ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > དགོན་སྡེ།

བཀྲ་ཤིས་རྡོ་མཁར་དགོན་རིམ་བཞིན་འཛུགས་སྐྲུན་བྱས་པས་དགེ་མཚན་མང་པོ་བསྐྲུན་ཡོད་པ།

སྤེལ་དུས 2017-08-22 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། དཔལ་མགོན་སྐྱབས།
 

 
          བཀྲ་ཤིས་རྡོ་མཁར་དགོན་ནི་བོད་ལྗོངས་ལྷོ་ཁའི་སྣེ་གདོང་རྫོང་སྐྱེར་པ་ཡུལ་ཚོའི་རྡོ་ར་སྡེ་བའི་རུ་ཁག་དང་པོ་གནས་ཡོད། དགོན་སྡེ་ནི་སྤྱི་ལོ་༡༥༤༡ ལོ་ནས་སྤྱི་ལོ་༡༩༥༩ ལོ་བར་དུ་སྐྱེར་པ་ཡུལ་ཚོའི་སྡེ་བ་གསར་བའི་རུ་ཁག་གཉིས་པར་ཆགས་ཡོད། ༡༩༨༤ ལོར་དངོས་སུ་རྡོ་ར་སྡེ་བའི་རུ་ཁག་དང་པོའི་རི་འདབས་སུ་སྤོས་པ་དང་། རྗེ་ཙུང་ཁ་བ་ཆེན་མོས་བསྟན་པ་སྤེལ་ཡུལ་དང་འབྲེལ་ནས་ད་ལྟའི་བཀྲ་ཤིས་རྡོ་མཁར་དགོན་བཞུངས་བ་རེད།
དགུན་འགོ་ཚུགས་ལ་ཉེ་བའི་དུས་སྐབས་སུ། ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འགོད་པའི་ཚོགས་པ་བཀྲ་ཤིས་རྡོ་མཁར་དགོན་དུ་སླེབས།
          དགོན་པ་དེའི་དོ་དམ་ཨུ་ཡོན་ལྷན་ཚོགས་ཀྱི་མི་སྣས་ངོ་སྤྲོད་གནང་ཏེ་ཤེས་གསལ་བྱུང་བ་ལྟར་ན། རྨང་གཞིའི་སྒྲིག་གཞིའི་ཐད་ནས་རིམ་བཞིན་འཛུགས་སྐྲུན་བྱེད་པའི་ལས་གཞི་བརྒྱུད་དེ། སྔོན་མར་དགོན་སྡེའི་གཞུང་ལམ་ས་ལམ་ཞིག་ལས་མེད་པ་ད་ལྟ་ཆ་ཚང་སྣུམ་ལམ་ཁོད་ཡངས་བ་ཞིག་ཏུ་བསྒྱུར་ཡོད། ས་ཁུལ་དེར་ལྷག་རླུང་ཆེན་པོ་རྒྱུན་མི་ཆད་པས། གཞུང་ལམ་འཛུགས་སྐྲུན་བྱས་རྗེས། འགྲིམ་འགྲུལ་སྟབས་བདེ་བཟོས་ཡོད་པ་མ་ཟད། ས་རྡུལ་རླུང་དམར་གྱིས་གནོད་འཚེའང་འགོག་ཐུབ་པ་བྱུང་ཡོད།
          དུས་མཚུངས་སུ་དགོན་སྡེའི་ནང་ཁུལ་དུའང་རིམ་འཛུགས་རྣམ་གྲངས་ཀྱི་མ་དངུལ་སྤྱད་དེ། སྲ་བརྟན་དང་ལྗང་བསྒྱུར་བྱས་ཡོད་པས། བགྲོད་ལམ་སྔར་ལས་འགྲོ་བདེ་བཏང་ཡོད་པ་མ་ཟད། སྐྱེས་ཁམས་ཁོར་ཡིག་ཀྱང་ལེགས་བསྒྱུར་ཆེན་པོ་ཐོན་ཡོད།
          རིག་གནས་འཛུགས་སྐྲུན་ཐད་ནས། སྤྱི་ལོ་༢༠༠༨ ལོར་འཛུགས་སྐྲུན་ལེགས་འགྲུབ་བྱུང་བའི་བཀྲ་ཤིས་རྡོ་མཁར་དགོན་གྱི་དཔེ་ཁང་ནི། བོད་རང་སྐྱོང་ལྗོངས་ཀྱི་དགོན་སྡེའི་དཔེ་ཁང་ཐོག་མ་ཡིན་ལ། དགོན་པའི་གྲྭ་བཙུན་ཚོས་སློབ་སྦྱོང་བྱེད་པར་སྟབས་བདེ་ཆེན་པོ་བཟོས་ཡོད། དགོན་ཁག་གཞན་དག་མང་པོ་བཀྲ་ཤིས་རྡོ་མཁར་དགོན་དུ་ཕེབས་ནས་དཔེ་ཁང་དེ་གཞི་བཟུང་སྟེ་དགོན་པ་སོ་སོའི་དཔེ་ཁང་བསྐྲུན་པ་རེད། རྒྱུས་ལོན་བྱུང་བ་ལྟར་ན། ད་ལྟའི་བར་དུ་བོད་རང་སྐྱོང་ལྗོངས་ནང་ཁུལ་གྱི་དགོན་སྡེ་ཡོད་ཚད་ཀྱིས་དགོན་པའི་དཔེ་ཁང་བཞེངས་ཡོད།


བོད་རང་སྐྱོང་ལྗོངས་ཀྱི་དགོན་པའི་དཔེ་ཁང་ཐོག་མ། 


སྔོན་མའི་ས་ལམ་དེ་སྲ་བརྟན་བཟོས་རྗེས་སྔར་ལས་ཇེ་བདེར་བཏང་ཡོད་པ།


བཀྲ་ཤིས་རྡོ་མཁར་དགོན་དུ་ཡོད་པའི་རྗེ་ཙོང་ཁ་བ་ཆེན་མོའི་སྒྲུབ་ཕུག 


བཀྲ་ཤིས་རྡོ་མཁར་དགོན་གྱི་འཁོར་ཁང་དང་ལྷ་ཁང་། མཐོ་ས་ནས་བཀྲ་ཤིས་རྡོ་མཁར་དགོན་པའི་འདུ་ཁང་ལ་རྒྱང་གཟིགས་གནང་བ།
 

དགོན་པའི་སྡོང་བོ་དེ་དག་བསམ་ཡས་དགོན་དུ་ཕྱོགས་ནས་སྐྱེས་ཡོད་པ།