ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

མི་དམངས་བློ་ཡིད་ཚིམ་པའི་ཞབས་ཞུ་རྣམ་པའི་སྲིད་གཞུང་འཛུགས་སྐྱོང་བྱེད་དགོས།

སྤེལ་དུས 2018-03-15 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ། མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།
          མི་དམངས་བློ་ཡིད་ཚིམ་པ་བྱ་རྒྱུ་དེ་ནི་ཞབས་ཞུ་རྣམ་པའི་སྲིད་གཞུང་གི་ངོ་བོ་རེད་ལ། ལས་ཁུངས་སྒྱུར་བཅོས་ཀྱི་མཐའ་མའི་དམིགས་ཡུལ་ཡང་རེད།
          ཟླ་3ཚེས་13ཉིན་གྱི་སྔ་དྲོ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་སྒྱུར་བཅོས་ཇུས་གཞིའི་གསལ་བཤད་གསན་པ་དང་ཇུས་གཞི་དེས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཚན་དང་ལས་ཁུངས་གཞན་དག་ལ་ལེགས་སྒྲིག་ཆེ་ཙམ་བྱས་ཏེ་པུའུ་རིམ་པ་རྒན་པའི་ལས་ཁུངས་8དང་པུའུ་རིམ་པ་གཞོན་པའི་ལས་ཁུངས7ཉུང་དུ་བཏང་བར་བརྟེན་ལས་ཁུངས་འཛུགས་པ་དང་འགན་ནུས་བཀོད་སྒྲིག་བཟང་སྒྲིག་དང་འགན་འཁྲིའི་འབྲེལ་བ་མཐུན་སྦྱོར་བྱུང་ཡོད། སྒྱུར་བཅོས་དེ་དུས་རབས་གསར་པའི་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོའི་འགྱུར་ལྡོག་དང་འཚམ་པ་དང་འཕེལ་རྒྱས་ཀྱི་དགོས་མཁོ་དང་། གཞི་རིམ་གྱི་རེ་སྒུག དམངས་སེམས་ཀྱི་གཏད་ཕྱོགས་བཅས་ལ་དམིགས་དོན་ནི་ཞབས་ཞུ་རྣམ་པའི་སྲིད་གཞུང་འཛུགས་སྐྱོང་བྱས་ནས་དེ་བས་ལེགས་པའི་སྒོ་ནས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་དེ་བས་བློ་ཡིད་ཚིམ་པ་བྱ་རྒྱུ་དེ་རེད།
          ལོ་རྒྱུས་ཐོག་ནས་བལྟས་ན། དཔལ་འབྱོར་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བ་དང་། སྤྱི་ཚོགས་རྒྱུན་ཆད་མེད་པར་ཡར་རྒྱས་འགྲོ་བ། མི་དམངས་ཀྱི་འཚོ་བ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཚེ་སྟེང་གི་བཀོད་པས་བླང་བྱ་གསར་པ་དང་འཚམ་པ་བྱས་ཏེ་རྒྱུན་ཆད་མེད་པར་སྒྱུར་བཅོས་བྱེད་དགོས། དེ་ནི་མིའི་རིགས་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཡོངས་ཁྱབ་ཀྱི་ཆོས་ཉིད་རེད། ཆོས་ཉིད་དེར་བསྟུན་ནས་དུས་རབས་གསར་པ་དང་ལས་འགན་གསར་པས་བཏོན་པའི་བླང་བྱ་གསར་པར་དམིགས་ཏེ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག《ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་ཇུས་གཞིར》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད། དེ་སྔའི་ལས་ཁུངས་སྒྱུར་བཅོས་དང་བསྡུར་ན་ད་ཐེངས་ཀྱི་སྒྱུར་བཅོས་བྱེད་ཤུགས་ཆེ་བ་དང་། ཤུགས་རྐྱེན་ཐེབས་རྒྱ་ཆེ་བ། ཁེ་ཕན་ལ་ཐུག་པའི་འབྲེལ་བ་རྙོག་འཛིང་ཆེ་བ་བཅས་ཚང་མ་ཧ་ཅང་མཐོང་དཀོན་པ་ཞིག་རེད། བརྒྱུད་རིམ་རང་བཞིན་དང་། ཁྱོན་ཡོངས་ཀྱི་རང་བཞིན། བསྐྱར་འཛུགས་རང་བཞིན་བཅས་ཀྱི་འཕོ་འགྱུར་ཞིག་རེད་ཅེས་བརྗོད་ཆོག དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྒྱུར་བཅོས་མཐར་ཕྱིན་པ་བྱེད་པའི་ཡིད་ཆེས་བརྟན་པོ་གང་ལེགས་མངོན་ཡོད་ལ། རང་རེའི་ཏང་གིས་སེམས་ཐག་གཙང་བཅད་ངང་ལོ་མང་ཐག་གཅོད་བྱེད་བསམ་ཡང་ཐག་གཅོད་མ་ཐུབ་པའི་གནད་དོན་ཐག་གཅོད་བྱ་རྒྱུའི་བློ་བརྟན་འགྱུར་མེད་ཀྱི་བློ་སྟོབས་གང་ལེགས་མཚོན་ཡོད། ད་ཐེངས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་སྒྱུར་བཅོས་ཀྱི་ཇུས་གཞི་དེ《ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་ཇུས་གཞི》གཞིར་བཟུང་གྲུབ་པའི་རྩེ་རིམ་ཇུས་འགོད་དེ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་བཀོད་སྒྲིག་གལ་ཆེན་ཞིག་རེད།
          “དུས་གནས་རྟོགས་དཔྱོད་དང་བློ་ཐག་ཆོད་པོས་བྱ་སྤྱོད་སྤེལ་ཚེ། གནམ་འོག་ཏུ་སྒྲུབ་མི་ཐུབ་པའི་བྱ་བ་ཅི་ཡང་མེད”དེ་གོང་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་འཛུགས་པ་དང་འགན་ནུས་བཀོད་སྒྲིག་ཐོག་ནས་བལྟས་ན། ལས་ཁུངས་འཛུགས་པ་དང་འགན་དབང་ཁག་བགོས་ཚན་རིག་དང་མི་མཐུན་པ་དང་། ལས་གནས་སྟོང་པར་ལུས་པ་དང་ལས་ཆོད་མཐོ་པོ་མེད་ལ་གནད་དོན་མངོན་གསལ་དོད་པ། སྲིད་གཞུང་གི་འགན་ནུས་སྒྱུར་རྒྱུ་དམིགས་སར་མི་འབྱོར་བ་བཅས་ཀྱི་གནད་དོན་ཡོད། མངོན་གསལ་དོད་པའི་འགལ་ཟླ་དང་གནད་དོན་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་སྲིད་གཞུང་གི་འགན་ནུས་སྒྱུར་རྒྱུར་དམིགས་ནས་ད་ཐེངས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་སྒྱུར་བཅོས་ཀྱི་དམིགས་ཡུལ་ནི་ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཁྲོམ་རའི་གཏན་འཁེལ་རང་བཞིན་གྱི་ནུས་པ་དང་སྲིད་གཞུང་གི་ནུས་པ་དེ་བས་འདོན་སྤེལ་བྱ་རྒྱུར་འགོག་རྐྱེན་བཟོ་བའི་སྒྲིག་སྲོལ་ལམ་སྲོལ་གྱི་ཞན་ཆ་མཐའ་གཅིག་ཏུ་མེད་པ་བཟོ་རྒྱུ་དང་འབྲེལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་པ་དང་། སྲིད་གཞུང་གིས་དཔལ་འབྱོར་ལེགས་སྒྲིག་དང་། ཁྲོམ་རར་ལྟ་སྐུལ་དོ་དམ། སྤྱི་ཚོགས་ལ་དོ་དམ། སྤྱི་པའི་ཞབས་ཞུ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་འགན་ནུས་ལ་ཤུགས་སྣོན་དང་འཐུས་སྒོ་ཚང་དུ་གཏོང་བ། དུས་རབས་གསར་པའི་ཆ་རྐྱེན་དང་ལག་ལེན་བླང་བྱ་དང་ཟུང་འབྲེལ། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཀྱི་ལས་ཁུངས་ཀྱི་འགན་ནུས་བཟང་སྒྲིག་དང་ལེགས་སྒྲིག་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་རྒྱག་པ། འགན་འཁྲི་ཁ་གསལ་དང་ཁྲིམས་ལྟར་སྲིད་འཛིན་པའི་སྲིད་གཞུང་གི་བཅོས་སྐྱོང་མ་ལག་འཛུགས་པ་བཅས་བྱས་ཏེ་སྲིད་གཞུང་གི་ལག་བསྟར་ནུས་པ་ཆེ་རུ་གཏོང་ཆེད་རེད། སྒྱུར་བཅོས་ཀྱི་ཇུས་གཞི་གཞིར་བཟུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་འཛུགས་རྒྱུ་དེ་དེ་བས་དོན་དངོས་དང་མཐུན་པ་དང་། ཚན་རིག་དང་ལུགས་དང་མཐུན་པ། དེ་བས་ཕན་འབྲས་ལྡན་པ་བཅས་ཡོང་རྒྱུ་དང་། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པའི་སྒྱུར་བཅོས་ཀྱི་ཆབ་སྲིད་ཀྱི་བརྗོད་དོན་གཙོ་བོ་དེའི་འགོ་ནས་མཇུག་བར་ཁྱབ་པ་དང་། དམིགས་ཡུལ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བཀོད་སྒྲིག་བྱས་པའི་ལས་འགན་ཁག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱ་རྒྱུར་རྩ་འཛུགས་ཀྱི་འགན་ལེན་ནུས་ལྡན་མཁོ་འདོན་བྱ་ཆེད་རེད།
