ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > དགོན་སྡེ།

གླང་རུ་དགོན།

སྤེལ་དུས 2019-11-26 ཡོང་ཁུངས། ཡོངས་འཛིན། རྩོམ་པ་པོ།
1 ངོ་སྤྲོད།
             གླང་རུ་དགོན་ནི་ཀོང་པོ་རྒྱ་མདའ་རྫོང་ཉང་པོ་ཤང་གླང་རུ་གྲོང་ཚོའི་ཁོངས་སུ་ཡོད་པ་དང་། རྫོང་སྲིད་གཞུང་ནས་སྤྱི་ལེ51ཙམ་ཡོད། སྣུམ་ནག་ལམ་བུ་ཤར་གཏོང་ཐུབ་ཡོད། དགོན་པོ་དེ་ནི་ཉིང་ཁྲི་གྲོང་ཁྱེར་ས་ཁོངས་ནང་དགོན་སྡེ་ཆེ་གྲས་ཤིག་ཡིན་ཞིང་། མིག་སྔར་སྤྲུལ་སྐུ་བློ་བཟང་བསྟན་པའི་ཉི་མ་གང་ཉིད་དགོན་སྡེ་དེར་འཚོ་བཞུགས་ཐོག་འགྲོ་དོན་རྒྱ་ཆེར་མཛད་བཞིན་ཡོད། དགོན་སྡེ་དེ་ནི་རི་བོ་དགེ་ལུགས་པའི་གྲུབ་མཐའ་ཡིན་པ་དང་། ཤར་རྒྱལ་བ་ཙོང་ཁ་བའི་སློབ་མ་སེམས་པ་ཆོས་ཀྱི་འཕགས་པས་སྤྱི་ལོ1440ལ་ཕྱག་བཏབ་པ་ཞིག་ཡིན། ད་བར་ལོ་ངོ500ལྷག་ཙམ་གྱི་ལོ་རྒྱུས་ཡོད། དགོན་པ་དེའི་རྟེན་གྱི་གཙོ་བོ་ནི་ཇོ་བོ་ཤཱཀྱ་མུ་ནེ་ཡིན། དགོན་པ་དེ་ཉིད་རྒྱུད་གྲྭ་སྟོད་སྨད་དུ་དབྱེ་བ་དང་། སྔ་མོ་ཁག་སོ་སོར་དགེ་འདུན་པ500ལྷག་ཙམ་ཡོད་པར་གྲགས། 
2 མིང་ཐོགས་ཚུལ།
             གླང་རུ་ཞེས་པའི་མིང་ནི་ཡུལ་མིང་དགོན་ལ་ཐོགས་པ་ཞིག་ཡིན་ཏེ། ཡུལ་དེའི་རྒྱབ་རིའི་དབྱིབས་ནི་གླང་གི་རྭ་ཅོ་དང་འདྲ་བས། ཡུལ་མིང་དེ་ལྟར་ཐོགས་པ་ཡིན།