“པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > དགོན་སྡེ།

སྟག་རྩེ་དགོན།

སྤེལ་དུས 2019-12-25 ཡོང་ཁུངས། ཡོངས་འཛིན། རྩོམ་པ་པོ།
           1 ངོ་སྤྲོད།
           སྟག་རྩེ་དགོན་ནི་རྫོང་མཁར་ནས་སྤྱི་ལེ70ཙམ་ཡོད་པའི་ལུང་ཟིའི་སྐ་ཡར་ཟད་ཀྱི་སྐད་བུ་སྟག་རྩེ་རུ་གནས་ཡོད། དེ་ནི་དགེ་ལྡན་པའི་རིང་ལུགས་འཛིན་པའི་དགོན་སྡེ་ཞིག་ཡིན་ལ།  སྤྱི་ལོ2005ལོར་དགོན་པར་གྲྭ་བ64ཡོད་པ་དང་། དགོན་སྡེ་འདི་ལ་བྱ་རྒྱུད་དང་། སྤྱོད་རྒྱུད། བླ་མེད། རྣལ་འབྱོར་བཅས་གྲྭ་ཚང་བཞིར་བགོས་ཡོད། ད་ལྟ་དགོན་པའི་འགོ་འཛིན་ནི་བློ་བཟང་མཁས་གྲུབ་ཡིན་པ་དང་། དེའི་མ་དགོན་ནི་ཨ་མཆོག་མཚན་ཉིད་དགོན་འཇམ་དབྱངས་སྨྲ་སེང་གླིང་ཡིན་ནོ།། དགོན་སྡེ་འདི་ནི་རབ་བྱུང16པའི་རྣམ་འབྱུང་ཞེས་པ་ས་ཕོ་འབྲུག་གི་ལོ་སྤྱི་ལོ1928ལོར་རྔ་བའི་གཅའ་རོ་ཡུལ་ཚོར་འཁྲུངས་པའི་མཁན་ཆེན་བློ་བཟང་བསྟན་པ་དར་རྒྱས་རིན་པོ་ཆེས་གསར་འདེབས་གནང་བ་དང་། དགོན་པ་འདི་ཡི་མཚན་ལ་བཀྲ་ཤིས་ཀུན་འདུས་གླིང་ངམ་སྤྱིར་བཏང་སྟག་རྩེ་དགོན་ཞེས་ཡོངས་སུ་གྲགས་པའོ།། དགོན་སྡེ་འདི་ལ་ཡང་རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ་ཆག་འཇིག་ཆེན་པོ་བྱུང་སོང་པ་དང་། བཅོས་བསྒྱུར་སྐབས་གྲྭ་གྲངས100ལྷག་ཡོད་ལ། ཕྱིས་སུ་ཧུང་ཡོན་སྲིད་གཞུང་གིས་སྤེལ་བའི་ཡིག་ཆ12ཨང16ལྟར་ཆོག་མཆན་གཏན་འབེབས་བྱས་ནས་ཆོས་སྒོ་ཕྱེས་ཏེ་དགོན་སྡེ་ཉམས་གསོ་བྱས་ནས་རྒྱུན་ལྡན་གྱི་ཆོས་ཀྱི་འཁོར་ལོ་བསྐོར་བའོ།། ད་ལྟ་གྲྭ་གྲངས60ལྷག་མ་གཏོགས་བཞུགས་མེད། 
           2 མཁན་རབས་རིམ་བྱོན།
           1.གཅའ་རོང་ཡུལ་དུ་འཁྲུངས་པའི་བློ་བཟང་བསྟན་པ་དར་རྒྱས། 
           2.རྨེའུ་སྐོར་དུ་འཁྲུངས་པའི་བློ་བཟང་དར་རྒྱས། 
           3.ལ་རོང་རུ་མ་རུ་འཁྲུངས་བའི་བློ་བཟང་མཁས་གྲུབ་རྒྱ་མཚོ། 
           4.རོང་རུ་མ་རུ་འཁྲུངས་བའི་དཀོན་མཆོག་འཕེལ་རྒྱས། 
           5.བློ་བཟང་དར་རྒྱས། 
           6.བློ་བཟང་མཁས་གྲུབ་རྒྱ་མཚོ། 
           3 ཕྱི་སྣོད་ཀྱི་བཀོད་པ།
