གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > དགོན་སྡེ།

རྐང་ཚའི་དགོན་དར་རྒྱས་ཆོས་འཕེལ་གླིང་།

སྤེལ་དུས 2018-09-19 ཡོང་ཁུངས། དགེ་ལུགས་པའི་དྲ་བ། རྩོམ་པ་པོ། ཆོས་རྒྱ་མཚོ།
          ༄༅།།རྐང་ཚའི་དགོན་དར་རྒྱས་ཆོས་འཕེལ་གླིང་ནི། མདོ་སྨད་ས་ཡི་ཐིག་ལེ་ཁྲི་ཀ་གསེར་མོ་ལྗོངས་ཀྱི་སྟོད་ཀྱི་ཆར་གཏོགས་པ། སྤྱི་ལེ་ང་བདུན་ཙམ་གྱི་མཚམས་སུ་འབྲོག་སྡེ་རྐང་ཚ་གོང་མ་རུ་ཆགས་ཡོད་ཅིང་།གྲུབ་མཐའ་དགེ་ལུགས་པ་ཡིན། དགོན་སྡེ་འདི་དུས་རབས་བཅུ་དགུ་བའི་དུས་འགོར་ཀུན་མཁྱེན་སྐུ་གསུམ་པ་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་དབུས་ལ་ཕེབས་པའི་ལམ་ཞོར་དུ་ས་དམར་དང་འདྲེས་པའི་རི་བོ་མཐོ་ལ་བརྗིད་པ། མདུན་དུ་དྭངས་གཙང་ཡན་ལག་བརྒྱད་ལྡན་གྱི་ཆུ་བོ་ལྷུང་ལྷུང་འབབ་པ། ཡུལ་ཕྱོགས་ཐམས་ཅད་དགེ་བཅུའི་གཡང་གིས་ཕྱུག་པའི་ཆུ་མ་ཐང་ཞེས་པའི་གནས་དེར་དགོན་པ་ཞིག་ཡོད་ན་བཟང་གསུངས་ནས་ཕྱག་ནས་མཛད། ཕྱིས་བླ་མ་ཚུལ་ཁྲིམས་སྙན་གྲགས་ཟེར་བས་འདུ་ཁང་བཞེངས། འདི་ལ་བླ་མ་ཆོས་བཟང་གིས་བཞེངས་ཟེར་བའི་བཤད་ཚུལ་ཡང་འདུག གྲྭ་བའང་བཅུ་ཕྲག་འགའ་ཙམ་འཕེལ། སྐབས་དེར་དགོན་པའི་མཚན་ལ་ས་ཐོབ་དགོན་ཟེར། དུས་རབས་བཅུ་དགུ་བའི་ལོ་རབས་དྲུག་ཅུ་བའི་ནང་དགོན་པ་འཇིག་སྐད། དེ་ལ་རེབ་གོང་སྨད་པ་སྡེ་བདུན་གྱིས་ཧོར་མོ་ཁ་གསུམ་རྒྱག་པའི་ལམ་ཞོར་ལ་མེ་རུ་བསྲེགས་ཚུལ་དང་། ནང་སོ་ཁ་རྐྱལ་བས་དམག་རྒྱབ་ཚུལ་སོགས་བཤད་ཚུལ་འདྲ་མིན་སྣང་།
