ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > དགོན་སྡེ།

ལྷ་སའི་ལྕགས་པོ་རིར་གནས་པའི་བྲག་ལྷ་ཀླུ་སྦུག

སྤེལ་དུས 2017-08-23 ཡོང་ཁུངས། བོད་ལྗོངས་ཡུལ་སྐོར་སྣེ་ཤན་ལས་བཏུས། རྩོམ་པ་པོ། བསྟན་འཛིན་གྱིས་བསྒྲིགས།
 
ལྷ་སའི་སྨན་རི།


སྨན་རིའི་སྟེང་གི་རྡོ་བརྐོས་མ་ཎི།

          གནའ་རབས་ཀྱི་གྲོང་ཁྱེར་ལྷ་སའི་ནུབ་ངོས་སུ་ལྕགས་པོ་རི་ཞེས་བྲག་རི་གདོང་ལྔའི་དབང་པོ་མཁའ་ལ་མཆོངས་པ་ལྟ་བུའི་དབྱིབས་ཅན་ཞིག་ཡོད། རི་དེའི་ཤར་དུ་བྲག་ལྷ་བཀྲ་ཤིས་ཀྱི་གཞལ་ཡས་ཁང་བྱ་བ་བལ་བཟའི་སྐུ་མཁར་དགུ་ཐོག་ཅིག་བརྩིགས་པ་དེ་ནི་མཐའ་གྲུ་ཆེ་ཞིང་། ལྟ་ན་སྡུག་པ་དང་། དམར་པོ་རིའི་སྟེང་གི་ཆོས་རྒྱལ་གྱི་སྐུ་མཁར་དེ་གཉིས་བར་ལྕགས་ཟམ་གྱིས་སྦྲེལ་ཏེ་དེའི་འོག་ན་དར་དང་། རྔ་ཡབ། དྲིལ་བུ་དང་གཡེར་ཀའི་སྒྲ་འཁྲོལ་བ། རྒྱལ་པོ་ཡབ་ཡུམ་ཕར་གཤེགས་ཚུར་གཤེགས་མཛད་པའོ། ལྷ་ཁང་འདི་ནི་རི་དེའི་ཤར་ངོས་སྨད་ཙམ་ལ་གནས་ཤིང་མིང་ལ་བྲག་ལྷ་ཀླུ་སྦུག་ཅེས་ཀྱང་ཟེར། དེ་ནི་སྤྱི་ལོའི་དུས་རབས་བདུན་པར་ཆོས་རྒྱལ་སྲོང་བཙན་སྒམ་པོས་བསྐྲུན་པ་ཞིག་རེད། རྟེན་གྱི་གཙོ་བོར་ཐུབ་པ་བྲག་ལྷ་དགོན་པོ་གཙོ་འཁོར་ལྔ་དེ་བལ་པོའི་ལྷ་བཟོ་བས་འབུར་དུ་བརྐོས་པ་དང་། བོད་འབངས་ལས་ལ་བསྐུལ་ནས་བྲག་བརྐོས་ཏེ་སྐོར་ལམ་གཏོད་པ་དང་། དེའི་མདུན་དུ་བྲག་ལྷའི་ནིའུ་ཐང་ཞེས་པ་ལྗོན་ཤིང་སྟར་ཁའི་སྡོང་བོ་གཅིག་ཡོད་པའི་འགྲམ་དུ་རྒྱལ་པོའི་བཞུགས་ཁྲི་དང་། མགར་སྟོང་བཙན་སོགས་བློན་པོ་རྣམས་རྒྱལ་དོན་མདུན་གྲོས་བྱ་ཡུལ་ཡིན། རི་དེའི་ལྷོའི་རེ་སྐེད་དུ་ལྷ་སའི་སྐོར་ལམ་འཁེལ་བས་ལམ་སྟེང་ནས་གྱེན་དུ་བལྟས་ན་རྡོ་བརྐོས་ཀྱི་མ་ཎི་དང་། སྔགས་ཡིག ལྷ་དང་བླ་མའི་སྐུ་བརྙན། ལྷག་པར་དུ་སྐུ་ཚད་ཆེ་བའི་སྟོང་སྐུ་སོགས་ནས་བོད་རིགས་མི་དམངས་ཀྱི་ཁྱད་དུ་འཕགས་པའི་རྡོ་བརྐོས་ལག་རྩལ་དེ་དག་གང་ལེགས་མངོན་ཐུབ།


