ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > དགོན་སྡེ།

དཔའ་རིས་མཆོད་རྟེན་ཐང་།

སྤེལ་དུས 2019-04-01 ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། རྩོམ་པ་པོ།
           དཔའ་རིས་མཆོད་རྟེན་ཐང་ནི་མདོ་སྨད་ཙོང་ཆུའི་བྱང་རྒྱུད་དུ་གཏོགས་པའི་ཀན་སུའུ་ཞིང་ཆེན་དཔའ་རིས་བོད་རིགས་རང་སྐྱོང་རྫོང་གི་འཇུ་ལག་ཆུ་བོའི་བྱང་འགྲམ་དུ་ཆགས་ཤིང་། སྔོན་ཀརྨ་རོལ་བའི་རྡོ་རྗེ་ལང་ཇུ་རུ་ཕེབས་སྐབས་འཇུ་ལག་ཆུ་འགྲམ་དུ་ཀླུ་གདུག་པ་ཅན་ཞིག་གནས་པ་དམ་ལ་བཏགས་པའི་དན་རྟགས་སུ་མཆོད་རྟེན་བརྒྱ་རྩ་བརྒྱད་བཞེངས་པས་མཆོད་རྟེན་ཐང་དུ་ཐོགས། དེ་ནས་ཕྱོགས་དེར་ཀརྨ་པའི་འཕྲིན་ལས་ཤིན་ཏུ་རྒྱས་པར་བརྟེན་ཁྱུང་ཚ་ཞེས་པའི་བཀའ་བརྒྱུད་པའི་དགོན་པ་ཞིག་ཀྱང་བཏབ། དེ་ནས་ཡུན་རིང་འགོར་རྗེས་ཀརྨ་བཀའ་བརྒྱུད་པ་ཉམས་པའི་རྗེས་སུ་གནས་དེར་འདན་མ་གྲུབ་ཆེན་གྱི་ཞལ་སློབ་རི་ཁྲོད་པ་ཁ་ཤས་ཡོད་པའི་སྟེང་དུ་རྒྱ་ཏིག སྟོབས་ཚང་། སྔོ་ཁོ་གསུམ་གྱི་གྲྭ་བ་རྣམས་བསྡུས་ནས་རབ་བྱུང་བཅུ་གཅིག་པའི་མེ་ཕག(སྤྱི་ལོ1647)ལོར་སྟོང་འཁོར་ཧུ་ཐོག་ཐུ་སྐུ་ཕྲེང་བཞི་པ་མདོ་རྒྱུད་རྒྱ་མཚོས་དགེ་ལྡན་ལུགས་ཀྱི་ཆོས་སྡེ་ཆེན་པོ་མཆོད་རྟེན་ཐང་བཏབ་པས་མཆོད་རྟེན་ཐང་དེ་སྟོང་འཁོར་དགོན་གྱི་དགོན་ལག་ཏུ་གྱུར། རབ་བྱུང་བཅུ་གཅིག་པའི་ཆུ་འབྲུག(སྤྱི་ལོ1652)ལོར་རྒྱལ་དབང་ལྔ་པ་ཆེན་པོ་རྒྱ་ནག་ཏུ་ཕེབས་སྐབས་དཔའ་རིས་ཇག་རུང་དུ་ཞག་བཞུགས་གནང་ཞིང་མཆོད་རྟེན་ཐང་གི་དགོན་པར་བཀྲ་ཤིས་དར་རྒྱས་གླིང་ཞེས་པའི་མཚན་བསྩལ། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གསུང་ལྟར་ཚངས་པ་སྲུང་མར་བསྟེན། དེ་རྗེས་འདན་མ་གྲུབ་ཆེན་ལ་ཞུས་ཏེ་མཚན་ཉིད་བཙུགས། སྒྲིག་ལམ་བཀྲ་ཤིས་སྒོ་མང་ལྟར་ཡུལ་དུས་དང་བསྟུན་པའི་བཀོད་ཁྱབ་མཛད། དབུ་ཕར། འདུལ་མཛོད། བསྡུས་གྲྭ་བཅས་ཀྱི་བརྩི་བཞག་བཏང་བས། དགོན་པ་འདི་རང་ནས་མཁས་བཙུན་བཟང་གསུམ་གྱི་དགེ་བཤེས་མང་པོ་བྱུང་། གྲྭ་ཚོགས་རྒྱས་སྐབས་དགེ་འདུན་བརྒྱད་བརྒྱ་ལྷག་འདུས་ཤིང་། དགོན་པ་ཆེས་དར་བའི་སྐབས་སུ་ལྷ་ཁང་བཅུ་བཞི་དང་འདུ་ཁང་བཞི་བཅུ། ནང་ཆེན་བཅུ་བདུན། གྲྭ་ཤག་སུམ་བརྒྱ་ལྷག་དང་། འབུར་སྐུ་བྲིས་ཐང་རྩ་ཆེན་དང་ལྡེབས་རིས། མེ་ཏོག་མཆོད་རྒྱན། ཆོས་གཞུང་། སྨན་གཞུང་། རྩིས་གཞུང་། ཤིང་པར་དང་དཔེ་རྒྱུན་དཀོན་པོའི་བྲིས་མ་པོ་ཏི་འབུམ་ཕྲག་ལོངས་པ་སོགས་རྟེན་དང་བརྟེན་པ་ཤིན་ཏུ་མང་ངོ་།
           2002ལོའི་ཟླ8པར་ལེགས་འགྲུབ་བྱུང་བའི་རྗེ་སྐུ་ཆེན་མོ་དེ་ནི་འཛམ་གླིང་གི་ཆེས་མཐོ་ཞིང་ཆེས་ཆེ་བའི་རྗེ་རིན་པོ་ཆེའི་ཤིང་སྐུར་གྲགས་ཤིང་། མཐོ་ཚད་ལ་སྨི23དང་ཞེང་ཚད་ལ་སྨི9.52ཡོད། ལྷ་ཁང་དེ་ནི་ཐོག་བརྩེགས་དགུ་ཅན་ཞིག་ཡིན་ལ། ལྷ་ཁང་ནང་རོལ་གྱི་མཐའ་བཞི་རུ་བསྡོམས་པས་ཟངས་སྐུ4000དང་ཤིང་སྐུ21བཞུགས། །