི་ཉིད་རི་ཁྲོད་ནས་ལྷ་སར་བྱོན་ཏེ་བརྩད་པས་རྒོལ་ངན་ཝ་སྐྱེས་དེ་ཉིད་ཟིལ་གྱིས་མནན་ཏེ་ཚར་བཅད། ཁོང་གིས་རྒྱ་གར་གྱི་སྲོལ་ལྟར་མཁས་པ་མང་བོའི་གདིང་བ་འཕྲོག་པའང་རེ་རེ་བཞིན་ཚུར་བླངས་ཏེ་ས་རྗེན་པར་འཁོད་དུ་བཅུག  མཐར་རབ་བྱུང་བཅུ་བཞི་བའི་ཤིང་མོ་སྦྲུལ་༼   1845  ༽  ལོ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའོ།།
            སྐུ་ཕྲེང་གཉིས་པ་རྗེ་དགེ་འདུན་ཆོས་འབྱོར་རྒྱ་མཚོ་ནི། རབ་བྱུང་བཅུ་བཞི་བའི་མེ་རྟ་སྤྱི་ལོ༼   1846  ༽  ལོར་མདོ་སྨད་བྱ་ཁྱུང་དགོན་གྱི་ཉེ་འདབས་ས་རལ་གྲོང་དུ་སྐུ་འཁྲུངས། དགུང་ལོ་བདུན་གྱི་སྟེང་ཡོངས་འཛིན་ཕུར་ལྕོག་བྱམས་པ་རིན་པོ་ཆེས་ཁོང་གི་ཡོངས་འཛིན་མཁན་ཆེན་གྲགས་པ་བརྩོན་འགྲུས་ཀྱི་ཡང་སྤྲུལ་དུ་ངོས་འཛིན་གནང་སྟེ་མཆོག་སྤྲུལ་རིན་པོ་ཆེ་དབུས་ལམ་དུ་ཞུགས། དགུང་ལོ་བརྒྱད་པའི་སྟེང་ཡོངས་འཛིན་ཕུར་ལྕོག་བྱམས་པ་རིན་པོ་ཆེའི་སྐུ་མདུན་ནས་རབ་ཏུ་བྱུང་སྟེ་སེ་ར་ཐེག་ཆེན་གླིང་གི་ཆོས་སྒོར་ཞུགས། ཡོངས་འཛིན་ཕུར་ལྕོག་བྱམས་པ་རིན་པོ་ཆེ་སོགས་མཁས་གྲུབ་གཉིས་ལྡན་གྱི་ཡོངས་འཛིན་མང་དུ་བསྟེན་ཏེ། གཞུང་ཆེན་བཀའ་པོད་ལྔ་ལ་གསན་སྦྱངས་གནང་། མཁས་མང་འདུས་པ་རྒྱ་མཚོའི་དབུས་སུ་གཞུང་ཆེན་ལྔའི་གྲྭ་སྐོར་མཛད་དེ་ལྷ་རམས་པའི་མཚན་བཏགས་བཞེས། ཕྱིས་སུ་བྱ་ཁྱུང་དུ་བྱོན་ཏེ་བཤད་སྒྲུབ་ཀྱི་འཆད་ཉན་སྐྱོང་བཞིན་བགྲང་བྱ་བཅོ་ལྔ་ཡས་མས་སུ་བཞུགས་ཏེ་བྱ་ཁྱུང་ཁྲི་རབས་གོ་གཅིག་པའི་མཁན་ཁྲི་བསྐྱངས། རབ་བྱུང་བཅོ་ལྔའི་ཤིང་རྟག་སྟེ་སྤྱི་ལོ༼   1894  ༽  ལོར་ཆབ་འགག་ཡུལ་གྱི་དད་ལྡན་མང་བོས་ནན་གྱིས་གསོལ་བ་བཏབ་པ་བཞིན་བསུ་བའི་བཀོད་པ་རྒྱ་ཆེན་པོས་བསུས་ནས་ཕྱོགས་འདི་གར་ཞབས་སོར་བཀོད་དེ་ཆབ་ཆ་དགོན་གསར་བཀྲ་ཤིས་ཐེག་མཆོག་གླིང་ཕྱག་འདེབས་མཛད། སྤྱི་ལོ༼   