གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > དགོན་སྡེ།

སི་ཁྲོན་བྲག་རྐོས་བྱམས་ཆེན་གྱི་ལོ་རྒྱུས་དོག་ཙམ་བརྗོད་པ།

སྤེལ་དུས 2018-07-19 ཡོང་ཁུངས། དགེ་ལུགས་པའི་དྲ་བ། རྩོམ་པ་པོ། ཨེ་ཏོ་ཏོས་བསྒྱུར།
           ལི་ཧྲན་བྲག་རྐོས་བྱམས་ཆེན་ཐོག་མར་བཟོ་སྐྲུན་མཁན་ནི་ཧེ་ཐོང་(海通)ཞེས་པའི་གྲྭ་བ་ཞིག་ཡིན། ཧེ་ཐོང་ཁོང་ནི་བཀེའུ་ཀྲོས་ཀྱི་མི་ཡིན། གྲྭ་བ་དེའི་ཕ་ཡུལ་རྒྱབ་ཏུ་བསྐྱུར། མི་ཡུལ་དང་དུ་བླངས། ཞེས་པའི་དཔེ་ལྟར(乐山凌云山)ལི་ཧྲན་ལེན་བཡེན་རི་ཞོལ་ལ་འོངས་ནས་རབ་བྱུང་བསྒྲུབས། ལེན་བཡེན་རི་ཞོལ་ནི་གཙང་པོ་གསུམ་གྱི་མདོ་ཡིན་པས། ཆུ་འཕྱུར་ནས་འཇིགས་པ་ཧ་ཅང་ཆེ། རྒྱུན་དུ་ཆུ་རྒྱས་སྐབས། ཆུ་འབྲུབ་པས་རྟ་རྒོད་རི་ལ་ཤོར་བ་ལྟར་གང་སར་ཆུ་འཕྱུར་ཏེ་འདུག་ས་འདུག་ཡུལ་མེད་པར་མ་ཟད། ད་དུང་ཆུ་ལོག་གི་ཞིང་ཁར་གཏོར་བརླག་བྱུང་བ་དང་གྲུ་འགྱུར་བ་སོགས་དུས་རྒྱུན་དུ་ཉེན་ཁ་མང་པོ་བྱུང་དང་འབྱུང་བཞིན་ཡོད་པའི་སྐབས། ཧེ་ཐོང་གིས་ས་ཆ་དེ་ན་སྡོད་པའི་གྲོང་པ་དག་ལ་དམིགས་ནས་ཆུ་འདྲེ་འགོག་ཕྱིར་དུ་སངས་རྒྱས་ཀྱི་སྐུ་ཆེན་པོ་ཞིག་རྐོ་བར་སེམས། ཡིན་ཡང་གླ་ཆ་མེད་པས། ཧེ་ཐོང་གླ་དངུལ་བསྡུ་རུ་ག་ས་གང་དུ་སློང་མོ་ལ་བྱོན། ལོ་འགའི་སྡུག་རུས་ཀྱིས་གླ་དངུལ་ཅུང་ཟད་བསགས་ཐུབ། མཐའ་གཞུག་སྐུ་ཆེན་དེ་རྐོ་རྒྱུ་ཐག་བཅད། རྐོ་མགོ་རྩོམ་པའི་ཉིན་མོ་དེར། མང་ཚོགས་དག་གིས་མིག་ཧྲིག་ཧྲིག་བྱས་དེ་ལྟ་བར་མ་ཟད། གྲོང་མི་ཚང་མ་དགའ་སྤྲོ་ཁེངས། རེད་དེ་ས་ཆ་དེའི་སྡེ་དཔོན་མ་དགའ་བར་སྐབས་དེར་བསམ་བཞིན་དཀའ་ལས་མང་པོ་བཟོས། དཔོན་པོས་ས་འདིའི་རིན་ཆ་ཚང་ཞིག་རྩིས་རྒྱོབ་ཤོག དེ་མིན་བརྐོ་རུ་མི་འཇུག་ཅེས་ལབ། ཧེ་ཐོང་ཤིན་དུ་སྤྲོ་ལངས་ནས་ཚིག་ཐག་ཆོད་པའི་སྒོ་ནས་འདི་ལྟར་བཤད། ཁྱེད་ཅག་ལ་ངའི་མིག་འདིའི་ཆོག་ན་ལོང་སོང་དེ་མིན་སྐུ་བཞེངས་བྱེད་ཀྱི་རྒྱུ་འདི་སྐར་གང་འཁྱེར་ན་མི་ཆོག་ཅེས་བཤད། སྡེ་དཔོན་དེའི་མི་དགའ་བའི་རྣམ་འགྱུར་གྱིས་གཏམ་འདི་ལབ། དངོས་གནས་ཁྱོད་ཀྱི་མིག་དེ་ངེད་ཅག་ལ་སྦྱིན་ཐུབ་སོང་ན། སྐུ་བཞེངས་བྱེད་ཀྱི་རྒྱུ་དེ་ངེད་ཅག་ལ་གཏན་མི་དགོས་ཞེས་ལབ། ཧེ་ཐོང་གིས་མྱུར་མོར་གྲི་རྩེའི་རང་ཉིད་ཀྱི་མིག་ཕྲིས་ཏེ་སྡེར་མའི་ནང་དུ་བཞག་ནས་སྡེ་དཔོན་གྱི་མདུན་དུ་ཕུལ། སྡེ་དཔོན་དེ་ཧ་ལས་སོང་། སྡེ་དཔོན་མི་དགའ་བའི་རྣ་འགྱུར་དང་བཅས་མྱུར་མོར་ས་དེ་ནས་ཕྱིར་བུད་སོང་། ཧེ་ཐོང་གི་ན་ཟུག་