གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > དགོན་སྡེ།

སྒྱིས་ཚང་དགོན་པ།

སྤེལ་དུས 2018-06-28 ཡོང་ཁུངས། དགེ་ལུགས་པའི་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།

            སྒྱིས་ཚང་དགོན་ཕུན་ཚོགས་དགེ་འཕེལ་གླིང་ནི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་ཨ་ལ་ཤང་སྒྱིས་ཚང་ནགས་རིའི་སྟག་གཟར་རི་ཡི་འདབ་ན་ཆགས་ཡོད།
            རབ་བྱུང་བཅུ་གཉིས་པའི་ལྕགས་ཡོས་སྤྱི་ལོ་1711ལོར་ཅོ་ནེ་ཨ་སྨོན་བློ་བཟང་སྨོན་ལམ་གྱིས་དགོན་སྡེ་འདི་ཐོག་མར་བཏབ། ལྕགས་ལུག་སྟེ་སྤྱི་ལོ་1751ལོར་ཅོ་ནེ་ས་སྐྱོང་མི་ཡི་དབང་བོ་སྐུ་རབ་བཅུ་གཅིག་པ་དམག་ཟོར་མགོན་པོས་དགོན་པ་འདི་ལྷ་མོ་གསེར་ཁྲི་སྐུ་ཕྲེང་གཉིས་བར་འབུལ་བས།དུས་དེ་ནས་བཟུང་སྒར་མགོ་ཨ་མདོ་སྟག་ཚང་ལྷ་མོ་དང་གྲོང་མགོ་བླ་བྲང་བཀྲ་ཤིས་མཁྱིལ་གྱིས་བདག་གིས་བཞེས་ཤིང་། ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེ་སྐུ་ཕྲེང་བཞི་བའི་སྐབས་སུ་རང་དགོན་གྱི་དགེ་སློང་བློ་བཟང་ཟླ་བ་སོགས་ཀྱིས་གཙོ་བྱས་པའི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་མགོན་ཤུལ་སྙན་གྲགས་ལགས་དགེ་རྒན་དུ་དགོན་པ་འདིར་གདན་དྲངས་ནས་བདེ་གསང་འཇིགས་གསུམ་གྱི་འདོན་རྟ་དབྱངས་དང་ཐིག་རྡུལ་ཚོན་བཅས་བ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྒྱུད་སྨད་གྲྭ་ཚང་གི་ཕྱག་ལེན་ལྟར་ཆ་ཚང་སྤེལ་ནས་ཆོས་སྡེ་འདིར་འཆད་ཉན་གྱི་གཞི་ཚུགས།
            ས་གླང་སྟེ་སྤྱི་ལོ་1889ལོར་བཤེས་གཉེན་ཆེན་པོ་རྗེ་ལྷ་མོ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་ལྷ་སྡེ་འདིར་སྐུ་འཁྲུངས།ཕྱིས་སུ་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས་ཏེ་མདོ་སྔགས་རིག་གནས་དང་བཅས་པ་སྦྱང་བ་དཔྱིས་ཕྱིན་མཛད་ནས་མཁས་བའི་ཡང་རྩེར་སོན།དགུང་ལོ་སོ་བདུན་པར་རང་རེའི་དགོན་པའི་གདན་ཞུས་ལྟར་ཆོས་སྡེ་འདིར་ཕེབས་ནས་བཅའ་ཡིག་མཛད།སྤྱི་ལོ་1957ལོར་ཡུལ་འདིའི་དགོན་གྲོང་གཉིས་ཀྱི་རེ་འདོད་ལྟར་དུས་འཁོར་དབང་ཆེན་དང་ལྷ་མང་བོའི་དབང་རྗེས་མན་ངག་བུམ་པ་གང་ཞོའི་ཚུལ་ཏུ་གནང་།གཞན་སྐུ་གསུང་ཐུགས་རྟེན་བཞེངས་བའི་སྐོར་ལ་སྤྱི་ཚོགས་རྙིང་བའི་བྱམས་ཆེན་དང་ལམ་རིམ་བླ་མ་བརྒྱུད་པའི་འཇིམ་སྐུ་སོགས་མང་དུ་ཡོད།དམ་པ་འདིར་སྐུའི་ཚ་བོ་གསུམ་ཡོད་ལ།ཨ་ལགས་རྫིའི་དགེ་ཚང་དང་དགེ་བའི་བཤེས་གཉེན་འཇམ་དབྱངས་ཉི་མ་ཚང་།དགེ་བཤེས་སྐལ་བཟང་བསྟན་པ་འདི་གསུམ་གྱིས་དགོན་པ་འདིར་ཆོས་འཇིག་རྟེན་གང་ཐད་ནས་བཀའ་དྲིན་བླ་ལྷག་ཏུ་བསྐྱངས་ཡོད།
            ལོ་ཟླ་ནག་པོ་སྟེ་རིག་གནས་གསར་བརྗེ་ཆེན་པོས་གཏོར་བརླག་གང་མང་ཐེབས་ཡང་སྤྱི་ལོ་1980ལོར་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ལག་བསྟར་བྱས་པ་བརྒྱུད་ཀླུ་ཆུ་རྫོང་ཨུའི་ཆོག་མཆན་གནང་སྟེ་ཡང་དར་བསྟན་པའི་ཆོས་སྒོ་སླར་ཕྱེས་བ་དང་།དད་ལྡན་མང་ཚོགས་དགུ་བརྒྱ་ལྷག་གི་ཆོས་ལུགས་བྱ་འགུལ་སྤེལ་སའི་ལྟེ་བ་ཞིག་ཏུ་ཆགས།ལྷ་ཁང་སླར་གསོའི་སྐོར་ལ་ཚོགས་ཆེན་འདུ་ཁང་གཙོ་བྱས་བའི་རྟ་མགྲིན་ལྷ་ཁང་དང་།མགོན་ཁང་།གསེར་ཁྲིའི་ནང་ཆེན།རྫིའི་དགེ་ནང་ཆེན།བདུད་འདུལ་མཆོད་རྟེན།གོས་སྐུ་ཐང་།མ་ཎི་འཁོར་ལོ་སུམ་བརྒྱ་དང་ལྔ་བཅུ།གྲྭ་ཤག་བཞི་བཅུ་བཅས་ཡོད་པ་དང་།མིག་སྔར་དགོན་པར་བཞུགས་ཡོད་པའི་གྲྭ་བ་དྲུག་ཅུ་ཙམ་ཡོད།
            ང་ཚོའི་དགོན་པ་ནི་ལྷ་སྡེའི་ཁྱིམ་ཚང་གྲངས་ཀ་ཉུང་སྟབས་དཔལ་འབྱོར་གྱི་ཆ་རྐྱེན་ཞན་པའི་དགོན་པ་ཞིག་ཡིན།བཅོས་བསྒྱུར་སྒོ་འབྱེད་བྱེད་ཚུན་ནས་ད་སྔ་ཡན་ཆོད་ཀྱི་དགོན་པའི་ནང་གི་སྐུ་གསུང་ཐུགས་རྟེན་དང་བཞེངས་བ་རྩིག་པ་ཡོད་ཚད་སེར་སྐྱ་མང་ཚོགས་ཀྱི་སེམས་ཀྱི་དད་འདུན་དང་ལུས་ཀྱི་ངལ་རྩོལ་ཁོ་ན་ལས་བྱུང་བ་ཡིན་ལ།གཅིག་རྗེས་གཉིས་མཐུད་ཀྱི་སྒོ་ནས་སྤྱི་ཚོགས་རྙིང་བའི་སྔར་ཡོད་ལྷ་ཁང་སོགས་གང་མྱུར་སྒོས་ལེགས་འགྲུབ་ཨེ་ཡོང་བལྟ་བཞིན་པའི་སྒང་ཡིན།