          དེའི་རྗེས་ལོ་རབས་དགུ་བཅུ་བའི་ནང་བླ་མ་ཀུན་བཟང་ཕུན་ཚོགས་རྒྱ་མཚོས་རྗེ་ཀརྨ་རོལ་བའི་རྡོ་རྗེའི་བཞུགས་ཁྲིའི་མདུན་ངོས་སུ་རྐང་ཚའི་དགོན་དགའ་ལྡན་ཕུན་ཚོགས་གླིང་ཕྱག་བཏབ་གནང་། བླ་བྲང་དང་གྲྭ་ཤག་བཅོ་ལྔ་ཙམ་བཞེངས། གྲྭ་སྲི་ཞིག་གིས་རྐྱེན་བྱས་ཏེ་ཡུན་རིང་ལ་གནས་མ་ཐུབ་པར་དུས་རབས་ཉི་ཤུ་བའི་ལོ་རབས་བཅུ་བའི་ནང་ཙམ་ལ་འཇིག དེ་ནས་བཟུང་གུར་སྒར་བྱས་ཏེ་ཆོས་ཐོག་སོགས་ཀྱིས་འཕྲོ་བརྐྱངས་སོ།།
          རབ་བྱུང་བཅུ་དྲུག་པའི་ས་སྦྲུལ་ཏེ་སྤྱི་ལོ1927ལོར་བཀའ་དྲིན་མཚུངས་ཟླ་མེད་པ་གཡེར་གཤོང་མཁན་ཆེན་དཔལ་ལྡན་ནོ་མོན་ཧན་རྗེ་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོ་མཆོག་རྐང་ཚའི་རྟ་སྒ་གཞུང་ལ་ཆིབས་བསྒྱུར་གནང་། སྐབས་དེར་དཔོན་པོ་བསོད་ནམས་ཚེ་རིང་དང་། ཨ་ཁུ་ཤེས་རབ་གཙོས་རྗེ་ཉིད་ལ་དགོན་པ་གསར་འདེབས་གནང་དགོས་པའི་སྐྱབས་འཇུག་ནན་ཆེར་བགྱིས་པས་ཞལ་གྱིས་བཞེས། འོན་ཀྱང་ཉིད་ཀྱིས་འགྲོ་དོན་རླབས་ཆེན་མཛད་པའི་དབང་གིས་དགོན་པའི་སྒྲིག་ལམ་དང་ཆོས་ཐོག་སོགས་ལ་དག་ཐེར་མཛད་པ་ལས་ལོ་ཤས་རིང་ཉམས་གསོ་མཛད་མ་ཐུབ། དེའི་རྗེས་ས་སྟག་སྟེ་སྤྱི་ལོ་1938ལོའི་དུས་ཚེས་དགེ་བར་ཉིད་ཀྱི་ལྗགས་བཀོད་ལྟར་སྐུ་དབོན་དར་རྒྱས་ཀྱིས་འགན་བཞེས་ཏེ་རྟེའུ་ཐང་དུ་དགོན་པ་ཕྱག་བཏབ་གནང་། ལྕགས་སྦྲུལ་ཏེ་སྤྱི་ལོ་1941ལོར་གསོ་སྦྱོང་དང་འདུལ་བའི་ཕྱག་བཞེས་དངོས་གཙང་བཙུགས་ཏེ་རྗེ་ཉིད་ཀྱིས་སོ་ཐར་གྱི་མདོ་འཆད། ཀུན་རིག་གི་དབང་དང་བདག་འཇུག་ཕྱག་རྒྱ་སོགས་ཉིན་མང་བོར་ནང་བྱན་ཆུད་པར་བསླབས། རྟེའུ་ཐང་དུ་དུས་འཁོར་དབང་ཆེན་གཉིས་དང་། ཆུ་དགེ་མདོ་རུ་སེམས་བསྐྱེད་མཆོད་པ་སོགས་ཀྱི་བཀའ་དྲིན་བསྩལ། རྗེ་ཉིད་ཀྱི་ལྗགས་རྩོམ་ལ། ལམ་རིམ་ཟིན་བྲིས། བསྐལ་བཟང་སངས་རྒྱས་སྟོང་གི་མཆོད་ཆོག