ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

“སློབ་སྦྱོང”དང“ཚད་ལོན”ཟུང་འབྲེལ་བྱས་ནས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་གཏོང་དགོས།

སྤེལ་དུས 2018-03-01 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། ཏོན་མའེ།
           “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་ལས་དོན་སྤེལ་ཚུན། ལྷོ་ཁ་གྲོང་ཁྱེར་གྱིས་དེ་ལས་དོན་གྱི་གནས་བབ་གལ་ཆེན་ལ་བཞག་པ་དང་ལས་དོན་གལ་ཆེན་ཞིག་ལ་བརྩིས་ནས་དམ་འཛིན་བྱས་ཏེ། བྱེད་སྟངས་རྒྱུན་ཆད་མེད་པར་གསར་གཏོད་བྱེད་པ་དང་རྣམ་པ་ཕུན་སུམ་ཚོགས་སུ་བཏང་ནས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་བཏང་བ་རེད། དུས་རབས་གསར་པས་ཏང་འཛུགས་སྐྱོང་ལས་དོན་ལ་བླང་བྱ་དེ་བས་མཐོ་བ་བཏོན་ཡོད། ང་ཚོས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་ལས་དོན་ཏན་ཏིག་ངང་ཡག་པོ་སྤེལ་ཚེ། དུས་རབས་ཀྱི་འབོད་སྐུལ་དེ་བས་ལེགས་པར་དང་ལེན་དང་མི་དམངས་ཀྱི་རེ་འདུན་དེ་བས་ལེགས་པར་སྒྲུབ་ཐུབ།
           འགན་འཁྲི་འཁུར་ཕོད་པ་བྱས་ནས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་ལས་དོན་གལ་ཆེན་ཞིག་ལ་བརྩིས་ནས་དམ་འཛིན་བྱེད་དགོས་ཤིང་། ཏང་ཡོན་ལ་སློབ་གསོ་གཏོང་བ་དང་དོ་དམ་བྱེད་པ་ནི་ཏང་རྩ་འཛུགས་ཀྱི་རྨང་གཞིའི་རང་བཞིན་དང་རྒྱུན་གཏན་རང་བཞིན་གྱི་ལས་དོན་ཞིག་རེད། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་ནི་ཏང་གིས་བཏོན་པའི་བླང་བྱ་ཁ་གསལ་ཞིག་རེད་ལ། ཏང་རྩ་འཛུགས་ཀྱི་སློབ་གསོ་དོ་དམ་གྱི་འཇོན་ཐང་ཞིབ་བཤེར་བྱེད་པ་ཞིག་ཀྱང་རེད། རིམ་ཁག་ཏང་རྩ་འཛུགས་ཀྱིས་ངོས་འཛིན་གང་ལེགས་དང་། ཚད་མཐོའི་མཐོང་ཆེན། འགན་འཁྲི་འཁུར་ཕོད་པ། དོན་འཁྱོལ་ཤུགས་ཆེན་བཅས་བྱས་ནས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་ལས་དོན་གྱི་གནས་བབ་གལ་ཆེན་དུ་འཇོག་པ་དང་རྨང་གཞིའི་རང་བཞིན་དང་རྒྱུན་གཏན་རང་བཞིན་གྱི་ལས་དོན་ལ་བརྩིས་ནས་བྱེད་སྒོར་ཏན་ཏན་ཏིག་ཏིག་གི་ཕན་འབྲས་ཐོན་པའི་འགན་ལེན་གྱིས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་ལས་དོན་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་གཏོང་དགོས།
           “སློབ་སྦྱོང”བྱེད་ཤུགས་ཆེ་རུ་བཏང་ནས་ཏང་ཡོན་གྱི་བསམ་བློའི་འཚོ་བཅུད“ཀལ”གསབ་པ་དང་ཕུགས་བསམ་དང་དད་སེམས་ཀྱི“བླ་སྲོག”བརྟན་དུ་གཏོང་དགོས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་དཔེ་ཀློག་སློབ་སྦྱོང་བྱེད་མཁས་པོ་ནི་རང་རེའི་ཏང་གི་སྲོལ་རྒྱུན་བཟང་པོ་དང་ཆབ་སྲིད་ཀྱི་ལེགས་ཆ་ཞིག་ཡིན་ཞིང་། རང་རེའི་ཏང་གི་སྔོན་ཐོན་རང་བཞིན་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ། ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པའི་འགན་ལེན་གལ་ཆེན་ཞིག་རེད་ལ། འགོ་ཁྲིད་ལས་བྱེད་པ་བདེ་ཐང་ངང་འཚར་ལོངས་དང་། བྱང་ཚད་ལེགས་སུ་གཏོང་བ། འཇོན་ཐང་ཆེ་རུ་གཏོང་བ། རྒྱུན་ཆད་མེད་པར་ཡར་རྒྱས་འགྲོ་བ་བཅས་ཀྱི་ཐབས་ལམ་གལ་ཆེན་ཞིག་ཀྱང་རེད་ཅེས་མཛུབ་སྟོན་གནང་ཡོད། དེ་དང་ཆབས་ཅིག་ཕུགས་བསམ་དང་དད་སེམས་ནི་གུང་ཁྲན་ཏང་མིའི་བསམ་བློའི་འཚོ་བཅུད“ཀལ”ལྟ་བུ་ཞིག་རེད། གལ་སྲིད་ཕུགས་བསམ་དང་དད་སེམས་མེད་པ་དང་ཕུགས་བསམ་དང་དད་སེམས་བརྟན་པོ་མེད་ཚེ། བསམ་བློའི་འཚོ་བཅུད“ཀལ”ཉམས་ནས“རུས་སྙིའི་ནད”ཕོག་སྲིད་ཅེས་ནན་བཤད་གནང་ཡོད། དུས་རབས་གསར་པར་ཏང་གི་དགོངས་པ་གསར་པ་དང་རིགས་པའི་གཞུང་ལུགས་གསར་པ་སློབ་སྦྱོང་ལ་གཙོ་བོར་ཤུགས་སྣོན་བརྒྱབ་སྟེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་དགོས།
           “ཚད་ལོན”ལ་སྣང་ཆེན་བྱས་ནས་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཏང་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་གཏོང་དགོས། ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས་ན། དུས་དང་རྣམ་པ་ཀུན་ཏུ་ཏང་ཡོན་གྱི་ཚད་གཞི་གཞིར་བཟུང་རང་ཉིད་ལ་རེ་བ་བཏོན་ཏེ་ཐོག་མའི་བསམ་འདུན་མ་བརྗེད་པ་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་ལས་ཀ་དོན་ཐོག་ཏུ་འཁྱོལ་བ་དང་མདུན་གྲལ་དུ་སྐྱོད་དགོས། འགན་འཁྲི་འཁུར་ཕོད་པ་དང་ལས་དོན་ཏན་ཏིག་བྱས་ནས་སྤྱིར་བཏང་གི་ལས་གནས་སུ་སྤྱིར་བཏང་མིན་པའི་གྲུབ་འབྲས་བཏོད་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་བྱེད་པ། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་མངོན་འགྱུར་ཡོང་བ་བཅས་ཀྱི་ཆེད་དུ་མུ་མཐུད་འབད་བརྩོན་བྱེད་དགོས།