ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

དགོངས་པ་གསར་པས་རྒྱང་སྐྱོད་ལམ་བུ་གསར་པར་ཁྲིད་སྟོན་བྱེད།

སྤེལ་དུས 2018-03-05 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། ཐང་ཏ་ཧྲན།
          ས་གནས་ཁག་ནས་ཡོང་བའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་ཚོ་རྒྱལ་ས་པེ་ཅིང་དུ་མཉམ་དུ་འཛོམས་ཤིང་། བྲེལ་འཚུབ་ཆེ་བའི་སྣང་བརྙན་རེ་རེ་དང་རྒྱལ་ཇུས་དམངས་འཚོ་དང་འབྲེལ་བ་ཡོད་པའི་གྲོས་གཞི་རེ་རེ་ལས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་སུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲིད་སྟོན་འོག་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞི་ཚུགས་པ་དང་རྒྱལ་དོན་ལ་མཉམ་གྲོས་བྱེད་པ་མངོན་ཡོད།
          ལོ་ངོ་བཞི་བཅུའི་གོང་གི་སྒྱུར་བཅོས་སྒོ་དབྱེ་ནི་དཔྱིད་རླུང་ཞིག་དང་འདྲ་བར་འབྲི་ཆུའི་ལྷོ་བྱང་གང་སར་ཁྱབ་ནས་ཀྲུང་གོ་འདི་ཉིད་ཕྱུག་པོ་ཆགས་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུར་ཁྲིད་སྟོན་བྱས་ཡོད་ཅེས་བརྗོད་ན། ད་ཆ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་དཔྱིད་ཀྱི་ཉི་མ་དང་འདྲ་བར་ཀྲུང་ཧྭ་མི་རིགས་སྟོབས་ཆེན་དུ་འགྱུར་བའི་བསྐྱར་དར་གྱི་ལམ་བུར་འཕྲོ་བཞིན་ཡོད།
          ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རང་རེའི་ཏང་གི་མཛུབ་ཁྲིད་བསམ་བློར་གཏན་འཁེལ་བྱས་པ་དེས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་གི་དུས་བསྟུན་འཕེལ་རྒྱས་མངོན་ཡོད་ལ། མར་ཁེ་སེ་རིང་ལུགས་ཀྲུང་གོ་ཅན་དང་། དུས་རབས་ཅན། དམངས་ཚོགས་ཅན་བཅས་སུ་འགྱུར་རྒྱུར་སྐུལ་འདེད་ཀྱང་བཏང་ཡོད།
          མཐའ་མཚམས་མི་རིགས་ས་ཁུལ་ཡིན་པའི་བོད་ཀྱིས་གོམ་ཞེང་ཆེན་པོས་དུས་རབས་ཀྱི་གོམ་བགྲོད་དང་འཕེལ་རྒྱས་ཀྱི་དབྱངས་རྟའི་རྗེས་ཟིན་པ་བྱེད་དགོས།
          དགོངས་པ་གསར་པས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ཁྲིད་སྟོན་བྱེད་པ་དང་བོད་ཀྱིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ནང་དོན་ནུས་ཤུགས་ཡོད་རྒུས་ལག་ལེན་བསྟར་བཞིན་ཡོད། འཕེལ་རྒྱས་ནི་བོད་ཀྱི་གནད་དོན་ཐམས་ཅད་ཐག་གཅོད་བྱེད་པའི་འགག་རྩ་ཡིན་པས་མི་རིགས་ཁག་གི་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ངེས་པར་དུ་འཕེལ་རྒྱས་མྱུར་པོ་ཡོང་བའི་རྨང་གཞིར་གཞི་ཚུགས་དགོས་པ་དང་། བརྟན་ལྷིང་ནི་དར་རྒྱས་དང་བདེ་སྐྱིད་ཡོང་བའི་ཆ་རྐྱེན་ཞིག་ཡིན་པས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པར་ངེས་པར་དུ་ཡུན་རིང་བདེ་འཁོད་ཡོང་རྒྱུ་སྔོན་འགྲོར་བརྩི་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་ལམ་བུའི་ཐོག་གོམ་པ་སྤོ་སྐབས་རྒྱང་སྐྱོད་ལམ་བུ་གསར་པའི་དམིགས་ཡུལ་གསལ་པོ་ཡོད་མོད། འོན་ཀྱང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་པའི་བསམ་ཕྱོགས་ལ་བབ་བསྟུན་སྣེ་ཁྲིད་བྱེད་དགོས་པ་དང་འཕེལ་རྒྱས་གཏོང་སྟངས་དུས་བབ་དང་བསྟུན་དགོས།
          ཏང་དང་མེས་རྒྱལ་ཐུགས་བློ་བདེ་པོ་གནང་ཞིག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲིད་སྟོན་འོག་བོད་ཀྱིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་དཔའ་ངར་ཆེར་སྐྱེད་དང་གོམ་ཞེང་ཆེན་པོ་སྤོས་ཏེ་མི་ཚང་མ་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ཀྱི་ཁྱིམ་གཞིས་སྐྲུན་མཁན་ལ་འགྱུར་རྒྱུའི་བརྩོན་ལེན་བྱེད་བཞིན་ཡོད།