གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > དགོན་སྡེ།

ཨ་རིག་བེ་ཇང་དགོན་བཀྲ་ཤིས་རྒྱལ་མཚན་གླིང་།

སྤེལ་དུས 2018-06-25 ཡོང་ཁུངས། དགེ་ལུགས་པའི་དྲ་བ། རྩོམ་པ་པོ། ཞོ་བཟང་དགེ་འདུན་ཚུལ་ཁྲིམས།
             ཨ་རིག་དགེ་བཤེས་ཆེན་མོ་བྱམས་པ་དགེ་ལེགས་རྒྱལ་མཚན་དཔལ་བཟང་བོའི་འཁྲུངས་ཡུལ་ཨ་རིག་བེ་ཇང་དགོན་བཀྲ་ཤིས་རྒྱལ་མཚན་གླིང་ནི།  ཨ་རིག་དགེ་བཤེས་ཆེན་མོའི་ཡང་སྤྲུལ་དུ་གྲགས་པའི་ཨ་ཀ་གྲུབ་ཆེན་ཚང་སྐུ་ཕྲེང་གཉིས་པ་བློ་བཟང་བསྟན་འཛིན་ཆོས་འཕེལ་མཆོག་གིས་རབ་བྱུང་བཅུ་བཞི་བའི་ལྕགས་གླང༼  ཕྱི་ལོ༡༨༤༡  ༽ལོར་འཇུ་ལག་ཆུ་བོའི་ཉིན་ཕྱོགས་ཀྱི་མ་རི་ཙྱཻ་ཟེར་བའི་གནས་དེ་ནི་ཨ་རིག་རྭ་རྒྱའི་དགོན་གནས་དང་གཉིས་སུ་མ་མཆིས་གསུངས་ནས་ཕྱག་འདེབས་མཛད།  འདོན་རྟ་དབྱངས་གསུམ་དང་བཅའ་ག་ཕྱག་ལེན་སོགས་ཨ་རིག་རྭ་རྒྱ་དགོན་པའི་རྒྱུད་པ་གྲྭ་ཚང་གི་ཕྱག་ལེན་ལྟར་བཙུགས།
             དེའི་རྗེས་སུ་རྭ་རྒྱའི་བླ་མ་མོན་ཤུལ་རྟ་མགྲིན་པ་དགེ་འདུན་ཕུན་ཚོགས་ཚང་དགོན་པར་ཞུས་ནས་དགོན་མགོ་ཕུལ་བས་ཨ་རིག་རྭ་རྒྱའི་དགོན་ལག་ཏུ་གྱུར།  ཆོས་སྡེ་འདི་ནི་འབྲོག་དགོན་ཁོ་ན་ཞིག་ཡིན་པས།  ཨ་རིག་བེ་ཇང་དགོན་པ་སྡེ་བ་དང་མཉམ་དུ་དགོན་གནས་རིམ་བཞིན་ཏུན་སྐྱ་རིལ་ཟེར་བར་གནས་སྤར་བ་དང་།  དེ་ནས་དགྲ་འདུལ་དཔའ་བོའི་ཉེ་འདབས།  བེར་རིག་གི་རྫ་ལུང་གོང་ཞོལ།  མཚོ་ལྗང་རིས།  བྲག་དཀར་ལུང་བ་སོགས་སུ་དགོན་གནས་བཅས་ཤིང་།  རབ་བྱུང་བཅུ་དྲུག་པའི་ཆུ་སྦྲུལ༼  ཕྱི་ལོ༡༩༥༣  ༽ལོར་དགོན་གནས་ཡང་བསྐྱར་སྤར་ཏེ་རྡོ་རུས་སྦལ་གྱི་ཐང་དུ་སའི་ལེགས་བཞི་ཚང་བར་དཔྱད་པས་དེ་རུ་ས་ཁྱི༼  ཕྱི་ལོ༡༩༥༨  ༽ལོའི་བར་དུ་བསྡད་ལ།  སྐབས་འདིར་དགོན་པ་དར་རྒྱས་ཆེན་པོ་བྱུང་བའི་སྐབས་ཡིན་ལ།  དེ་དུས་དགོན་པར་སྦྲ་ཡི་འདུ་ཁང་གཅིག་དང་།  རས་གུར་གྱི་འདུ་ཁང་གཅིག  སོག་གུར་གྱི་ལྷ་ཁང་གཅིག  སྒར་བ་གཉིས་དང་གྲྭ་བ་སུམ་ཅུ་སོ་གཅིག་ཙམ་བཞུགས།  ལོ་དེར་རིན་ཐང་བྲལ་བའི་དགོན་པའི་རྟེན་དང་བརྟེན་པ་ཡོངས་གཏོར་བཅོམ་བཏང་སྟེ་ལྷག་ལུས་མེད་པར་བྱས།
             རྣམ་བྱུང་ཞེས་པ་ས་འབྲུག༼  ཕྱི་ལོ༡༩༨༨  ༽ལོར་བེ་ཇང་དགོན་བཀྲ་ཤིས་རྒྱལ་མཚན་གླིང་གི་ཆོས་སྒོ་སླར་ཡང་ཕྱེ་ནས་དགོན་བདག་མོན་ཤུལ་སྐུ་ཕྲེང་རིམ་བྱོན་གྱིས་སྐྱོང་བཞིན་ད་ལྟའི་བར་ཅུང་འཕེལ་རྒྱས་ཆེན་པོ་བྱུང་སྟེ།  འདུ་ཁང་ཆེན་མོ་དང་མཆོད་ཁང་།  མ་ཎི་འཁོར་ཁང་གཉིས།   ཨ་ལགས་སྨྲ་ཁམས་རིན་པོ་ཆེ་བློ་བཟང་ཚུལ་ཁྲིམས་བསྟན་འཛིན་ཚང་གིས་ཐུགས་བཀོད་ལྟར་བཞེངས་པའི་དྲག་པོ་སུམ་སྒྲིལ་གྱི་མཆོད་རྟེན།  བླ་མའི་སྒར་བ་གཉིས།  གྲྭ་ཤག་བདུན།  བླ་གྲྭ་བཅུ་ལྷག་ཞལ་བཞུགས་སོ།།
ཆོས་ཐོག་ནི། རྒྱ་ལོའི་སྨོན་ལམ། གསུམ་པའི་སྒྲུབ་མཆོད། བཞི་བའི་སྨྱུང་ཆེན། དྲུག་པའི་མཆོད་པ། བཅུ་བའི་ལྔ་མཆོད། བོད་ལོའི་ཡ་མ་རཱ་ཛ་སོགས་ཡོད།     ༧འདི་ནི་ཨ་རིག་གི་ལོ་རྒྱུས་རྒན་པོའི་ངག་སྒྲོས་ལས་ཁོལ་དུ་ཕྱུང་བའོ།།
             ༼  དགོན་འདི་ནི་ད་ལྟའི་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་མདོ་ལ་རྫོང(祁连县)མཁར་དམར་གྲོང་བརྡལ་གྱི་མངའ་ཁོངས་སུ་ཆགས་ཡོད།  ༽