ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > དགོན་སྡེ།

བྲག་དཀར་སྤྲེལ་རྫོང་།

སྤེལ་དུས 2019-08-22 ཡོང་ཁུངས། རྩོམ་པ་པོ།
            དེ་ཡང་ཇི་སྐད་དུ། རང་བྱུང་རྟེན་གྱིས་ཕྱུར་བུར་གཏམས་པ་དང་། །དམ་པ་གོང་མའི་སྒྲུབ་གནས་ཁྱད་འཕགས་སོགས། །ཕྱི་ནང་ཞིང་གི་བཀོད་པ་སྣ་ཚོགས་པར། །དགྱེས་གཟིགས་བྱིན་རླབས་བདུད་བརྩའི་གྲུ་བསྙིལ། །ཞེས་བསྔགས་པ་ལྟར། དང་པོ་ཉིད་ནས་རྟེན་གསུམ་བྱིན་རླབས་ཀྱི་མཚན་ཁ་མེ་ལྟར་འབར་ཞིང་ངོ་མཚར་སྟོང་གི་སྙན་པ་ནོར་འཛིན་བུ་མོའི་ཁྱོན་ཀུན་ལ་རླུང་ལྟར་གྲགས་པའི་གནས་མཆོག་བྲག་དཀར་སྤྲེལ་རྫོང་ནི་མདོ་སྨད་ཀྱི་ནང་བའི་གནས་ཆེན་ཞིག་སྟེ། ད་ལྟའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བྲག་དཀར་རྫོང་གི་དབུས་རྒྱུད་ནས་ལྷོ་ནུབ་ཕྱོགས་སུ་གཞོལ་བའི་སྤྱི་ལེ་སུམ་ཅུ་ཙམ་གྱི་མཚམས་ན་ཡོད།  གནས་རྫོང་འདི་ཉིད་ཨ་ཆུང་གནམ་རྫོང་དང་། ཕུ་ལ་ཡང་རྫོང་ངམ་པདྨ་ཆོས་རྫོང་། ཤ་བ་རི་རྫོང་།  བྲག་དཀར་སྤྲེལ་རྫོང་ཞེས་མདོ་སྨད་རྫོང་ཆེན་བཞིར་གྲགས་པའི་རྫོང་ཕྱི་མ་སྟེ། ངག་རྒྱུན་ལ། རྫོང་འདི་ནི་གནས་ཆེན་ཙ་རི་ཏྲ་ནས་མཆེད་པར་གྲགས་ཤིང་།  གནམ་ལོ་ཤིང་སྤྲེལ་ལོའི་ཙ་རིའི་གནས་འདུས་ཀྱི་ལོ་ལ་འདིར་ཕྱག་བསྐོར་བྱས་ན། ཙ་རིའི་རོང་བསྐོར་དང་བྱིན་རླབས་མཉམ་པར་གསུང་པས། གནས་འདི་ལ་དཔལ་བདེ་མཆོག་འཁོར་ལོ་སྡོམ་པའི་ཕོ་བྲང་ངམ་གནས་ཆེན་ཙ་རི་ཏྲ་གཉིས་པ་ཞེས་ཡང་ཡང་བསྔགས། འབྲི་གུང་བ་ཆོས་ཀྱི་གྲགས་པ་སོགས་སྐྱེས་ཆེན་དམ་པ་དུ་མས་མཛད་པའི་གནས་ཡིག་ཏུ།    སློབ་དཔོན་པས་གཡེར་མོ་ཐང་དུ་དམ་སྲི་སྤུན་དགུ་དམ་ལ་འདོགས་སྐབས།  སྲིན་པོ་ཁྲག་རལ་ཅན་སོགས་བདུན་སྤྲེལ་རྫོང་དུ་བྲོས་ནས་བྲག་ཞབས་སུ་ཡིབས།  སློབ་དཔོན་དེ་དག་འདུལ་བར་བྲག་དཀར་སྤྲེལ་རྫོང་དུ་ཕེབས་ནས་ཏིང་ངེ་འཛིན་ལ་བཞུགས་དུས། འདྲེ་སྲིན་ཚོས་ཕ་བོང་ཞིག་གིས་ཕུག་སྒོ་བཅད་པར་སློབ་དཔོན་གྱིས་རྡོ་རྗེ་གསོར་བས་ཕུག་ལམ་བརྟོལ་ནས་མཁའ་ལ་བྱོན་ཞིང་།  རྡོ་རྗེ་དྲག་ཆར་ཕབ་ནས་འདྲེ་སྲིན་དེ་དག་ཚར་བཅད། དེ་དག་གིས་བསྟན་འགྲོར་འཚེ་བའི་སྨོན་ལམ་ལོག་འདེབས་བྱས་སྟབས།  དེ་དག་གི་གཉེན་པོ་རུ་བྲག་དཀར་སྤྲེལ་རྫོང་གི་རྡོ་རྗེ་གློ་དཀར་གསལ་བའི་ཕོ་བྲང་དུ་ཏིང་ངེ་འཛིན་ལ་བཞུགས་སྐབས། མི་ལུས་སྤྲེལ་མགོ་ཅན་ཞིག་བྱུང་བར་དམ་ལ་བཏགས་ཏེ་ཞིང་སྐྱོང་གཉན་སྤྲེལ་ཟླ་བ་ཆེན་མོ་ཞེས་པའི་མཚན་གསོལ་ནས་གནས་བདག་དང་བསྟན་སྲུང་དུ་བཀོད་པས་བྲག་དཀར་སྤྲེལ་རྫོང་དུ་ཐོགས་པར་གྲགས་སོ། །བོད་རབ་བྱུང་བཅུ་བདུན་པའི་བགྲང་བྱ་ཉེར་དགུ་བ་གདོང་ངན་ཞེས་པ་མེ་ཕོ་སྤྲེལ་གྱི་བོད་དང་པོ་ཚེས་ཉེར་བདུན་སྦྱོར་བ་དངོས་གྲུབ་ཉིན་༼སྐུ་དྲག་སྤྲོ་འཛོམས་ཁང་༽ནས་དྲྭ་འབུ་ལག་མང་བ་འབྲོག་སྐར་གྱིས་བྲག་དཀར་སྤྲེལ་རྫོང་ཡུལ་སྐོར་གནས་ཡིག་དང་བསྟུན་ནས་བྲིས་པ་ཙམ་མོ། །