2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > དགོན་སྡེ།

དུང་དཀར་དགོན།

སྤེལ་དུས 2019-12-11 ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ། རྩོམ་པ་པོ། ཚུལ་ཁྲིམས་བཟང་པོ།
           དུང་དཀར་དགོན་པ་ནི་གསེར་རྟ་རྫོང་མཁར་དང་བར་ཐག་ལེ་བར་དྲུག་བདུན་ཙམ་ཡོད་སའི་ནུབ་བྱང་མཚམས་ཀྱི་སྤང་རིའི་ཁ་ལྗོངས་སུ་གནས་ཤིང་། གཙང་པོའི་ཉེ་འདབས་ནས་ཡར་མཇལ་དུས་མདུན་ཁང་གི་རྒྱ་ཕིབས་ངོས་སུ་གསེར་འོད་རབ་ཏུ་འཚེར་ཞིང་། ལྟ་བས་མིག་གིས་མི་གཟོད་ལ། བསམ་པས་བློ་རུ་མི་ཁེངས་པའི་ཚོར་སྣང་སྐྱེས། མདུན་ནས་དྭངས་ཤིང་གཙང་བའི་ཆུ་ཕྲན་ལྷུང་ལྷུང་དུ་བབས་ཤིང་། ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དུ་རྟ་ནོར་ལུག་གིས་ཕྲ་རྒྱན་སྤྲས་པ་དང་མཚུངས་ལ། གསེར་ཞུན་ཁུ་བས་བྱུག་འདྲའི་རྩྭ་ཐང་གི་མཐའ་དེ་རུ་གསེར་རྟ་རྫོང་མཁར་ཞོ་ཆགས་པ་ལྟར་གནས་པ་དང་། བལྟས་པ་ཙམ་གྱིས་འཕེལ་རྒྱས་ཀྱི་གོམ་སྟབས་མྱུར་ཞིང་། འདུ་འཛི་ཆེ་བའི་གྲོང་ཁྱེར་གྱི་འཕེལ་ཕྱོགས་སུ་སྐྱོད་བཞིན་པ་རྟོགས་སླ།
           ཡར་དགོན་པའི་མདུན་གྱི་ཐང་ཆེན་དུ་ཕྱིན་པས། དགོན་པའི་དོ་དམ་པས་མདུན་ཁང་དུ་ཁྲིད་ནས་དགོན་པའི་འབྲེལ་ཡོད་གནས་ཚུལ་རྣམས་ངོ་སྤྲོད་བྱས་བྱུང་། དུང་དཀར་དགོན་པ་ནི་རྒྱལ་གཅེས་ཆོས་གཅེས་ཀྱི་ལོ་རྒྱུས་ཧ་ཅང་རིང་བའི་དགོན་རྙིང་ཞིག་རེད་འདུག་ལ། 1937ལོར་དམར་དམག་རུ་ཁག་གཉིས་པ་རྒྱང་སྐྱོད་བྱས་ནས་གནས་དེར་བརྒྱུད་དུས། དམར་དམག་རྣམས་ཟས་གོས་ཀྱིས་དབུལ་ཞིང་ལྟོ་སྐྱ་གོས་ཧྲུལ་གྱི་གནས་སུ་ལྷུང་ཡོད། སྐབས་དེར་དུང་དཀར་སྐུ་ཕྲེང་གསུམ་པ་དང་དགོན་སྡེའི་དོ་དམ་པ། དེ་མིན་དགོན་སྡེའི་གྲྭ་བཙུན་ཡོངས་ཀྱིས་དམར་དམག་རྣམས་ལ་རོགས་རམ་གང་ལེགས་བྱས་ཤིང་། དམར་དམག་རྣམས་སྔ་རྗེས་སུ་དགོན་པའི་ནང་དུ་གཟའ་འཁོར་གཉིས་ལྷག་བསྡད་པར་མ་ཟད། དགོན་པས་ཆེད་དུ་ཟས་གོས་དང་སྒོ་ཕྱུགས་འབོར་ཆེན་འདོན་སྤྲོད་བྱས་པས། དམར་དམག་གིས་རྒྱ་བོད་ནི་ཁྱིམ་ཚང་གཅིག་གི་ཡིན་ཞེས་པའི་ཡི་གེ་བྲིས་མ་ཞིག་དང་དམག་སྤྱི་ཀྲུའུ་ཏེ་སྐུ་དངོས་ཀྱིས་ཐམ་ག་བརྒྱབས་པའི་གཡར་འཛིན་ཞིག་བྲིས་ནས་དགོན་པ་རུ་བཞག་མྱོང་ལ། 1954ལོར་ཀྲུང་དབྱང་སྲིད་གཞུང་གིས་དུང་དཀར་དགོན་པ་ལ་ཏཱ་དབྱང་སྟོང་ལྔ་སྤྱིན་ཚབ་ཏུ་སྤྲོད་རབ་འདུག །