1903   ༽ ལོར་དགོན་གསར་བཀྲ་ཤིས་ཐེག་མཆོག་གླིང་གི་འདུ་ཁང་ཆེན་མོ་ལེགས་པར་གྲུབ་པས་རབ་གནས་མཛད། སྤྱི་ལོ༼   1907  ༽  ལོའི་ས་ག་ཟླ་བའི་ཚེས་བཅུ་དྲུག་ཉིན་སྐྱ་སེར་ཕོ་མོ་སྟོང་ཕྲག་འདུས་པ་ལ་མཉམ་མེད་ཚོང་ཁ་བ་ཆེན་པོའི་བྱང་ཆུབ་ལམ་རིམ་ཆེན་མོའི་ཁྲིད་རྒྱུན་ཟླ་གསུམ་གྱི་ཡུན་དུ་རྒྱས་པར་བསྩལ་པ་སོགས་ལོ་རེ་བཞིན་སྐྱ་སེར་སྟོང་ཕྲག་མང་བོར་ཆོས་ཀྱི་བདུད་རྩི་ཆད་མེད་དུ་བསྩལ། མཐར་རབ་བྱུང་བཅོ་ལྔའི་མེ་རྟ་སྟེ་སྤྱི་ལོ་༼   1918  ༽  ལོའི་ས་ག་ཟླ་བའི་ཚེས་ཉེར་གཉིས་ཉིན་གཟུགས་སྐུའི་བཀོད་པ་བསྡུས་ཏེ་སེང་གེ་འགྱིང་སྟབས་ཀྱིས་མྱ་ངན་ལས་འདས་སོ།། སྐུ་གདུང་རིན་པོ་ཆེ་ཉིན་རེ་བཞིན་ཇེ་ཆུང་ཇེ་ཆུང་དུ་གྱུར་ཏེ་འཇའ་ལུས་ཉེ་བ་ན་སློབ་བུ་ཡོངས་ཀྱིས་གདུང་བ་དྲག་པོས་གསོལ་ཅིང་ཡང་ཡང་བཤུམ་པས། བྱིས་པ་ལོ་ལྔའི་ཚོད་ཙམ་དུ་གྱུར་ཏེ་ཉིན་དྲུག་ལ་ཐུགས་དམ་ངང་ལ་བཞུགས། ཉིན་བདུན་པར་ཐུགས་དམ་གྲོལ་རྗེས་སྐུ་གདུང་ཞུན་པར་སྦྱར་བའོ།།
            སྐུ་ཕྲེང་གསུམ་པ་རྗེ་བཙུམ་འཇམ་དབྱངས་འཇིགས་མེད་ཐུབ་བསྟན་ཆོས་འབྱོར་རྒྱ་མཚོ་མཆོག་ནི། མདོ་སྨད་བྱང་རྒྱུད་ཀྱི་སྒོ་མེ་གཡས་རུ་བྱ་བར། རབ་བྱུང་བཅོ་ལྔའི་ས་ལུག་སྟེ་སྤྱི་ལོ༼   1919  ༽  ལོར་ཡབ་སྐལ་བཟང་འབུམ་དང་ཡུམ་དུང་མཚོ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བཞིའི་སྟེང་གོང་ས་བཅུ་གསུམ་པ་མཆོག་གིས་ཡོངས་འཛིན་ཕུར་ལྕོག་རིན་པོ་ཆེའི་ཡོངས་འཛིན་གྱི་ཡང་སྲིད་འཁྲུལ་མེད་དུ་ངོས་འཛིན་གནང་། དགུང་ལོ་བདུན་བཞེས་པའི་ཧོར་ཟླ་གཉིས་པའི་ཚེས་བཅུ་གཅིག་ལ་སེར་སྦྲེངས་ཀྱི་བསུ་བ་དང་བཅས་གདན་ས་འདིར་ཞབས་སོར་བཀོད་དེ་ཁྲི་འདོན་གྱི་ཡོ་ལང་རྒྱ་ཆེན་སྤེལ། ལོ་དེའི་ནང་དུ་འདུལ་འཛིན་པ་རྗེ་ཁ་ཀྱཱ་པ་འཇམ་དབྱངས་དཔལ་ལྡན་གྱི་མདུན་ནས་རབ་ཏུ་བྱུང་། དགུང་ལོ་བཅུ་གཉིས་སྟེང་དབུས་སུ་ཕེབས་ཏེ་སེར་བྱེས་གྲྭ་ཚང་གི་ཆོས་སྒོར་ཞུགས། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་གཙང་པ་ལྷུན་འགྲུབ་ཐབས་མཁས་རིན་པོ་ཆེ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན་ཏེ། ཕྱིས་སུ་ལྷ་ལྡན་སྨོན་ལམ་ཆེན་མོར་ལྷ་རམས་པའི་དམ་བཅའ་བཞག ཁོང་ཉིད་དབུས་སུ་ཡུན་རིང་བཞུགས་རྒྱུའི་འཕྲོ་བཞེས་ཡོད་ནའང་འདིའི་ཕྱོགས་ནས་གདན་འདྲེན་པ་རིམ་པར་བཏང་བས་ལྷ་རམས་པའི་དམ་བཅའ་མཇུག་གྲུབ་པ་དང་ཕྱིར་མདོ་སྨད་ཆབ་ཆའི་ཕྱོགས་སུ་ཆིབས་བསྒྱུར་གནང་། མདོ་སྨད་ཆབ་ཆ་དགོན་གསར་བཀྲ་ཤིས་ཐེག་མཆོག་གླིང་གི་དགེ་འདུན་བཞི་བརྒྱར་ཉེ་བར་དབང་ལུང་ཁྲིད་གསུམ་གྱི་ཆོས་ཀྱི་བདུད་རྩི་བླ་མེད་བསྩལ། དགུང་ལོ་ཉེར་ལྔ་སྤྱི་ལོ༼   1943  ༽  ལོའི་ཧོར་ཟླ་གཉིས་པར་བྱ་ཁྱུང་དུ་ཕེབས་ཏེ་བཀའ་པོད་ལྔའི་གྲྭ་སྐོར་མཛད། དགུང་ལོ་ཉེར་དྲུག་སྤྱི་ལོ༼   1945   ༽  ལོའི་ཧོར་ཟླ་དྲུག་པར་སྐྱབས་རྗེ་བདེ་ཡངས་རིན་པོ་ཆེ་སོགས་ཀྱིས་གདན་ཞུ་ལྟར་བྱ་ཁྱུང་དུ་ཕེབས་ཏེ་མགོན་ཁང་དུ་སྲུང་མར་ཐུགས་གཏད་ཀྱིས་འཕྲིན་བཅོལ་མཛད་པས་མགོན་པོ་ཀྵེ་ཊ་པ་ལའི་སྤྱན་ཆབ་བབས་པ་དང་སྤྱན་ཟུམ་པ་བཅས་དེར་ཡོད་ཀྱི་མི་རྣམས་ལ་མཐོང་སྣང་མི་འདྲ་བ་བྱུང་བ་སོགས་རྟགས་དང་མཚན་མ་བློ་ཡུལ་འགོངས་པ་ལྟ་བུ་བཞག མཐར་རབ་རྒྱལ་ལྕགས་བྱི་སྟེ་སྤྱི་ལོ༼   1960   ༽  ལོའི་ཧོར་ཟླ་བརྒྱད་པའི་ཚེས་བཅུ་བདུན་ཉིན་གནའ་མཁར་ཟི་ལིང་དུ་དགོངས་པ་རྫོགས་སོ།།
