ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

“རྒྱལ་ཁབ་ཀྱི་བླ་ན་མེད་པའི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ཁྱིམ་གཞིས་སྐྲུན་མཁན”གྱི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་དགོས།

སྤེལ་དུས 2018-02-06 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།
——ལྗོངས་ཡོངས་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་གླེང་ཐེངས་དང་པོ།
         “‘རྒྱལ་ཁབ་ཀྱི་བླ་ན་མེད་པའི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ཁྱིམ་གཞིས་སྐྲུན་མཁན’གྱི་འཐབ་ཇུས་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི་མཛུབ་སྟོན་གལ་ཆེན་དང་མཉམ་དུ་བོད་ཀྱི་ལས་དོན་མཐའ་དག་གི་གཞི་རྩའི་བསྲུང་བྱ་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་དུ་བརྩིས་ཏེ་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ཡོང་བ་བྱེད་པའི་རྒྱུད་རིམ་ཧྲིལ་པོར་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བྱེད་དགོས”ལྗོངས་ཡོངས་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་དང་ཡུལ་སྨད་ཤང་གི་མང་ཚོགས་ལ་སྤྲིངས་པའི་འཕྲིན་ལན་གྱི་དགོངས་དོན་ལག་བསྟར་ནན་ཏན་བྱས་ནས་རང་ལྗོངས་འདི་ཉིད་མཐའ་མཚམས་མི་རིགས་ས་ཁུལ་ཞིག་ཡིན་པའི་རང་ལྗོངས་ཀྱི་གནས་ཚུལ་གལ་ཆེན་དེར་སྟངས་འཛིན་ནན་པོ་བྱས་ནས་ལྗོངས་ཡོངས་སུ“རྒྱལ་ཁབ་ཀྱི་བླ་ན་མེད་པའི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ཁྱིམ་གཞིས་སྐྲུན་མཁན”གྱི་འཐབ་ཇུས་ལག་ལེན་བསྟར་རྒྱུའི་གཏན་འབེབས་གལ་ཆེན་འདི་བྱས་པ་རེད།
          “མཐའ་མཚམས་འཕེལ་རྒྱས་མགྱོགས་པོ་གཏོང་བ་དང་མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་ཀྱི་བདེ་འཇགས་འགན་ལེན་བྱེད་དགོས་པ”ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ས་ཁོངས་མཐུན་སྦྱོར་གོང་འཕེལ་ཡོང་རྒྱུ་ལག་ལེན་བསྟར་བའི་འཐབ་ཇུས་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་སྐུ་ངོ་མས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་སྤྲིངས་པའི་འཕྲིན་ལན་དེ་ནི་རྒྱ་ཆེའི་མཐའ་མཚམས་མང་ཚོགས་ཀྱིས་རྒྱལ་གཅེས་མཐའ་སྲུང་ཐད་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་ལ་ཚད་མཐོའི་བསྔགས་བརྗོད་གནང་བ་ཞིག་དང་བོད་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཁྲི་ཚོ་330ལྷག་ཙམ་གྱིས་འགན་འཁྲི་བློ་ལ་བརྟན་པོར་བཅངས་བ་དང་། ལས་འགན་ལྷག་བསམ་རྣམ་དག་ངང་སྒྲུབ་པ།
