ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > དགོན་སྡེ།

བོད་ལྗོངས་བཀའ་འགྱུར་མཆོད་རྟེན་ཆེན་མོ།

སྤེལ་དུས 2017-08-22 ཡོང་ཁུངས། བཀའ་འགྱུར་མཆོད་རྟེན་ཆེན་མོ། རྩོམ་པ་པོ། ལྗོན་སྨྱུག་ནས་བསྒྱུར།

ངོ་མཚར་བའི་རྟོགས་བརྗོད་འབྲི་མཁན་བཀའ་འགྱུར་མཆོད་རྟེན་ཆེན་མོ།

          ལྷ་སའི་ལྕགས་པོ་རིའི་འདབས་སུ་གནམ་མཁའི་མཐོངས་སུ་འགྱང་ཉམས་ངང་འགྲེང་བའི་མཆོད་རྟེན་དེ་ནི་ཕར་བལྟས་ཚོད་ཀྱིས་མཆོད་རྟེན་སྤྱིར་བཏང་བ་ཞིག་ཏུ་སྣང་ནའང་། ཡུལ་དེའི་བོད་པའི་དད་ལྡན་མང་ཚོགས་ཀྱིས་མ་ཎི་སྐོར་བ་དང་། རྒྱང་ཕྱག་འཕེན་བཞིན་ཕྱག་སྐོར་དུ་ཕེབས་པའི་ཚུལ་དེ་མཐོང་དུས་ཁྱེད་ཀྱིས་མཆོད་རྟེན་དེའི་གཞན་ལས་ཁྱད་དུ་འཕགས་པའི་ལྐོག་གྱུར་གྱི་མཛེས་སྡུག་ཅི་ཡིན་ཤེས་འདོད་པའི་བློ་ཞིག་ངང་གིས་འཁྲུངས་སྲིད། 
          མཆོད་རྟེན་འདི་ནི་བཀའ་འགྱུར་བརྐོས་པའི་རྡོ་ལེབ་སྟོང་ཕྲག་དུ་མ་བརྩིགས་ནས་བཞེངས་པ་ཞིག་ཡིན་ཞིང་། རྡོ་ཐོག་ཏུ་བརྐོས་པའི་ནང་དོན་ནོར་མེད་ཡང་དག་ཡོང་ཆེད། ཆེད་དུ་ཆོས་འདོན་པ་གདན་དྲངས་ནས་ཞུ་དག་ནན་མོ་མཛད། བཤད་ཚུལ་ལ་བཀའ་འགྱུར་མཆོད་རྟེན་ཆེན་མོའི་རྡོ་ལེབ་སྟེང་དུ་ཡི་གེ་བརྒྱ་ཕྲག་དུ་མ་ཚུད་པའི་ཆོས་དཔེ་བརྐོ་ཐུབ་པ་རེད།


ཡི་གེ་བརྐོས་ཟིན་པའི་རྡོ་ལེབ།


རྡོ་རྐོ་བས་ཡི་གེ་རྐོ་བཞིན་པ།


བཀའ་འགྱུར་ཞུ་དག་བྱེད་པའི་མ་དཔེ།