            སྐུ་ཕྲེང་བཞི་བ་རྗེ་བཙུན་བསྟན་འཛིན་འཇམ་དབྱངས་ཕུན་ཚོགས་མཆོག་ནི། རབ་བྱུང་བཅུ་དྲུག་པའི་ཆུ་ཕོ་བྱི་བ་སྟེ་སྤྱི་ལོ་༼   1972  ༽ལོར་ཡབ་པ་སངས་ཕུན་ཚོགས་དང་ཡུམ་དབྱངས་ཅན་སྒྲོལ་དཀར་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།༼   1986  ༽  ལོར་རྗེ་འཇམ་དབྱངས་འཇིགས་མེད་ཐུབ་བསྟན་ཆོས་འབྱོར་རྒྱ་མཚོའི་མཆོག་སྤྲུལ་འཁྲུལ་མེད་དུ་ངོས་འཛིན་མཛད། ༼   1988  ༽  ལོར་སེར་བྱེས་གྲྭ་ཚང་དུ་ཚོགས་ཞུགས་གནང་སྟེ་གཙང་པའི་དགེ་བའི་བཤེས་གཉེན་ཆེན་པོ་བློ་བཟང་ཚེ་རིང་མཆོག་དང་མཁན་ཟུར་རིན་པོ་ཆེ་བློ་བཟང་བསྟན་འཛིན་རྣམ་པ་གཉིས་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་ཡོངས་འཛིན་དུ་བསྟེན་ཏེ།    རབ་བྱུང་བདུན་པའི་ལྕགས་མོ་སྦྲུལ་ཏེ་སྤྱི་ལོ་༼   2001  ༽  ལོར་མཆོག་སྤྲུལ་རིན་པོ་ཆེས་སེ་རའི་དགེ་འདུན་འདུས་པ་རྒྱ་མཚོའི་དབུས་སུ་དགེ་བཤེས་ཀྱི་མཚན་རྟགས་བཞེས། སྤྱི་ལོ༼   2014   ༽  ལོར་དགོན་གསར་བཀྲ་ཤིས་ཐེག་མཆོག་གླིང་ལ་ལྷག་པར་སྐུ་ཆེ་བའི་རང་དགོན་པའི་དགེ་བཤེས་སྨོན་ལམ་རྒྱ་མཚོ་མཆོག་གིས་ཆབ་འགག་ཡུལ་གྱི་སྐྱ་སེར་འགྲོ་བ་ཡོངས་ཀྱི་སླད་དུ་མགོན་པོ་གང་ཉིད་ལ་གསོལ་བ་དང་ཡང་ཡང་ཞུས་པའི་མཐུས། རང་ཡུལ་དུ་ཕེབས་ཏེ་ཡུལ་གྲུ་འདིའི་བསྟན་པ་དང་འགྲོ་བའི་དོན་མཐའ་དག་སྤྱན་གྱིས་གཟིགས་ཤིང་ཐུགས་ཀྱིས་བསྐྱངས་པ་དང་། སྐྱ་སེར་མང་བོར་མི་རིགས་མཐུན་སྒྲིལ་དང་ཆོས་ཀྱི་སྐྱེས་གྱ་ནོམ་པ་བསྩལ་ཅིང་། རྣམ་ཀུན་གྱི་སྤྱོད་ལམ་དང་བསམ་བློའི་འཁྱེར་སོ་ཚུན་ལ་ལེགས་པར་གདམས་པས་ཀུན་གྱི་སྤྱོད་ལམ་དང་མཐུན་སྒྲིལ་བསམ་བློའི་ཕྱོགས་ལ་སྔར་མེད་ཀྱི་འགྱུར་བ་ཆེན་པོ་བྱུང་བ་མིག་མཐོང་ལག་ཟིན་གྱི་ཚུལ་དུ་གྲུབ་པ་ལགས་སོ།།
༢༠༡༧/༡༠/༡༥ཉིན་རང་དགོན་དུ་སྦྱར་བ་དགེའོ།།