ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > དགོན་སྡེ།

ཨ་འཁོར་དགའ་ལྡན་བཀྲ་ཤིས་བྱང་ཆུབ་གླིང་།

སྤེལ་དུས 2018-11-02 ཡོང་ཁུངས། མདོ་ལྷོ་དྲ་བ། རྩོམ་པ་པོ། མི་གསལ།
           ཨ་འཁོར་དགའ་ལྡན་བཀྲ་ཤིས་བྱང་ཆུབ་གླིང་ནི། དབལ་མང་པཎྚི་ཏའི་གསུང་འབུམ་དུ་སྔོན་སྤོང་བ་པ་དུ་མའི་བསྟི་གནས་སུ་རབ་བྱུང་བཅུ་བའི་ཆུ་ལུག(སྤྱི་ལོ༡༥༨༣)ལོར་ཆགས་པར་བཀོད། ཕྱིས་ཨ་འཁོར་རུ་གསུམ་གྱི་སྤྱི་དོན་ལྟ་བུར་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་གསུང་ལྟར། ཅོ་ནེ་དཔོན་ཚང་གིས་མཐུན་རྐྱེན་སྦྱར་ཏེ། བདེ་ཐང་བློ་བཟང་ཚངས་དབྱངས་པས་རབ་བྱུང་བཅུ་གཉིས་པའི་ཆུ་ལུག(སྤྱི་ལོ༡༧༠༣)ལ་དགོན་འདི་འདེབས་པར་མཛད། ལོ་ཤས་ན་རབ་འབྱམས་པ་ཆོས་འཛིན་གྲུ་ཚུགས་པས་ཀུན་མཁྱེན་གོང་མ། ཁྱ་དགེ་དཔོན་སློབ། སྒོམ་ཆེན་བློ་བཟང་བཀྲ་ཤིས་སོགས་གདན་དྲངས། སྔོན་མ་གཉིས་དང་ཅོ་ནེ་མཁན་ཆེན་བཅས་ཀྱིས་བཀའ་ཤོག་བསྩལ། རབ་བྱུང་བཅུ་གསུམ་པའི་ལྕགས་སྦྲུལ(སྤྱི་ལོ༡༧༦༡)ལ་ཅོ་ནེ་དཔོན་ བསྟན་འཛིན་དབང་རྒྱལ་འཕྲིན་ལས་རྡོ་རྗེ་གཙོས་བདེ་ཐང་བློ་བཟང་རབ་བརྟན། དགོན་ལི་མཁས་མཆོག་རྒྱ་མཚོ  བདེ་ཐང་བློ་བཟང་ཡོན་ཏན་སོགས་ཀྱིས་འདུ་ཁང་བཞེངས། ཅོ་ནེ་མཁན་རིན་པོ་ཆེ་དཀོན་མཆོག་རྒྱལ་མཚན་པས་བཅའ་ཡིག་བཞག་ཅིང་། ལོ་རེར་བདེ་གསང་འཇིགས་གསུམ་ཀུན་རིག་སོགས་བདག་འཇུག་ལྔ། ཆོ་འཕྲུལ་སྨོན་ལམ་ཉིན་གསུམ་བྱམས་པ་གླིང་སྐོར་དང་བཅས་པ། ཧོར་ཟླ་བཞི་བ། ལྔ་བ། དྲུག་པ། དགུ་བ། བཅུ་བ། བཅུ་གཅིག་པ་བཅས་ལ་སྙུང་གནས། བཀའ་འགྱུར་གསུང་སྒྲོགས། གདུང་མཆོད་ལྔ། བསྙེན་སྒྲུབ། ཟླ་རེའི་ཡར་ངོ་མར་ངོའི་ གསོ་སྦྱོང་སོགས་ཉིན་བརྒྱ་དང་ལྔ་བཅུ་ལྷག་ལ་ཆོས་སྤྱོད་ཀྱི་བྱ་བ་ཡོད། ཀྲུང་ཧྭ་མིན་གོ་སྲིད་ལོ་ ༡༨པའམ(སྤྱི་ལོ༡༩༢༩)ལོར་ཀཱ་ཟི་ལིན་ཇག་ཚོགས་ཀྱིས་དགོན་པ་གཙང་སྲེག་བཏང་། དེ་སྔོན་རྟེན་གཙོ་ལ་ཐུབ་པ་གསུང་འབྱོན། རྒྱུད་སྡེ་བཞིའི་ལྷ་ཚོགས་ལི་མ་མི་ཚད་ཙམ་ཡོད་པ་སོགས་དང་། དཔག་བསམ་འཁྲི་ཤིང་། ལམ་རིམ་བླ་བརྒྱུད་དང་བྱ་རྒྱུད་རིགས་ཀྱི་གྱན་ཐང་དང་ཐང་ཀ་མང་པོ་དང་མཆོད་ཆས་ཡོ་བྱད་སྤུས་ལེགས་མང་པོ་སྒྲུགས་ཡོད། ཅོ་ནེ། སྡེ་དགེ དབུས་ཀྱི་བཀའ་འགྱུར་ཚར་གསུམ། བསྟན་འགྱུར་ཚར་གཉིས། འབུམ་ཚར་བཅུ་གཅིག་སོགས་པོད་དུ་མ། ལྷ་སར་བཀའ་འགྱུར་པར་གསར་སྐྲུན་ལ་ཞུ་དག་པའི་གྲས་ཆོས་དཔལ་ཞིང་བློ་བཟང་རྒྱ་མཚོ་དང་བླ་མ་དཀོན་མཆོག་སེང་གེ་སོགས་ཀྱི་དངུལ་གྱི་མཆོད་སྡོང་ལྔ་ཕུལ་བ་དང་། གཞན་བྱམས་སྐུ་ཐོག་གཉིས་ཅན་དང་རྗེའི་ལྷ་ཁང་། མཆོད་རྟེན་ལྷ་ཁང་། བྲག་དཀར་བཙན་ཁང་རྣམས་སུའང་རྟེན་གསུམ་ཤིན་ཏུ་མང་། སྡེ་འདིར་ཀུན་མཁྱེན་འཇམ་དབྱངས་བཞད་པ། དབལ་མང་རིན་པོ་ཆེ། སྡེ་ཁྲི་ཆོག་རྗེ་དཀོན་མཆོག་སེང་གེ རྗེ་བསྐལ་བཟང་བཟོད་པ་རྒྱ་མཚོ། བྲག་སྒོམ་པ། མཁན་ཆེན་དགེ་ལེགས་ངྷིརྨ་བཅས་སྐུ་འཕྲེང་རིམ་བྱོན་གྱིས་སྤྱན་བསྐྱངས་ཚད་མེད་གནང་ཞིང་ཐོག་མ་དང་ཕྱི་མ་གཉིས་ལས་གཞན་བཞི་དང་སྟོབས་ལྡན་ཚང་བཅས་ལ་ནང་ཆེན་ཡང་ཡོད། སྡེ་འདིར་བྱོན་པའི་མཁས་ཆེན་མི་ཉུང་ཡང་གསུང་འབུམ་ཅན་ལྷ་བཙུན་དཀོན་མཆོག་ཆོས་འབྱོར(པོད༡)། བཤེས་གཉེན་དཀོན་མཆོག་བཟང་པོ(པོད༣)། བྲག་དཀར་བློ་བཟང་བཀྲ་ཤིས། ངག་དབང་ནོར་བུ་སོགས་བྱོན། ༡༩༥༨ལོར་བླ་མ་གསུམ་དང་དགེ་འདུན་པ་བརྒྱ་ལྷག་བཞུགས་ཡོད་པར་བཤད།