           དགོན་སྡེའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ5000ལྷག་ཡོད་པ་དང་། ཕྱོགས་བཞིར་གསེར་ཟངས་ཀྱི་རྒྱ་ཕིབས་དང་། ཁོ་ར་ཁོར་ཡུག་ཏུ་གསེར་ཟངས་ཀྱི་མདའ་ཡབ་པུ་ཤུ་དང་བཅས་པ་གསེར་འོད་ཆེམ་ཆེམ་འཕྲོ་བས་ཀུན་ནས་བརྒྱན་ཅིང་བརྗིད་ཆགས་པར་བཞུགས་སོ།། དགོན་པའི་ནང་དུ་ཀློང་རྡོལ་བླ་མ་རིན་པོ་ཆེའི་ཕྱག་ཚ་ཐུགས་རྗེ་ཆེན་པོའི་སྐུ། ཨ་མཆོག་འཇམ་དབྱངས་མཁྱེན་རབ་རྒྱ་མཚོས་གནང་བའི་ཇོའི་སྐུ། གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོ་ནས་གནང་བའི་གནས་བཅུའི་ཐང་ག སངས་རྒྱས་སྟོང་སྐུ། རྗེ་རིན་པོ་ཆེའི་སྟོང་སྐུ། སྒྲོལ་མ་དཀར་མོའི་སྟོང་སྐུ། སྒྲོལ་ལྗང་སྟོང་སྐུ། འོད་དཔག་མེད་སྟོང་སྐུ། བཀའ་སྟན་དང་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སོགས་གྲངས་མེད་ལེགས་པར་བཞུགས་སོ།།
           4 ཉམས་གསོའི་ལོ་རྒྱུས།
           དམངས་གཙོ་བཅོས་སྒྱུར་དང་རིག་གནས་གསར་བརྗེ་ཆེན་པའི་སྐབས་སུ་ཆག་འཇིག་ཆེན་པོ་བྱུང་པ་དང་། དགོན་པ་གཏོར་དང་གྲྭ་བ་ཕྱིར་ལོག  སྤྱི་ལོ1980ལོར་ཧུང་ཡོན་རྫོང་སྲིད་གཞུང་གིས་ཆོག་མཆན་གཏན་འབེབས་བྱས་ནས་ཆོས་སྒོ་ཕྱེས་ཏེ་དགོན་སྡེ་ཉམས་གསོ་བྱས་ཤིང་རྒྱུན་ལྡན་གྱི་ཆོས་ཀྱི་འཁོར་ལོ་བསྐོར་བའོ།།  སྤྱི་ལོ1987ལོར་འདུ་ཁང་ཆེན་མོ་བསྐྱར་བསྐྲུན་བྱས། 
           5 ཆོས་ལུགས་བྱེད་སྒོ། 
           ཟླ་བ་དང་བོ། ལྷ་ཚེས། སྨོན་ལམ། གཏོར་རྒྱག བྱམས་པ་གླིང་སྐོར། 
           ཟླ་བ་གཉིས་པ། སྒྲོལ་མ་རྟག་ཕུར་སྒྲུབ་པ།བསྐང་གསོ། 
           ཟླ་བ་གསུམ་པ། རྡུལ་ཚོན་ལ་སོགས་སྟ་གོན་བྱེད་པ། བདེ་མཆོག་སྒྲུབ་མཆོད། ཀླུ་གཏོར། 
           ཟླ་བ་བཞི་བ། སྨྱུང་གནས། 
           ཟླ་བ་ལྔ་བ་གསང་འདུས་སྒྲུབ་མཆོད། བསྐང་གསོ།
           ཟླ་བ་དྲུག་པ། དབྱར་གནས། མ་ཎི་རིལ་སྒྲུབ། བསྐང་གསོ། རྣལ་འབྱོར་མའི་སྟོང་མཆོད།  ཟླ་བ་བདུན་པ། ཛམ་དཀར་ཆུ་སྦྱིན། མཎྜཱལ་ཞུ་བ། གནས་བཅུའི་སྙིང་གསང་། གནས་བཅུ་སྒྲུབ་པ། ཕྱག་རྡོར་སྒྲུབ་པ། རྗེ་སྟོང་མཆོད། རྣམ་སྣང་མངོན་བྱང་། མེ་འོད་སྟོང་མཆོད། ཀུན་རིག་སྒྲུབ་མཆོད། རྣལ་འབྱོར་མའི་སྟོང་མཆོད། མི་འཁྲུམགས་པ་སྒྲུབ་མཆོད། མི་འཁྲུགས་པ་སྟོང་མཆོད། བསྐང་གསོ། 
           ཟླ་བ་བརྒྱད་པ། བསྐང་གསོ།
           ཟླ་བ་དགུ་བ། འཇིགས་བྱེད་སྒྲུབ་མཆོད། བསྐང་གསོ། ཤིང་བཟའ་ཚང་གི་འདས་མཆོད། 
           ཟླ་བ་བཅུ་པ། ཚེ་དཔག་མེད་སྒྲུབ་མཆོད། ལྔ་མཆོད། བསྐང་གསོ།
           ཟླ་བ་བཅུ་གཅིག་པ། བསྐང་གསོ། 
           ཟླ་བ་བཅུ་གཉིས་པ། རྟ་མགྲིན་སྒྲུབ་མཆོད། བསྐང་གསོ།