གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > དགོན་སྡེ།

ཕྱུག་ནོར་གསང་སྔགས་དར་རྒྱས་གླིང་ངོ་སྤྲོད་མདོར་བསྡུས།

སྤེལ་དུས 2018-08-30 ཡོང་ཁུངས། དགེ་ལུགས་པའི་དྲ་བ། རྩོམ་པ་པོ། བློ་གྲོས།

           ༄༅།།གསང་སྔགས་དར་རྒྱས་གླིང་ངམ་དུས་གསུམ་སངས་རྒྱས་ལྷ་ཁང་ནི་མཚོ་བྱང་རྐང་ཚ་རྫོང་མཁར་ནས་ནུབ་ཕྱོགས་སུ་སྤྱི་ལེ་བརྒྱའི་མཚམས་སུ་ཕྱུག་ནོར་སྡེ་དཀྱིལ་དུ་ཡོད་ཅིང་། སྒྲུབ་བརྒྱུད་བསྟན་པའི་མངའ་བདག༸ཡབ་རྗེ་བླ་མ་ཤར་སྐལ་ལྡན་རྒྱ་མཚོའི་དངོས་སློབ། གྲུབ་པའི་དབང་ཕྱུག་དམ་པ་བྲག་དཀར་སྔགས་རམས་པ་སྐུ་ཕྲེང་བརྒྱད་པ་རྗེ་འཇིགས་མེད་བསྟན་པ་རབ་རྒྱས་མཆོག་གིས་སྤྱི་ལོ༢༠༠༣ལོར་ཕྱག་བཏབ་མཛད། གྲུབ་མཐའ་དཔལ་མཉམ་མེད་རི་བོ་དགེ་ལུགས་པ་ཡིན། ཤར་སྐྱབས་མགོན་རིན་པོ་ཆེ་དང་ཨ་རོལ་རྡོ་རྗེ་འཆང་སོགས་སྐྱེས་ཆེན་དུ་མ་ཐེངས་འགར་ཕེབས་ནས་འདི་ཀའི་དད་ལྡན་སེར་སྐྱ་མང་ཚོགས་ལ་དབང་ལུང་ཁྲིད་རྒྱུན་གང་མང་གནང་ཞིང་། དམ་པ་དེ་དག་གི་སྐུ་དྲིན་ལ་བརྟེན་ནས་ཆོས་སྡེ་འདི་ཉིད་ཀྱི་ཆོས་སྤྱོད་ཐོས་བསམ་བྱ་བ་སོགས་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར། ལཱ་མོ་བདེ་ཆེན་གྱི་རབ་འབྱམས་པ་དཀོན་མཆོག་རྒྱ་མཚོ་ཡོངས་གྲགས་ལ་ཨ་ལགས་གཟུངས་ཐར་རིན་པོ་ཆེ་མཆོག སྤྱི་ལོ༢༠༠༥ལོའི་ཟླ༥བའི་ཚེས༡༣ཉིན། གནས་འདིར་ཕེབས་ནས་ཉིན་གསུམ་གྱི་རིང་ལ་སྦྱིན་སྲེག་གསུངས་བ་དང་། ཁོང་གིས་དུས་གསུམ་སངས་རྒྱས་ལྷ་ཁང་གི་མཚན་ལ་༼གསང་སྔགས་དར་རྒྱས་གླིང་༽ཞེས་སུ་གསོལ། སྤྱི་ལོ༢༠༠༥ལོའི་ཟླ༦པའི་ཚེས༨ཉིན། ཤར་སྐྱབས་མགོན་བརྒྱད་པ་ཆེན་མོ་བསྟན་འཛིན་འཇིགས་མེད་སྐལ་ལྡན་རྒྱ་མཚོ་མཆོག རྐང་ཚའི་ཕྱུག་ནོར་ཡུལ་ལ་ཆེད་དུ་གདན་ཞུ་དགོས་ཉིན་བདུན་གྱི་རིང་ལ་རབ་གནས་ཆེན་མོ་མཛད་པ་དང་སེར་སྐྱ་ཡོངས་ལ་དབང་ལུང་མན་ངག་གནང་།སྤྱི་ལོ2015ལོར་བྲག་དཀར་ལྷ་རམས་པ་སྐུ་ཕྲེང་ལྔ་བ་ཚུལ་ཁྲིམས་རྒྱ་མཚོ་མཆོག་གིས་ཤར་རྣམ་རྒྱལ་སྒྲོལ་མའི་ལྷ་ཁང་བཞེངས།གཞན་ཡང་སྡེ་འདིའི་ཆོས་ཐོག་གི་རིམ་པ་ནི།ཉིན་རྒྱུན་དཔལ་ལྡན་ལྷ་མོའི་འཕྲིན་བཅོལ་དང་སྐུ་རིམ་རྣམ་གསུམ།ཟླ་རེར་ཚེས་བཟང་ལ་གསོ་སྦྱོང་། རྒྱ་ལོའི་སྨོན་ལམ། གསུམ་པའི་སྒྲུབ་མཆོད། བཞི་བའི་མཆོད་པ།ལྔ་བའི་ལྷ་བསང་།དྲུག་པའི་དབྱར་ཆོས།བདུན་པའི་དུས་མཆོད། བརྒྱད་པའི་སྟོང་མཆོད།དགུ་བའི་སྨོན་ལམ། བཅུ་བའི་ཁྲོས་ནག་ཚོགས་མཆོད་དང་ལྔ་མཆོད་ཆེན་མོ། ཟླ་བཅུ་གཉིས་པའི་གཏོར་སྒྲུབ་བཅས་སོ།ད་ལྟ་ཆོས་སྡེ་འདི་ལ་བདག་སྐྱོང་བྱེད་པའི་དགེ་འདུན་པ་ཉི་ཤུ་ལྷག་བཞུགས་ཡོད།