སྙན་བརྒྱུད་ཀྱི་མན་ངག་སེམས་སྦྱོང་རིན་ཆེན་དབང་གི་རྒྱལ་བོ། ལམ་རིམ་ཆུང་ངུའི་ས་བཅད། རིན་པོ་ཆེའི་བསྟན་བཅོས། མེའི་བསྟན་བཅོས། ལྕགས་ཀྱི་བསྟན་བཅོས་སོགས་པོད་གསུམ་ཙམ་བཞུགས། རྟེའུ་ཐང་དུ་བཏུང་ཆུ་དཀོན་པའི་རྐྱེན་གྱིས་སྤྱི་ལོ་1951ལོར་རྗེ་ཉིད་ཀྱི་ཐུགས་བཀོད་ལྟར་ད་ལྟའི་དགོན་ས་འདིར་སྤོས་པ་རེད། ས་ཁྱི་ལོའི་དུས་འགྱུར་སྐབས་དགོན་པ་ལྷག་མེད་བྱས། རབ་རྒྱལ་ཤིང་བྱི་སྟེ་སྤྱི་ལོ་1984ལོར་སྐུ་དབོན་དར་རྒྱས་ཀྱིས་དགོན་པ་ཉམས་གསོ་བྱེད་རྒྱུའི་དབུ་ཚུགས། ཁོང་གི་ཐུགས་བཀོད་ལྟར་ཨ་ཁུ་དོན་ཡོད་ཀྱིས་གྲྭ་པ་བཅུ་གཉིས་ཙམ་བསྡུས་ནས་དགོན་པའི་ཚོགས་འདོན་འགོ་ནས་མཇུག་བར་དབྱངས་ཕྱག་རྒྱ་འབུད་རོལ་མོ་སོགས་ལོ་གསུམ་རིང་ནང་བྱན་ཆུད་པར་བསླབས། སྤྱི་ལོ་1987ལོར་འདུ་ཁང་གི་ཕྱི་མཁར་སྤེན་རྒྱན་དང་བཅས་པ་བཞེངས། སྐུ་དབོན་ཉིད་དགུང་གྲངས་དོན་ལྔ་བ་ས་སྦྲུལ་ལོའི་ཟླ་གསུམ་པའི་ཚེས་ཉེར་བརྒྱད་ཉིན་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་འཐིམ། དེའི་རྗེས་གཡེར་གཤོང་མཁན་ཆེན་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོའི་ཡང་སྤྲུལ་རྗེ་སྐལ་བཟང་བསྟན་པའི་རྒྱལ་མཚན་གྱིས་སྒོར་ཉི་ཁྲི་ལྷག་དང་ཇ་མར་སོགས་ཀྱི་བདག་རྐྱེན་གནང་བ་ལ་བརྟེན་ནས་ལོ་དེའི་སྟོན་ཁར་འདུ་ཁང་ལེགས་གྲུབ་བྱུང་།ཕྱི་ལོར་གསེར་ཚོན་ཕུལ། སྤྱི་ལོ་2010ལོར་ཨ་ཡག་དགེ་འདུན་བསྟན་འཛིན་རྒྱ་མཚོ་ཚང་གི་མདུན་ནས་གཞི་གསུམ་གྱི་ཕྱག་ལེན་དངོས་གཙང་བཙུགས། ལོ་དེར་མགོན་ཁང་རྟེན་བརྟེན་པ་དང་བཅས་པ་བཞེངས་བསྐྲུན་མཛད། རྟེན་གཙོ་ནི་ཡི་དམ་རྡོ་རྗེ་འཇིགས་བྱེད་དང་། པན་ཆེན་སྐུ་འཕྲེང་བཅུ་བས་གནང་བའི་སྐུ་པར་བྱིན་ཅན། སེ་ར་ནས་གནང་བའི་རྟ་མགྲིན།   གོས་སྐུ་ཆེན་མོ། ཆོས་སྐྱོང་གུར་མགོན་སོགས་བཞུགས། ད་ལྟ་གྲྭ་བཙུན་བཞི་བཅུ་ལས་བརྒལ་ཞིང་བསླབ་གསུམ་གྱི་ཉམས་ལེན་སོགས་ཡར་རྒྱས་ལ་འགྲོ་བཞིན་པའོ།།