ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་མི་སེམས་སུ་དེ་བས་གཏིང་ཟབ་ཟུག་པར་བྱེད་དགོས།

སྤེལ་དུས 2018-03-14 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། ཀྲོའུ་ཧུའེ་ཡིས།
          བསྡོམས་རྩིས་ལས་མངོན་གསལ། 2017ལོར་ལྷ་ས་གྲོང་ཁྱེར་གྱི་ཁོར་ཡུག་དང་མཁའ་རླུང་གི་སྤུས་ཚད་ལེགས་པོ་བཟུང་ཚད་98.9%ཟིན་ནས་རྒྱལ་ཡོངས་ཀྱི་གཙོ་གནད་གྲོང་ཁྱེར་74ཡི་ཁྲོད་ཨང་གཉིས་པར་སླེབས་པ་དང་། བོད་ལྗོངས་ས་མཐོའི་སྣོད་བཅུད་མ་ལག་སྤྱིར་བརྟན་པོ་ཡོད་ཅིང་། སྣོད་བཅུད་བདེ་འཇགས་སྲུང་ཡོལ་རྒྱུན་འཁྱོངས་ནུས་ལྡན་ཐུབ་ཡོད།
          བོད་འདི་ཉིད་སྔར་བཞིན་གོ་ལ་ཧྲིལ་པོར་གཙང་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་པས་དེ་ནི་ང་ཚོས་སྤོབས་པ་སྐྱེ་འོས་པ་ཞིག་ཡིན། འོན་ཀྱང་བོད་ཀྱི་སྣོད་བཅུད་ཁོར་ཡུག་གི་ཉམས་ཞན་རང་བཞིན་ལས་ང་ཚོར་འབད་འཐབ་ཀྱི་སྤྱོད་ཚུལ་དང་རིག་པ་དྭངས་གསལ་ངེས་པར་དུ་རྒྱུན་འཁྱོངས་བྱེད་པ་ལས་དུས་ཚོད་སྐར་ཆ་གཅིག་ཀྱང་ལྷོད་གཡེང་གཏོང་མི་རུང་བའི་དྲན་སྐུལ་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་བོད་ས་མཐོའི་སྣོད་བཅུད་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་ཐད་ལེགས་སྐྱེས་ཆེན་པོ་འབུལ་བ་ཞིག་ཡིན་པའི་ནན་བཤད་ཐེངས་མང་གནང་ཡོད། འདི་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ལས་འགན་གསར་པ་དང་དམིགས་ཚད་གསར་པ་ཡང་བཏོན་པ་དང་། སྦགས་བཙོག་འགོག་བཅོས་ལ་ཕན་འབྲས་དེ་བས་ཆེ་བ་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་བྱས་པ། ལག་གདང་སྦྲེལ་ནས་བྱ་སྤྱོད་སྤེལ་ཏེ་སྔོ་ཞིང་དྭངས་བའི་རི་ཆུ་ཀླུང་གསུམ་གྱི་མཛེས་སྡུག་ལྡན་པའི་ཀྲུང་གོ་བསྐྲུན་དགོས་པའི་འབོད་སྐུལ་བྱས་ཡོད།
          སྲིད་གཞུང་གི་ངོས་ནས་ཆུ་དང་། རླུང་ཁམས་ཆེ་མོ། ས་རྒྱུ་བཅས་ཀྱི་སྦགས་བཙོག་འགོག་བཅོས་བྱ་སྤྱོད་ལག་བསྟར་སྔར་བས་ཤུགས་ཆེན་བྱས་པ་དང་། ཁོར་ཡུག་སྲུང་སྐྱོང་ཐད“སྤ་སེ་གཅིག་གིས་ཁྲུ་སློག་པའི”ལམ་ལུགས་ལག་བསྟར་ནན་པོ་བྱེད་པ། “མཐོ་གསུམ”གྱི་རྣམ་གྲངས་བོད་དུ་སྤེལ་རྒྱུ་གཏན་འགོག་བྱེད་པ། ཆུ་སྙིགས་དང་གད་སྙིགས་གནོད་མེད་ཐག་གཅོད་ཀྱི་སྒྲིག་ཆས་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་པ་དང་དུས་མཚུངས“གཙང་པོ་གཉིས་དང་ཆུ་བོ་བཞིའི”སྔོ་འགྱུར་འདུ་འགོད་དང་ནག་ཆུར་ཚན་རིག་ལ་བརྟེན་ནས་ཤིང་འཛུགས་པ་སོགས་ཀྱི་གཙོ་གནད་འདུ་འགོད་ནུས་ཤུགས་ཡོད་རྒུས་ལག་ལེན་བསྟར་ཏེ་འཛམ་གླིང་ཐོག་གི་དག་ཞིང་མཐའ་མ་དེར་སྲུང་སྐྱོང་ཏན་ཏིག་བྱེད་དགོས།
          མང་ཚོགས་ཕྱོགས་ནས་ཚང་མས་ལག་གདང་མཉམ་སྦྲེལ་གྱིས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱེད་པ་དང་། ལྗང་མདོག་ཐཱན་ཉུང་གི་འཚོ་བར་རོལ་བ། ཆུ་གློག་གྲོན་ཆུང་དང་ལྗང་མདོག་ཕྱིར་སྐྱོད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། སྡོང་རྐང་གཅིག་ལས་མ་བྱུང་ནའང་འཛུགས་པ་དང་ཤོག་ལྷེ་གཅིག་ལའང་གྲོན་ཆུང་བྱེད་པ་སོགས་བྱ་བ་ཆུང་ཙག་དང་། རང་ངོས་དང་ཉེ་འགྲམ་གྱི་བྱ་བ་ཆུང་ཙག་ནས་འགོ་བཙུགས་ཏེ་སྔོ་ཞིང་དྭངས་བའི་རི་ཆུ་ཀླུང་གསུམ་གྱི་མཛེས་སྡུག་ལྡན་པའི་བོད་ལྗོངས་ཐུན་མོང་ཐོག་སྐྲུན་དགོས།