          མི་སེར་རྣམས་འཚོ་བ་ཡག་པོ་ཞིག་སྐྱེལ་ཐུབ་པ་བྱ་རྒྱུ་དེ་ནི་ང་ཚོའི་ལས་དོན་མཐའ་དག་གི་འགོ་འཛུགས་ས་དང་དོན་ལ་བབས་ས་ཞིག་ཡིན་ལ་སྒྱུར་བཅོས་ཀྱི་རྩ་བའི་རིན་ཐང་གི་འཕེལ་རྒྱས་ཤིག་ཡིན། ད་ཐེངས་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་སྒྱུར་བཅོས་ཀྱི་ཇུས་གཞིའི་ནང་མི་དམངས་ལྟེ་བར་བྱ་རྒྱུ་མཐའ་འཁྱོངས་བྱེད་པའི་རྩ་དོན་གལ་ཆེན་མངོན་ཡོད། གཙོ་གནད་ཁྱབ་ཁོངས་ཀྱི་དམངས་འཚོའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུར་དམིགས་པ་དང་དེ་བས་གཞུང་དྲང་དང་དེ་བས་རྒྱུན་མཐུད་ཀྱི་སྤྱི་ཚོགས་ཀྱི་འགན་ལེན་ལམ་ལུགས་དང་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་རྒྱུ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུར་གཞི་ཚུགས་ཏེ་སློབ་གསོ་རིག་གནས་དང་། འཕྲོད་བསྟེན་བདེ་ཐང་། སྨན་བཅོས་འགན་ལེན། དམག་ཞབས་འཐིམ་པའི་དམག་མིར་ཞབས་ཞུ། གནས་སྤོས་མི་སྣར་དོ་དམ་ཞབས་ཞུ། སྣོད་བཅུད་དང་ཁོར་ཡུག་སྲུང་སྐྱོང་། འཕྲལ་སྡོམ་དོ་དམ་སོགས་མི་དམངས་མང་ཚོགས་ཚོས་དོ་ཁུར་ཆེན་པོ་བྱེད་པའི་ཁྱབ་ཁོངས་ཀྱི་ལས་ཁུངས་ལེགས་སྒྲིག་དང་བཟང་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལས་ཁུངས་གསར་པ་ཁག་གཅིག་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་ནས་སྲིད་གཞུང་གི་སྤྱི་པའི་ཞབས་ཞུ་དང་སྤྱི་ཚོགས་ཀྱི་དོ་དམ་འགན་ནུས་ལ་ཤུགས་སྣོན་རྒྱག་པ་དེ་ནི་དེ་བས་ལེགས་པའི་སྒོ་ནས་དམངས་འཚོ་འགན་ལེན་དང་ལེགས་བཅོས་དང་། སྤྱི་པའི་བདེ་འཇགས་སྲུང་སྐྱོང་བྱ་ཆེད་ཡིན། ལག་ལེན་ཐོག་ནས་ང་ཚོར་བློ་སྒོ་ཕྱེ་དོན། མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་སྲིད་སྐྱོང་གི་བྱས་རྗེས་ཆེ་ཤོས་སུ་བརྩིས་ནས་མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་། མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ། མང་ཚོགས་ལ་མཁོ་བའི་ལས་དོན་བསྒྲུབས་ཐུབ་པ་བཅས་བྱས་ཚེ། གཞི་ནས་མི་དམངས་བློ་ཡིད་ཚིམ་པའི་ཞབས་ཞུ་རྣམ་པའི་སྲིད་གཞུང་ཡག་པོ་ཞིག་འཛུགས་ཐུབ།
          “བློ་རིག་ཅན་གྱིས་དུས་བསྟུན་འགྱུར་ལྡོག་གཏོང་། མཁྱེན་དཔྱོད་ཡངས་པས་དོན་བསྟུན་བྱེད་ཐབས་བཟོ”བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་དམིགས་ཡུལ་གྱི་འདུ་ཤེས་དང་ཞབས་ཞུའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་དུས་རབས་གསར་པའི་འཕེལ་རྒྱས་ཀྱི་བླང་བྱ་དང་བསྟུན་ཚེ། ང་ཚོས་རྒྱུན་ཆད་མེད་པར་སྒྱུར་བཅོས་ལ་སྐུལ་འདེད་བཏང་བ་བརྒྱུད་མི་དམངས་བློ་ཡིད་ཚིམ་པའི་ཞབས་ཞུ་རྣམ་པའི་སྲིད་གཞུང་འཛུགས་སྐྱོང་བྱས་ཏེ་དེ་བས་ལེགས་པའི་སྒོ་ནས་མི་དམངས་ཀྱི་ཉིན་རེ་བཞིན་གོང་མཐོར་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་ཐུབ་ལ་དེ་བས་ལེགས་པའི་སྒོ་ནས་མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཐུབ་ངེས་རེད།