           ད་ལྟ་དགོན་པའི་ནང་དུ་བསྡོམས་པས་གྲྭ་པ་298ཡོད་ལ། དེ་ལས་ཞིང་གྲོང་གི་ཆེས་དམའ་བའི་འཚོ་བའི་འགན་སྲུང་ཡོད་མཁན་མི་གྲངས་90ཡོད། 2016ལོར་རྒྱལ་ཁབ་ཀྱིས་དགོན་པའི་གྲྭ་པ་རྣམས་ལ་བརྙན་འཕྲིན་དང་མིས་བཟོས་འཁོར་སྐར་སྡུད་ལེན་ཆས་སོགས་གློག་ཆས་300ལྷག་སྦྱིན་པ་དང་། ད་དུང་རྫོང་ཆོས་ལུགས་ཅུས་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་སྒོར་ཁྲི་དྲུག་སྟོང་བདུན་ལྷག་བཏང་ནས་དགོན་པ་རུ་གློག་ཀ་བཙུགས་ཤིང་གློག་སྐུད་དྲངས། 2017ལོར་རྫོང་ཆོས་ལུགས་ཅུས་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་སྒོར་ཁྲི་ལྔ་ལྷག་བཏང་ནས་དགོན་པའི་མདུན་ཁང་དང་མཆོད་རྟེན་སོགས་ཞིག་གསོས་བྱས། ད་དུང་འབྲེལ་ཡོད་ལས་ཁུངས་ཀྱིས་དགོན་པའི་འཕྲོད་བསྟེན་དང་ཁོར་ཡུག་གཙང་སྦྲ་སོགས་ཀྱི་ཆེད་དུ་གད་སྙིགས་སྐྱེལ་འདྲེན་རླངས་འཁོར་གཉིས་དང་གད་སྙིགས་སྒམ་དུ་མ་འཁོ་འདོན་བྱས་ཡོད། གཞན་ཡང་ཞིང་ཆེན་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་སྒོར་ཁྲི་160དང་རྫོང་གིས་སྒོར་ཁྲི་20བཅས་བསྡོམས་པས་སྒོར་ཁྲི་180བཏང་ནས། ཐོག་བརྩེགས་གསུམ་ཅན་གྱི་གྲྭ་བཙུན་གྱི་སྤྲོ་སྐྱིད་གླིང་ཀ་ཞིག་བསྐྲུན་ཡོད་པ་དང་གྲྭ་བཙུན་རྣམ་པས་དེ་རུ་རྒྱུན་དུ་ཆོས་འཆད་ཉན་དང་སྒོམ་ཉམས་ལེན་བྱེད་བཞིན་ཡོད། མིག་སྔར་དགོན་པའི་ནང་དུ་གློག་དང་ཆུ་དྲངས་ཡོད་པར་མ་ཟད། གཞུང་ལམ་ཡང་རྒྱ་ཆེན་པོ་བསྐྲུན་ཡོད་པས་ཡུལ་སྐོར་ལྗོངས་རྒྱུ་བའི་བསྟི་གནས་ཆེ་ཤོས་ཤིག་ཏུ་གྲུབ་ཡོད།
           དུང་དཀར་དགོན་པ་ནི་དུང་དཀར་རིན་པོ་ཆེ་སྐུ་ཕྲེང་དང་པོ་སང་སང་ཨོ་རྒྱན་གྱིས་སྤྱི་ལོ་1686ལོར་ཕྱག་བཏབ་ཅིང་། 1983ལོའི་ཟླ་4པའི་ཚེས་5ཉིན་གསེར་རྟ་རྫོང་མི་དམངས་སྲིད་གཞུང་གིས་ཆོས་སྒོ་འབྱེད་ཆོག་པའི་ཆོག་མཆན་གནང་། དགོན་པ་ཆགས་ཡུལ་གྱི་ས་བབ་ལ་མཚོ་འཕགས་སྨི་3928ཙམ་ཡོད། འདིར་སྔོན་མར་དབལ་ཤུལ་གསེར་རྟའི་དགོན་ཆེན་གསུམ་གྱི་ཡ་གྱལ་ཞེས་པའི་མཚན་སྙན་ཡོད་ཅིང་། སྔ་འགྱུར་རྙིང་མ་པའི་གྲུབ་མཐའི་ཁོངས་སུ་གཏོགས། དགོན་པའི་འཛུགས་སྐྲུན་གྱི་ས་ངོས་ཟིན་ཚད་སྨི་གྲུ་བཞི་མ་808000ཙམ་ཡོད་པ་དང་། གཙོ་བོ་མདུན་ཁང་ཆེན་མོ་དང་སངས་རྒྱས་སྨན་བླའི་མཆོད་རྟེན། གྲྭ་བཙུན་གྱི་བྱེད་སྒོ་ལྟེ་གནས། གེ་སར་རྒྱལ་པོའི་ཕོ་བྲང་། བཤད་གྲྭ། སྒྲུབ་གྲྭ། དཔེ་མཛོད་ཁང་། གྲྭ་ཤག །མཆོད་རྟེན་ཆེ་ཆུང་སོགས་ཀྱིས་གྲུབ་ཡོད། །