ལ་བཟོད་སྲན་བྱས་ཏེ། ལེགས་གྲུབ་བྱུང་སོང་ཟེར་ནས། སྐུ་དེ་མྱུར་མོར་རྐོ་མགོ་བརྩམས། ཧེ་ཐོང་འདས་རྗེས་ཁོང་གི་གྲྭ་བ་དག་གིས་མུ་མཐུད་དུ་བཟོ་སྐྲུན་བྱས་དེ་མི་ལོ་དགུ་བཅུའི་དཀའ་ངལ་དང་སྙིང་སྟོབས་མ་ཞིམ་པས་མཐར། མིན་ཅང་གཙང་པོ་དང་རྒྱལ་རོང་རྒྱལ་མོ་རྔུལ་ཆུ། ཆེན་ཡའུ་གཙང་པོ་གསུམ་གྱི་ཆུ་མདོ་རུ་སི་ཁྲོན་བྲག་བརྐོས་བྱམས་ཆེན་ཞེས་པ་སྤུས་ལེགས་རྒྱས་པ་ཞིག་ལེགས་གྲུབ་བྱུང་།
           སི་ཁྲོན་བྲག་བརྐོས་བྱམས་ཆེན་ནི་ཧ་ཅང་སྐུ་ཆེན་པོ་ཞིག་ཡིན། དབུ་རིའི་མགོ་དང་མཉམ་པ། ཞབས་རྐང་གཉིས་གཙང་པོའི་འགྲམ་དུ་ཡོད་པ་ཞིག་ཡིན། སྐུའི་མཐོ་ཚད་ནི་སྨི70ལྷག་ཡོད་པ་དང་། ཞལ་ངོའི་མཐོ་དམན་གྱི་ཚད་ཕལ་ཆེར་སྨི15ཡོད། དབུའི་སྟེང་དུ་ཅོག་ཙེ་ཟླུམ་པོ་འཇོག་ཆོག་པ་དང་། སྙན་གྱི་མཐོ་དམན་ཚད་སྨི7དང་སྤྱན་གྱི་ཚད་སྨི3.3ཡོད་པ་དང་། སྙན་ནང་ནས་མི་གཉིས་འདུག་ཆོག་པ། ཕྲག་པ་གཡས་པར་སྨི 28 ཡོད། ཕྲག་གཡོན་ཡང་གཡས་དང་མཚུང་། དེ་ཡོད་པར་མ་ཟད་ལྒང་ཐང་བྱས་ཀྱང་ཆོག་པ་ཞིག་ཡིན། ཁོང་གི་ཞབས་རྐང་གཉིས་ཀྱི་བར་ནས་མི་བརྒྱ་ལྷག་འདུག་ཆོག་པས་བྱམས་པ་འདི་ནི་ཆེས་སྐུ་ཆེ་ཤོས་ཤིག་ཡིན།
           1959-1961 ལོ་གསུམ་ལ་མུ་གེ་ཆེན་པོ་བྱུང་སྐབས། སྐུ་འདིའི་སྤྱན་ཐེངས་གཅིག་བཙུམས་མྱོང་། སྐབས་དེར་སི་ཁྲོན་ལ་མུ་གེའི་མི་གྲངས་བགྲང་མི་ཐུབ་པ་ཞིག་ཤི་སོང་། ས་དེའི་མི་ཚང་མ་སྤྲང་པོར་གྱུར་ནས། མི་ཤི་ཚད་རྩྭ་སྟན་ནང་དུ་དྲིལ་ནས་ཆུ་ལ་འཕེན་པ་ལས། པུར་བསྲེག་ཁང་ནས་བསྲེག་པ་དང་ས་འོག་ལ་དུར་སྦེད་བྱས་དེ་དུར་མཆོད་སོགས་མེད་པར་གྱུར། སྐབས་དེའི་མི་དག་ནི་མུག་གེའི་གདུང་ནས་བེམ་པོ་ཆུ་ལ་འཕེན་མཁན་དག་ནི་བཟང་ཤོས་ཡིན། ཉིན་ཉིན་མི་རོ་དག་བྱམས་པ་སྐུ་ཆེན་མདུན་གྱི་གཙང་པོའི་ནང་དུ་འཁྱེར་བཞིན་ཡོད་པར་མ་ཟད་མི་རོ་དག་གིས་ཆུ་ཡང་འགོག་བཞིན་ཡོད། མཚན་མོ་ཞིག་ལ་གློ་བར་དུ་སྤྱན་བཙུམ། ཡུལ་དེའི་མི་དག་གི་བྱམས་པས་མི་དག་གི་སྐྱོ་གདུང་གི་སྡུག་བསྔལ་ལ་མ་བཟོད་པར་སྤྱན་བཙུམས་པ་རེད་ཅེས་བཤད་སྲོལ་འདུག སྤྱན་བཙུམས་པའི་རྒྱུ་སྐྱེན་དེ་ལ་ཚན་རིག་པ་དག་གིས་དཔྱད་བསྡུར་མང་པོ་བྱས་ཀྱང་། ད་དུང་ཡང་ཚང་མའི་སྤྱན་བཙུམ་པའི་དོན་དངོས་དེ་རྙེད་མ་ཐུབ། རྗེས་ནས་སྐུ་འདྲ་དེའི་སྤྱན་བཙུམས་པ་འདི་བཀྲ་མི་ཤིས་པ་ཞིག་རེད་ཟེར་ནས། སྤྱན་བསྐྱར་རྐོ་བྱས། སྤྱན་བཙུམས་སྐབས་ཀྱི་འདྲ་པར་ནི་ད་དུང་ལི་ཧྲན་འགྲེམ་སྟོན་ཁང་གི་ནང་ན་ཉར་ཚགས་བྱས་ཡོད།