ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

མི་རིགས་ཁག་གི་མང་ཚོགས་ཀྱི་སྣེ་ཁྲིད་ནས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་དགོས།

སྤེལ་དུས 2018-03-02 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།
“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”གྱི་འཐབ་ཇུས་ལག་ལེན་བསྟར་བའི་སྐོར་གྱི་གླེང་ཐེངས་གསུམ་པ།        
           “ཏང་གིས་མི་རིགས་ཁག་གི་མང་ཚོགས་ཀྱི་སྣེ་ཁྲིད་ནས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་རྒྱུ་ཡིན”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུལ་སྨད་ཤང་གི་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་སྤྲིངས་གནང་བའི་འཕྲིན་ལན་ལས་མི་དམངས་ཀྱི་གཙོ་འཛིན་གྱིས་མང་ཚོགས་དང་སེམས་པ་གཅིག་སྦྲེལ་དང་དམངས་འཚོར་དོ་ཁུར་བྱེད་པའི་དམངས་གཅེས་བརྩེ་བ་དང་རྒྱལ་ཁབ་དང་ཕ་ཡུལ་ལ་བཅངས་པའི་བརྩེ་བ་གང་ལེགས་མཚོན་ཡོད་པ་ལས། ངེད་ཚོས་དུས་རབས་གསར་པར་མེས་རྒྱལ་གྱི་མཐའ་མཚམས་འཛུགས་སྐྲུན་ཡག་པོ་བྱ་རྒྱུར་འབད་འཐབ་ཁ་ཕྱོགས་གསལ་སྟོན་གནང་ཡོད། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འབྱོར་འབྲིང་ཤང”འཛུགས་སྐྲུན་བྱེད་དགོས་པའི་མཛུབ་སྟོན་གལ་ཆེན་ལ་བརྩི་སྲུང་ཞུས་ཏེ་མི་དམངས་ལྟེ་བར་བྱས་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་མཐའ་འཁྱོངས་བྱེད་པ་དང་མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མཐའ་སྲུང་མཐའ་བརྟན་བྱ་རྒྱུ་ཟུང་འབྲེལ་དམ་ཟབ་བྱས་ཐོག་སྒྱུར་འཕེལ་བརྟན་གསུམ་གྱི་གྲུབ་འབྲས་ཀྱིས་མི་རིགས་ཁག་གི་མང་ཚོགས་ལ་དེ་བས་ཕན་པ་འདོགས་དགོས།
           མི་དམངས་ལྟེ་བར་བྱས་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱ་རྒྱུ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འདུ་ཤེས་གཙོ་བོ་ཡིན། མི་དམངས་ལྟེ་བར་བྱས་པའི་འཕེལ་རྒྱས་ཀྱི་དགོངས་པ་ནི་རང་རེའི་ཏང་གི་རྩ་བའི་ལངས་ཕྱོགས་དང་རྩ་བའི་དམིགས་ཡུལ་ཡིན་ལ། དམིགས་ཡུལ་དེ་འགྲུབ་པའི་རྩ་བའི་ཐབས་ལམ་དང་རྩ་བའི་ཐབས་ཤེས་ཀྱང་ཡིན་པ་དང་། ཏང་ཡོངས་ཀྱི་ལས་དོན་ཁག་གི་འགོ་འཛུགས་ས་ཡིན་ལ་ལས་དོན་ཁག་གི་དོན་ལ་འབབ་སའང་ཡིན། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བོད་ཀྱི་ལེའུ་ཡག་པོ་རྩོམ་པར་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་དང་ཟུང་འབྲེལ་བྱས་ཏེ་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་པ་ཐུན་མོང་ཐོག་ཡག་པོ་བྱས་ཚེ་གཞི་ནས་གྲུབ་འབྲས་ཐོབ་སྲིད། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”གྱི་འཐབ་ཇུས་ལག་ལེན་བསྟར་ནས་མཐའ་མཚམས་བཅོས་སྐྱོང་དང་། མཐའ་མཚམས་འཕེལ་རྒྱས། མཐའ་མཚམས་བརྟན་ལྷིང་བཅས་ཡོང་བར་ངེས་པར་དུ་དམངས་འཚོའི་ཁེ་ཕན་མང་ཙམ་གཉེར་བ་དང་དམངས་འཚོའི་སེམས་ཁྲལ་མང་ཙམ་སེལ་ཐོག་ཏང་གི་སྲིད་སྐྱོང་གནས་བབ་ཟམ་མི་ཆད་པར་སྲ་བརྟན་དུ་བཏང་ནས་མཐའ་སྲུང་མཐའ་བརྟན་གྱི་གོང་བུ་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས།
           མི་དམངས་ལ་དངོས་ཕན་ཐོབ་མང་ཤོས་ཀྱི་དུས་སྐབས་ནི་རྟག་ཏུ་ལོ་རྒྱུས་ཐོག་འཕེལ་རྒྱས་ཡག་ཤོས་འགྲོ་བའི་དུས་སྐབས་ཡིན་པ་ལག་ལེན་ཁྲོད་ནས་གསལ་བཤད་ཐུབ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་དམིགས་བསལ་ཐུགས་ཁུར་འོག རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་དེ་སེམས་དབུས་སུ་བཞག་སྟེ་མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་། མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ། མང་ཚོགས་ཀྱི་དཀའ་ངལ་སེལ་བ་བཅས་བྱས་ཐོག ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་འཚོ་བ་ལེགས་སུ་གཏོང་བ་དང་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་རྒྱུ་དེ་ལས་དོན་མཐའ་དག་གི་འགོ་འཛུགས་ས་དང་དོན་ལ་འབབ་སར་བརྩིས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་བས་མི་རིགས་ཁག་གི་མི་དམངས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་གང་ལེགས་ཐུབ་པ་དང་རང་ལྗོངས་ཀྱི་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་གྱི་བྱ་གཞག་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད།
           མི་སེམས་ནི་ཆབ་སྲིད་ཆེ་ཤོས་ཡིན་ཞིང་། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་མཁན་དང་། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”གྱི་འཐབ་ཇུས་ལག་ལེན་བསྟར་བར་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་པ་དེ་སྲོག་ཤིང་ལ་གོང་བཀུར་དང་། ཏང་གི་འགོ་ཁྲིད་ལ་གོང་བཀུར། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་གོང་བཀུར། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་ལ་སྐུལ་གཏོང་བཅས་བྱེད་པའི་ཐད་གཅིག་འགྲིལ་བྱེད་དགོས། ང་ཚོའི་ལས་དོན་མཐའ་དག་མི་སེམས་གཅིག་འགྲིལ་བྱ་རྒྱུ་དང་ཟུང་འབྲེལ་བྱས་ནས་བློ་བརྟན་འགྱུར་མེད་ངང་མི་རིགས་ཁག་གི་མང་ཚོགས་ལ་ཡིད་ཆེས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ལ་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཁེ་ཕན་དོན་གཉེར་བྱེད་དགོས། མི་རིགས་ཁག་ལ་ཐུན་མོང་ཐོག་ཡོད་པའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་ཡག་པོ་བྱ་རྒྱུ་དེ“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”གྱི་འཐབ་ཇུས་ལག་ལེན་བསྟར་བའི་ནང་དོན་གལ་ཆེན་ལ་བརྩིས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་དར་སྤེལ་གཏོང་བ་དང་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་བཅས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་མོས་སེམས་ཟབ་ཏུ་བཏང་ཐོག ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་བསམ་བློའི་རྨང་གཞི་བརྟན་པོ་འདིང་དགོས།
           བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་དེ་རང་ཉིད་ལ་བརྟེན་དགོས་ཤིང་། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”གྱི་འཐབ་ཇུས་ལག་ལེན་བསྟར་བར་མང་ཚོགས་ལ་ཁྲིད་སྟོན་ཧུར་ཐག་བྱས་ནས་ཚེ་འདིའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་རྒྱུ་དེ་རེད། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་བ་བརྒྱུད། མི་རིགས་ཁག་གི་མང་ཚོགས་ལ་ཚེ་འདིའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་ཏང་དང་སྲིད་གཞུང་གིས་གནང་བ་ཞིག་ཡིན་པ་དངོས་སུ་ཚོར་དུ་འཇུག་དགོས། ལོ་རྒྱུས་ལ་འགན་ཁུར་བ་དང་མི་རིགས་ལ་འགན་ཁུར་བའི་སྙིང་སྟོབས་ཐོག་ནས་རང་ཉིད་ནས་འགོ་འཛུགས་པ་དང་ད་ལྟ་ནས་འགོ་བཙུགས་ཏེ་ཤུགས་སྣོན་ཆད་མེད་དང་རྙིང་རུས་གཏན་འཁྱོངས་བྱས་ཏེ་མང་ཚོགས་ཀྱི་མཐོང་འདོད་ཉན་སྤྲོའི་བྱེད་ཐབས་སྤྱད་ནས་ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་དང་གསར་གཏོད་རང་བཞིན་འདོན་སྤེལ་གང་ལེགས་བྱེད་པ་དང་རྒྱ་ཆེའི་མང་ཚོགས་སྣེ་ཁྲིད་དེ་སེམས་ཤུགས་གཙོ་བོ་ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བ་ལེགས་བཅོས་བྱ་རྒྱུའི་ཐད་བཞག་ནས་ཁོང་ཚོར་སྐྱོན་བྲལ་དང་ཤེས་དཔལ་གྱི་འཚོ་བ་སྐྱེལ་སྟངས་དོན་གཉེར་བྱ་རྒྱུར་ཁྲིད་སྟོན་བྱེད་པ་དང་རང་རྟོགས་ངང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་པ་བྱ་རྒྱུར་ཁྲིད་སྟོན་བྱས་ཐོག་ཚེ་འདིའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་རྒྱུ་ཡོང་བ་བྱེད་དགོས།