ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཡག་པོ་བྱེད་དགོས།

སྤེལ་དུས 2018-03-06 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། ​ཁྲུའུ་ཝུའུ་ཀན།
           མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ནི་ཞིང་འབྲོག་ལས་ཀའི་གཙོ་རྐང་རེད། མིག་སྔར་གཞིས་རྩེ་གྲོང་ཁྱེར་གྱི་ཞིང་འབྲོག་ལས་ཀྱི་འགལ་ཟླ་གཙོ་བོ་ནི་སྤྱི་འབོར་མི་འདང་བ་ནས་གྲུབ་ཆའི་རང་བཞིན་གྱི་འགལ་ཟླར་འགྱུར་བ་དང་། དུས་མཚམས་རང་བཞིན་གྱི་མཁོ་ཉུང་སྤྲོད་མང་དང་མཁོ་སྤྲོད་མི་འདང་བ་མཉམ་དུ་གནས་པ་མངོན་གསལ་དོད་ཙམ་ཡོད་པ་དང་འགལ་ཟླའི་ཁ་ཕྱོགས་གཙོ་བོ་ནི་མཁོ་སྤྲོད་ཕྱོགས་ཡིན་པ་རེད། དེས་ན། ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་ནི་དུས་བབ་གསར་པ་དང་བླང་བྱ་གསར་པ་དང་འཚམ་པ་དང་། ཞིང་འབྲོག་ལས་ཀྱི་འགྱུར་ལྡོག་གསར་པར་སྐུལ་འདེད་གཏོང་བ་དང་། སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་པ། རྒྱུན་མཐུད་འཕེལ་རྒྱས་བཅས་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཡིན་པས། ཞིང་འབྲོག་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་ངེས་པར་དུ་འབད་འཐབ་ལྷོད་མེད་བྱེད་དགོས།
           ཞིང་འབྲོག་ལས་ཐོན་རྫས་དང་ཐོན་ལས་ཀྱི་གྲུབ་ཆ་ལེགས་སུ་བཏང་ནས་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཆེ་རུ་འགྲོ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། འབྲུ་རིགས་དང་། དཔལ་འབྱོར་ནགས་ཤིང་། གཟན་ཆག་བཅས་འདེབས་འཛུགས་ཀྱི་གྲུབ་ཆ་སྤྱི་འདོམས་ལེགས་སྒྲིག་བྱས་ཏེ། འབྲུ་རིགས་ཀྱི་ཐོན་འབབ་བརྟན་པོ་དང་། དཔལ་འབྱོར་ནགས་ཤིང་ལེགས་གཏོང་། གཟན་ཆག་འདེབས་ཁྱོན་ཆེར་གཏོང་བཅས་ཀྱི་བླང་བྱ་གཞིར་བཟུང་། འབྲུ་རིགས་དང་། དཔལ་འབྱོར་ནགས་ཤིང་། གཟན་ཆག་བཅས་མཐུན་སྦྱོར་འཕེལ་རྒྱས་ཀྱི་སྣ་གསུམ་འདེབས་འཛུགས་གྲུབ་ཆ་བསྐྲུན་མགྱོགས་སུ་གཏོང་བ་དང་། གསོ་ཚགས་ཁྱབ་ཁོངས་ཀྱི་བཀོད་པ་ལེགས་སུ་བཏང་སྟེ་ཐོན་ནུས་དེ་ཉིད་ཁོར་ཡུག་གི་ཐེག་ནུས་ཆེ་བའི་ས་ཁུལ་དུ་བསྒྱུར་རྒྱུར་ཁྲིད་སྟོན་བྱེད་པ་དང་། ས་བོན་གྱི་སྣ་ཁ་དང་ཕྱུགས་རིགས་ཀྱི་རྒྱུད་པ་ལེགས་སུ་གཏོང་བ། ནོར་ལུག་སོགས་རྩྭ་གཟན་ཕྱུགས་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཁྱད་ལྡན་ལེགས་ཆའི་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བ་དང་ཁྱད་ལྡན་ལེགས་ཆའི་ཞིང་འབྲོག་ལས་ཀྱི་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཆེ་རུ་གཏོང་བའི་བྱ་སྤྱོད་ཀྱི་འཆར་གཞི་ཁྱོན་ཡོངས་ནས་ལག་ལེན་བསྟར་ཏེ་ཡུལ་ཟོག་དང་ཐོན་རྫས་ཆུང་ངུ་དག་ཞིང་འབྲོག་པར་ཡོང་འབབ་འཕར་བའི་ཐོན་ལས་ཆེན་པོར་གྱུར་བ་བྱེད་པ་དང་། བཅུད་ལྡན་ཤིང་ཏོག་སོགས་ཁྱད་ལྡན་དཔལ་འབྱོར་ནགས་ཤིང་གི་ལྗང་མདོག་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ཚད་ལྡན་ཅན་གྱི་ཐོན་སྐྱེད་དང་དཔེ་སྟོན་བྱེད་པ། གྲགས་ཅན་སྤུས་རྟགས་གཏོད་པ། ཞིང་འབྲོག་ཐོན་རྫས་ཀྱི་སྤུས་ཚད་དང་བདེ་འཇགས་ཀྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་སྟེ་ཞིང་འབྲོག་ལས་ཚད་ལྡན་ཅན་གྱི་འཐབ་ཇུས་ལག་ལེན་བསྟར་བ་དང་། སྤུས་ལེགས་དང་། བདེ་འཇགས། ལྗང་མདོག་བཅས་ཀྱི་ཁྲིད་སྟོན་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་ཐོན་རྫས་ཀྱི་སྤུས་ཚད་དང་བཟའ་བཅའི་བདེ་འཇགས་ཀྱི་ཚད་གཞིའི་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས།
           ཚན་རྩལ་དང་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཤུགས་སྣོན་བརྒྱབ་སྟེ་དེང་རབས་ཞིང་འབྲོག་ལས་འཕེལ་རྒྱས་མྱུར་པོ་ཡོང་བར་ཁྲིད་སྟོན་བྱེད་དགོས། ཚན་རྩལ་ཞིབ་འཇུག་གསར་སྤེལ་ལ་ཤུགས་སྣོན་རྒྱག་པ་དང་དེང་རབས་ཀྱི་ཞིང་འབྲོག་ལས་ཐོན་ལས་ཀྱི་ལག་རྩལ་མ་ལག་འཐུས་ཚང་དུ་བཏང་སྟེ་དེང་རབས་ཞིང་འབྲོག་ལས་ཐོན་ལས་ཀྱི་ཚན་རྩལ་གསར་གཏོད་ལྟེ་གནས་ཁག་གཅིག་བསྐྲུན་ནས་འཕྲུལ་ཆས་ཅན་གྱི་ཐོན་སྐྱེད་དང་སྤུས་ལེགས་ཐོན་མཐོའི་སྣ་ཁ་གསར་པ་འདེམས་གསོ་མགྱོགས་སུ་གཏོང་བ་དང་། ཚན་རྩལ་ཁྱབ་གདལ་ལ་ཤུགས་སྣོན་བརྒྱབ་སྟེ་ས་ཁུལ་ཁག་ལ་ཞིང་ལས་ཚན་རྩལ་སློབ་གསོ་དང་ཐོན་སློབ་ཞིབ་གསུམ་གཞི་གཅིག་ཅན་གྱི་ཞིང་འབྲོག་ལས་ཀྱི་ལག་རྩལ་ཁྱབ་གདལ་མནའ་འབྲེལ་འཛུགས་རྒྱུར་ལྕག་སྐུལ་བྱེད་པ་དང་རིག་ལྡན་ཞིང་འབྲོག་ལས་ཀྱི་འདུ་འགོད་ལག་ལེན་བསྟར་ནས་ཞིང་འབྲོག་ལས་ཀྱི་ཟོག་སྦྲེལ་དྲ་རྒྱའི་ཚོད་ལྟ་དཔེ་སྟོན་དང་སྒྲིག་ཆས་རིག་ནུས་ཅན་ལ་འགྱུར་བར་སྐུལ་འདེད་གཏོང་བ། ཚན་རྩལ་གསར་གཏོད་དང་ལྕག་སྐུལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་གྱི་ཕན་འབྲས་དང་ཚན་རྩལ་མི་སྣས་ལས་ཞོར་གླ་ཆ་ལེན་པ་སོགས་ཀྱི་ལམ་ལུགས་ཀྱི་གཏན་འབེབས་དོན་འཁྱོལ་བྱེད་པ་དང་། ཞིང་འབྲོག་ལས་ཚན་ཞིབ་ཀྱི་ཕུལ་བྱུང་ཤེས་ལྡན་པའི་གསོ་སྦྱོང་འཆར་གཞི་ལག་ལེན་བསྟར་བ། ཁྲོམ་རར་ཕྱོགས་པའི་ཞིང་འབྲོག་ལས་ཀྱི་ལག་རྩལ་ཞིབ་སྤེལ་དང་། གྲུབ་འབྲས་གཞན་སྒྱུར། ཐོན་ལས་སྐྱེད་སྲིང་བཅས་ཀྱི་སྒྲིག་གཞི་གསར་པ་འཕེལ་རྒྱས་གཏོང་བ་བཅས་བྱེད་པ། གྲོང་གསེབ་ཀྱི་མི་ཤུགས་ཐོན་ཁུངས་གསར་སྤེལ་བྱས་ནས་གཙོ་གནད་ཐོག་ཆེད་ལས་ཞིང་འབྲོག་པ་གསར་པ་སྐྱེད་སྲིང་དང་རྩལ་ནུས་མཐོར་གཏོང་ལ་དམིགས་ཏེ་སྲིད་གཞུང་གིས་གཙོ་ཁྲིད་དང་། སྡེ་ཚན་གྱིས་གཞོགས་འདེགས། སྤྱི་འདོམས་བཀོད་སྒྲིག ཐོན་ལས་སྐུལ་ཁྲིད་བཅས་ཀྱི་གསོ་སྦྱོང་ལམ་སྲོལ་འཛུགས་དགོས།