          དཀའ་སྤྱད་འབད་འཐབ་བྱེད་པ། མཐའ་མཚམས་ལ་གཞི་ཚུགས་པ། མཐའ་མཚམས་ལ་ལེགས་སྐྱེས་འབུལ་བ་བཅས་ཀྱི་ཐད་ཁས་ལེན་གང་ལེགས་གནང་བ་ཞིག་རེད། དེའི་ཐོག་ནས་མི་དམངས་ཀྱི་གཙོ་འཛིན་གྱིས་རྒྱལ་ཁབ་དང་ཁྱིམ་གཞིས་ལ་བཅངས་བའི་བརྩེ་སེམས་དང་། མཐའ་མཚམས་སྐྱོང་བ། མཐའ་མཚམས་འཕེལ་རྒྱས་གཏོང་བ། མཐའ་མཚམས་བརྟན་ལྷིང་ཡོང་བ་བྱེད་པ་བཅས་ཀྱི་འཐབ་ཇུས་ཀྱི་གཟིགས་རྒྱང་རིང་པོ་མངོན་པ་མ་ཟད། སྤྱི་ཁྱབ་ཧྲུའུ་ཅིའི་དམངས་ཕྱུག་རྒྱལ་དར་ཡོང་བ་དང་། གཞི་གཅིག་ཅན་གྱི་རྒྱལ་ཁབ་ཀྱི་འཐབ་ཇུས་མ་ལག་བསྐྲུན་རྒྱུ། དེང་རབས་ཅན་གྱི་མཐའ་སྲུང་སྟོབས་བརྟན་ཞིག་བསྐྲུན་རྒྱུའི་སྲ་ཞིང་བརྟན་པའི་བློ་སྟོབས་དང་འགྱུར་མེད་ཆོད་སེམས་ཀྱང་མངོན་ཡོད།
          “རྒྱལ་ཁབ་ཀྱི་བླ་ན་མ་མེད་པའི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ཁྱིམ་གཞིས་སྐྲུན་མཁན”གྱི་འཐབ་ཇུས་ལག་ལེན་བསྟར་བར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་དང་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས་ལ་སྤྲིངས་པའི་འཕྲིན་ལན་གྱི་དགོངས་པ་ཟབ་མོ་དང་ཚན་རིག་གི་ནང་དོན་ལ་བློ་རྩེ་གཅིག་སྒྲིམ་ངང་གོ་བ་ལེན་པ་དང་ཁོང་དུ་ཡང་དག་ཆུད་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། རྒྱལ་ཁབ་ཀྱི་བླ་ན་མེད་པའི་ས་ཆ་སྲུང་མཁན་དངབདེ་སྐྱིད་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱ་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅིའི“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་གྱི་ནང་དོན་གལ་ཆེན་ཞིག་དང་ཏང་གི་བོད་སྐྱོང་མཛད་ཇུས་ཕུན་སུམ་ཚོགས་སུ་དང་གོང་འཕེལ་བཏང་བ་ཞིག་ཡིན་པ་ངོས་འཛིན་གཏིང་ཟབ་ཐུབ་པ་བྱེད་དགོས། ང་ཚོས“འདུ་ཤེས་བཞི”དང“གདེང་ཚོད་བཞི”ཟབ་ཏུ་གཏོང་བ་དང་། འགན་འཁྲི་བློ་ལ་བརྟན་པོར་འཆང་བ། འབད་འབུངས་ཡར་བརྩོན་བཅས་བྱས་ཏེ“རྒྱལ་ཁབ་ཀྱི་བླ་ན་མེད་པའི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ཁྱིམ་གཞིས་སྐྲུན་མཁན”གྱི་འཐབ་ཇུས་དེ་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་གཏོང་བའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ནས་མཐའ་མཚམས་འཕེལ་རྒྱས་མགྱོགས་པོ་གཏོང་བ་དང་མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་ཀྱི་བདེ་འཇགས་འགན་ལེན་བྱེད་པའི་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་ཟབ་བཞེས་ལ་དྲིན་ལན་འཇལ་དགོས།
          “མེས་རྒྱལ་གྱི་མཐའ་མཚམས་ས་ཁོངས་སུ་ཡོད་པའི་རྩྭ་དང་རྩི་ཤིང་ཚུན་ཆད་ང་ཚོ་ཚང་མས་སྲུང་སྐྱོང་ཡག་པོ་བྱེད་དགོས”བོད་ཀྱི་སྤྱི་ལེ་ངོས་གྲུ་ཁྲི་120ཟིན་པའི་ས་ཆ་ནི་མེས་རྒྱལ་གྱི་བླ་ན་མེད་པའི་མངའ་ཁོངས་ས་ཆའི་ཁ་འབྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་པ་དང་། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཁྲི་300ལྷག་ཙམ་ཚང་མ་མེས་རྒྱལ་གྱི་བླ་ན་མེད་པའི་མངའ་ཁོངས་ས་ཆ་སྲུང་སྐྱོང་བ་ཞིག་རེད། “རྒྱལ་ཁབ་ཀྱི་བླ་ན་མེད་པའི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ཁྱིམ་གཞིས་སྐྲུན་མཁན”ཞིག་བྱ་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོར་གནང་བའི་བླ་ན་མེད་པའི་གཟི་བརྗིད་ཀྱི་ལོ་རྒྱུས་འགན་འཁྲི་ཞིག་རེད། ང་ཚོས་ཏང་ཀྲུང་དབྱང་གི་མངགས་བཅོལ་ཟབ་མོ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་བཅངས་ནས་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང། མ་བྱུང་སྔོན་འགོག་རྩ་དོན་དུ་བྱས་ནས་ལས་དོན་སྒྲུབ་པ་དང་། གནད་དོན་ཆེན་པོ་སྔོན་འགོག་བྱ་རྒྱུ་རྨང་གཞིར་བྱས་ནས་གྲ་སྒྲིག་བྱེད་པ། འགན་འཁྲི་འཁུར་ཕོད་པ་དང་འགན་འཁྲི་བསྒྲུབ་རྒྱུ་ཚད་གཞིར་བྱས་ནས་ལས་བྱེད་པར་ལྟ་སྟངས་འཛིན་པ་བཅས་བྱས་ནས་མཐའ་མཚམས་ཀྱི་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་ཀྱི་བདེ་འཇགས་འགན་ལེན་བྱས་ཏེ་མི་གང་རུང་ཞིག་གིས་དུས་གང་ཞིག་དང་རྣམ་པ་གང་རུང་གི་ཐོག་ནས་བོད་ཀྱི་ས་ཆ་ཚོན་གང་ཡང་མེས་རྒྱལ་ནས་ཁ་འབྲལ་དུ་གཏན་ནས་འཇུག་མི་རུང་།
          རང་བྱུང་ཁམས་དང་ལོ་རྒྱུས་སོགས་ཀྱི་རྒྱུ་རྐྱེན་དབང་གིས་མཐའ་མཚམས་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་བལྟོས་བཅས་རྗེས་ལུས་ཡིན། ཇི་ཙམ་དཀའ་ཚེགས་ཆེ་རུང་དེ་ཙམ་གྱིས་དཔའ་ཞུམ་མི་སྲིད། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་བར“ཞིང་གསུམ”གྱི་གནད་དོན་དེ་བས་ལེགས་པའི་སྒོ་ནས་ཐག་གཅོད་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་དངོས་ཐོབ་པ་བྱེད་དགོས། ང་ཚོས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཐོག་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་འགྱུར་ལྡོག་བྱུང་བའི་བླང་བྱ་གསར་པ་དང་འཚམ་པ་བྱས་ཏེ་ཐོན་ལས་དར་རྒྱས་ཆེན་པོ་དང་། སྣོད་བཅུད་བཟང་སར་བདེ་སྡོད། ཡུལ་སྲོལ་ཤེས་དཔལ། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག་བཅས་ཀྱི་སྤྱིའི་བླང་བྱར་གཞིགས་ནས“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡག་པོ་བྱེད་པའི་གཞི་རྩའི་བྱ་ཐབས་ལ་བརྟེན་ནས་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་དར་རྒྱས། སྤྱི་ཚོགས་འཛུགས་སྐྲུན། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་། ཏང་འཛུགས་སྐྱོང་བཅས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་དེང་རབས་ཅན་དུ་འགྱུར་རྒྱུར་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོར་སྐལ་བཟང་མེ་ཏོག་དང་འདྲ་བར་གངས་ལྗོངས་ས་མཐོའི་མཐའ་མཚམས་སུ་གཞི་ཚུགས་ནས“རྒྱལ་ཁབ་ཀྱི་བླ་ན་མེད་པའི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ཁྱིམ་གཞིས་སྐྲུན་མཁན”ཞིག་བྱ་རྒྱུའི་ལྕག་སྐུལ་བྱེད་དགོས།