ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > གྲུབ་མཐའ།

འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།﹙རྙིང་མ་པ﹚

སྤེལ་དུས 2017-08-22 ཡོང་ཁུངས། 《བོད་སྤྱི་བཤད》ལས་བཏུས། རྩོམ་པ་པོ། བསྟན་འཛིན་གྱིས་བཏུས།
འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།
          ཁོང﹙༡༨༤༦--༡༩༡༢﹚ནི་མདོ་ཁམས་སྡེ་དགེའི་ཉེ་འདབས་ཡ་ཆུ་དིང་ཆུང་གི་ས་ཆར་ཡབ་མགོན་པོ་དར་རྒྱས་དང་ཡུམ་སྲིང་ཆུང་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བདུན་བརྒྱད་ཙམ་ནས་ཡབ་དང་ཞང་པོའི་དྲུང་དུ་ཡི་གེ་འབྲི་ཀློག་སློབ་སྦྱོང་དང་གཞུང་ལུགས་བློ་འཛིན་སོགས་བྱས། མཁྱེན་རབ་ཤིན་ཏུ་ཆེ་ས་རྩོམ་ཡིག་འབྲི་ཤེས་པར་མ་ཟད། རྩིས་དཀར་ནག་གི་སྔོན་འགྲོ་ལའང་སྦྱངས་པ་མཛད། དགུང་ལོ་བཅུ་གཉིས་ཐོག་གསང་སྔགས་ཆོས་གླིང་དགོན་དུ་ཕེབས་ཏེ་གྲྭ་བཙུན་གནང་། དེ་ནས་ལོ་གཅིག་རིང་དབུས་ལྷ་ལྡན་དུ་གནས་སྐོར་ལ་བྱོན། ཕྱིར་ཕེབས་རྗེས་བླ་མ་འཇམ་དབྱངས་མཁྱེན་བརྩེ་དབང་པོ་སོགས་མཁས་ཆེན་དུ་མ་སློབ་དཔོན་དུ་བསྟེན་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་བརྒྱ་ཕྲག་མང་པོ་སྦྱངས་པ་མཐར་ཕྱིན་པ་མཛད་ཅིང་། རིག་པའི་གནས་བཅུ་ལ་མཁས་པའི་ཡང་རྩེར་སོན། དགུང་ལོ་ང་གཅིག་པར་《རྒྱལ་པོ་ལུགས་ཀྱི་བསྟན་བཅོས》མཛད། དགུང་ལོ་རེ་གཉིས་པར《དུས་འཁོར་འགྲེལ་ཆེན》བརྩམས། དེའི་ཕྱི་ལོར《སྙན་འགྲེལ་དབྱངས་ཅན་དགྱེས་པའི་རོལ་མཚོ》མཛད། དེ་བཞིན《སྨན་ཕྲེང་བརྒྱ་རྩ》དང་། 《ཕྱི་རྒྱུད་རྩ་ཆུའི་འགྲེལ་བ》《ལུས་ལ་ཉེར་མཁོ་སྐབས་བརྒྱད་པ》སོགས་གསོ་རིག་གི་བསྟན་བཅོས་མང་པོ་མཛད། མདོར་ན། མཁས་དབང་འདི་ཉིད་ཀྱིས་སྒྲ་ཚད། སྨན་རྩིས་སོགས་ཐུན་མོང་རིག་གནས་ཀྱི་སྐོར་དང་། མདོ་རྒྱུད་ཀྱི་གཞུང་འགྲེལ་སོགས་ནང་རིག་པ་ལས་མཚན་ཉིད་ཐེག་པའི་སྐོར། གསང་སྔགས་ཐུན་མོང་སྐོར། བསྟོད་ཚོགས་དང་གཏམ་ཚོགས། འདོན་ཆོག་སྐོར་སོགས་པར་དུ་བརྐོས་པ་ཕྱག་རྩོམ་པོ་ཏི་སུམ་ཅུ་ལྷག་བཞུགས། སྐུ་ཚེ་ཧྲིལ་པོར་འཆད་རྩོད་རྩོམ་གསུམ་གྱི་བྱ་བས་བསྟན་འགྲོ་ལ་ཕན་པའི་དོན་རྒྱ་ཆེན་པོ་སྒྲུབ་པར་མཛད། ཁྱད་པར་དུ་བཟོ་དང་། གསོ་བ། རྩིས་རིག་བཅས་ལ་ཕུལ་དུ་བྱུང་བའི་ཕྱག་རྗེས་ཆེན་པོ་བཞག་པས་རིས་མེད་མཁས་པ་རྣམས་ཀྱིས་བསྟོན་ཚིག་གི་མེ་ཏོག་ཕྱོགས་ཀུན་ཏུ་གཏོར། མདོ་དབུས་ཁམས་གསུམ་དུ་མཁས་པའི་གྲགས་པ་བར་མེད་ཁྱབ། རྗེ་འདི་ཉིད་ཀྱི་གསུང་གི་བདུད་རྩི་ལས་འཁྲུངས་པའི་སློབ་མ་གྲགས་ཆེ་བ་རྡོ་སྤྲུལ་རྡོ་རྗེ་དང་། གཏེར་སྟོན་བསོད་རྒྱལ། ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ། རྫོགས་སྤྲུལ་ལྔ་པ། དཔལ་སྤུངས་སི་ཏུ་སོགས་ཡིན། མཐར་དགུང་ལོ་རེ་བདུན་པར་འཇུ་རི་ཁྲོད་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ།