ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > དགོན་སྡེ།

སྨན་ལུང་དགོན་བཀྲ་ཤིས་ཆོས་འཕེལ་གླིང་།

སྤེལ་དུས 2018-11-06 ཡོང་ཁུངས། མདོ་ལྷོ་དྲ་བ། རྩོམ་པ་པོ། མི་གསལ།
          སྨན་ལུང་དགོན་བཀྲ་ཤིས་ཆོས་འཕེལ་གླིང་ནི། རབ་འབྱམས་པ་སྨོན་ལམ་མཆོག་གྲུབ་  བམ་མཚན་གཞན་རྐང་ཚའི་བླ་མ་ཨོག་ཝ་ཅན་གྱིས་རྒྱལ་སྲས་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་བློ་བཟང་བསྟན་འཛིན་ལ་དགོས་པ་ཞུས་པའི་གསུང་ལན་ལྟར། རབ་བྱུང་༡༡པའི་ས་ཕག(སྤྱི་  ལོ༡༦༥༩)ལོར་ཕྱག་བཏབ། གསང་འདུས། ཀུན་རིག འཇིགས་བྱེད་ལྷ་བཅུ་གསུམ་མ། སྨན་བླ་རྣམས་ཀྱི་བདག་འཇུག་དང་། སྦྱིན་སྲེག་སོགས་རྒྱུད་སྡེའི་ཆོས་སྤྱོད་དུ་མ་ཚུགས། དགོན་པའི་སྲུང་མའི་གཙོ་བོར་དཔལ་ལྡན་ལྷ་མོ་བསྟེན། དེའི་ཚེས་གཏོར་དང་བསྐང་མདོས་མགོན་ཆོས་ལྔ་དང་བཅས་ཀྱི་ཆོ་ག་ཕྱག་ལེན་དངོས་གཙང་བར་གནས་ཤིང་། སོ་སོའི་ཉེར་སྤྱད་དང་རོལ་ཆས། མཆོད་རྫས་ཡོ་བྱད་གང་ལེགས་ཡོད། ཕྱིས་དགོན་པ་འདེབས་པ་པོའི་དབོན་རྒྱུད་དུ་འཁུངས་པ་འདུལ་འཛིན་འཇམ་དབྱངས་ཤེས་རབ་ཀྱིས་ཀུན་མཁྱེན་འཇིགས་མེད་དབང་བོར་སྒར་མགོ་ ཕུལ་པས་དགོན་ལག་ཨང༡༣པར་བཤད། དེ་ནས་བཟུང་ཁྲི་བ་བླ་བྲང་གིས་གཏོང་། ཀུན་     མཁྱེན་སྐུ་ཕྲེང་བཅུ་གསུམ་པས་བཅའ་ཡིག་བཞག ལོ་ལྟར་ཉིན་བརྒྱ་དང་ང་བརྒྱད་ལ་འཆར་ ཅན་ཚོགས་ཆོས་ཀྱི་སྲོལ་གནས། ཕྱིས་རྗེ་ཤེས་རབ་རྒྱ་མཚོ(འདི་བ་སྐྱབས་མགོན་སྐུ་ཕྲེང་བཞི་ བ་དང་། རྒྱལ་དབང་བཅུ་གསུམ་པའི་བླ་མར་བསྟེན་པ་ཞྭ་དམར་དགེ་འདུན་བསྟན་འཛིན་   སོགས་ཀྱི་བླ་མ་ཡིན། འདིའི་གདུང་རྟེན་ད་ལྟ་བླ་བྲང་འདུ་ཁང་ཆེན་མོའི་རྩེ་ཐོག་ལྷ་ཁང་དུ་   བཞུགས།)རྒྱུན་རིང་བཞུགས་པའི་གདན་ས་ཡིན་པས་དབྱར་དགག་གསོ་གསུམ་ཉིད་ཀྱིས་   བཙུགས། བླ་བྲང་གསེར་ཁང་བྱམས་པའི་གཟུངས་བཞུག་གི་རྟེན་སྣ་ཚང་བར་བཞུགས་ཤིང་སྐུ་ལས་ཚུལ་ཁྲིམས་ཀྱི་དྲི་ངད་དང་ལྡང་བའི་སྨན་འདམས་གྱི་བྱམས་སྐུ་ཆེ་ཚད། ཐུབ་པ་ཚུལ་          ཁྲིམས་མའི་ལི་སྐུ་བྱིན་ཅན། སྒྲོལ་དཀར་གྱི་སྨན་སྐུ་བདུད་རྩི་འབབ་པ་སོགས་ཡ་མཚན་པའི་ལོ་རྒྱུས་ཅན་ཁ་ཤས་ཀྱིས་དབུས་ལྷ་མོའི་ཞལ་ཐང་སོགས་བྲིས་འབུར་གྱི་སྐུ་གཟུགས་མང་པོ།      བཀའ་འགྱུར་དང་། རྗེ་ཙོང་ཁ་པ་ཡབ་སྲས་གསུམ། ཀུན་མཁྱེན་གོང་མ་དང་བར་མ། ལྕང་སྐྱ་སྐུ་ཕྲེང་གཉིས་པ་དང་གསུམ་པ་སོགས་ཀྱི་གསུང་འབུམ་དང་། གཞན་གསུང་ཐོར་བུ་དུ་མ། བླ་མ། གནས་བརྟན། དགེ་བསྐོས། དབུ་མཛད། སྤྱི་བ་གསུམ། རྒན་པ་བཞི། དཀོར་གཉེར། ཇ་མ། དུང་འབུད་བཅས་ཀྱིས་སོ་སོའི་ལས་ཀྱི་ཁུར་འཛིན། སྔོན་ཀུན་སྤངས་པ་ཆེན་མོ་གནས་བརྟན་བྱམས་པའི་མཚན་ཅན་དང་། འདུལ་འཛིན་འཇམ་དབྱངས་ཤེས་རབ་གཉིས་ཀྱི་རྟོགས་བརྗོད་མདོ་  སྨད་ཆོས་འབྱུང་དུ་གསལ་བ་དེའོ། རིག་གནས་ལ་མཁས་པའང་བྱུང་སྣང་སྟེ་བླ་བྲང་གི་གདན་རབས་བརྒྱད་རབས་ཅུ་བ་མཁས་པ་ཆེན་པོ་ཀྲང་གྱ་ཞབས་དྲུང་སྐལ་བཟང་དཀོན་མཆོག་རྒྱ་  མཚོས་ཀྱང་། འདིས་གྲྭ་ཧོ་པ་དགེ་འདུན་རྒྱ་མཚོ་ལས་རིག་གནས་གསན་སྐད། གཞན་ཡང་།   དགེ་སློང་ཨ་ཀྱ་བློ་གསལ་རྒྱ་མཚོ། ཅོ་ནེ་སྨོན་ལམ་སོགས་བྱོན། བོད་རབ་བྱུང་བཅུ་དྲུག་པའི་ས་ཁྱི་(སྤྱི་ལོ༡༩༥༨)ལོར་འདུ་ཁང་དང་བྱམས་ཁང་། ནང་ཁག་གྲྭ་ཤག ༢༠གྲྭ་བ་༤༣བཅས་ བཞུགས། སྡེ་འདིར་འབྲེལ་གཏོགས་ཁྱུང་རྩེ་རི་ཁྲོད་ནི། རྭ་ཟིའི་བྲག་དཀར་གྱི་རྩེར་སྔོན་རྒྱ་གར་གྱི་གྲུབ་ཆེན་ཇོ་བོ་ན་རོ་ཏ་པའི་སློབ་མ་བལ་བོ་ཕམ་མཐིང་བ་ཆུང་བ་སྤྱི་ལོའི་དུས་རབས་བཅུ་ གཅིག་པར་ཡུལ་འདི་བརྒྱུད་ནས་ད་ལྟའི་ཀན་སུའི་ཡི་ཡུང་ཅིན་རྫོང་གི་ལོ་ཀྱ་ཏུན་དུ་ཕེབས་   ལམ་བཞུགས་མྱོང་བར་གྲགས་པའི་སྒྲུབ་ཕུག་ཏུ། ཀུན་མཁྱེན་གོང་མའི་གྲྭ་རྒྱུན་ཁ་གྱའི་དར་   རྒྱས་དང་འཛིན་གྲྭ་གཅིག་པ་རྔ་རྒོད་སྙུང་གནས་པས་བཏབ། ཐུགས་རྗེ་ཆེན་པོའི་གནས་སུ་   གྲགས་པས་དེའི་ཉམས་ལེན་སྐོར་ཚུགས་ཤིང་། ཤོ་བའི་རྟ་མགྲིན་དང་བྱིན་རླབས་མཉམ་པར་ བཤད་པའི་རྟ་མགྲིན་གྱི་སྐུ་གཙོས་རྟེན་གསུམ་མི་ཉུང་ཙམ་བཞུགས། སྲུང་མར་ཀེཥ་ཏྲ་པཱ་ལ་  བསྟེན། སྤྱི་ལོ༡༩༥༨སྐབས་འདུ་ཁང་དང་བླ་མ༡ནང༡རི་ཁྲོད་པ༤བཅས་ཡོད་པ་འདྲ།