སྨན་རིའི་སྟེང་ཆེས་ཆེ་བའི་མ་ཎི་མཁར་བརྩེགས།

          རི་དེའི་རྩེ་མོར་གསེར་གྱི་ཏོག་དང་འདྲ་བའི་དགོན་པ་སེར་པོ་ཞིག་ཡོད། དེ་ནི་སྤྱི་ལོའི་དུས་རབས་བཅོ་ལྔ་པར་གྲུབ་དབང་ཐང་སྟོང་རྒྱལ་པོས་བསྐྲུན་གནང་མཛད་པ་རེད། དེ་རྗེས་སྤྱི་ལོའི་དུས་རབས་བཅུ་བདུན་པར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཉམས་གསོ་མཛད་དེ་སྨན་པ་གྲྭ་ཚང་དུ་བསྒྱུར་ནས་སངས་རྒྱས་སྨན་བླ་དང་། བྱང་ཟུར་ལུགས་ཀྱི་བླ་རྒྱུད་ཀྱི་སྐུ་བརྙན་སོགས་གསར་བཞེངས་ཀྱིས་ལྕགས་པོ་རི་བེེཌྰུརྱ་འགྲོ་ཕན་་ལྟ་ན་ངོ་མཚར་རིག་བྱེད་གླེང་ཞེས་བཏགས་ནས་དེ་གར་གྲྭ་བཙུན་ལྷོ་ཁ་སོགས་ནས་གྲྭ་བསྡུ་དང་། ད་དུང་ཁྱིམ་པ་སོགས་སུས་གསོ་རིག་སློབ་སྦྱོང་བྱས་ཀྱང་ཆོག་པའི་བཅའ་སྒྲིག་བཀོད་དེ་བཙུགས་སོ།



རི་ལྡེབས་སུ་བརྐོས་པའི་མ་ཎི་ཡིག་དྲུག

          དམར་ལྕོག་གཉིས་ཀྱི་རི་བོ་མུ་སྦྲེལ་དུ་ཡོད་རུང་རྒྱ་བཟའ་ཕྱི་མས་དུམ་བུར་བཏང་བའི་བར་དུ་རྒྱལ་མཆོག་ལྔ་པ་རིན་པོ་ཆེས་བོད་ས་སྤྲེལ་སྤྱི་ལོ༡༦༦༨ལོའི་ལོ་དཀྱིལ་དུ་མཆོད་རྟེན་ཆེ་བའི་འོག་ལ་འགྲོ་ལམ་གཏོད་པ་དང་། གཡོན་དུ་མཆོད་རྟེན་ཆུང་བ་རེ་བཅས་ལྕགས་ཐག་གིས་སྦྲེལ་ནས་དེ་ལ་དྲིལ་བུ་བཏགས། མཆོད་རྟེན་གྱི་རྩེ་མོར་གསེར་ཟངས་ཀྱི་ཆོས་འཁོར་བརྒྱད་དང་། ཉི་ཟླས་བརྒྱན་ཅིང་གྲོང་ཁྱེར་ལྷ་སའི་གཞུང་སྒོ་ལྟ་བུར་གྱུར་ཏེ་བར་སྒོ་ཀ་ལིང་ཞེས་ཡོངས་སུ་གྲགས། གཞན་ཡུང་རི་དེའི་ཤར་གྱི་རི་ལག་དང་། བྱང་གི་ནོར་འཛིན་ནས་དལ་འགྲོའི་རྒྱུན་རྡོལ་ཞིང་། ཀུན་གྱིས་ཆུ་དེ་འཐུང་རྒྱུར་དགའ་པོ་བྱེད་ཀྱི་ཡོད་པ་བཅས་ཡོད།