ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

ཀུན་སེམས་གཅིག་ཏུ་སྒྲིལ་ནས་དུས་རབས་གསར་པའི་ཕུགས་འདུན་གཏོད།

སྤེལ་དུས 2018-03-16 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ། མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།
​—— རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོ་རྒྱལ་ཁའི་ངང་གྲོལ་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ།
             དམངས་གཙོར་བརྟེན་ནས་བློ་གྲོས་འཕེལ་བ་དང་མཐུན་སྒྲིལ་ལ་བརྟེན་ནས་སྟོབས་ཤུགས་གཅིག་སྡུད་བྱས་ཏེ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོ་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་ཟླ་3ཚེས་15ཉིན་པེ་ཅིང་དུ་རྒྱལ་ཁའི་ངང་གྲོལ་བ་དང་། ང་ཚོས་ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་བྱུང་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་ཡིན།
             དེ་ནི་དམངས་གཙོ་མཐུན་སྒྲིལ་དང་བདེན་འཚོལ་ཡར་བརྩོན་གྱི་ཚོགས་ཆེན་ཞིག་ཡིན། ཚོགས་འདུ་འཚོགས་རིང་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་གྱིས་ཚོགས་འདུར་ཞུགས་པའི་རིགས་ཁོངས་ཁག་གི་ཨུ་ཡོན་ལ་གཟིགས་པ་དང་འབྲེལ་རིགས་ཁོངས་ཁག་གི་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཞུགས་ནས་ཨུ་ཡོན་གྱི་བསམ་འཆར་དང་གྲོས་འགོ་ནན་ཏན་ངང་གསན་པ་རེད། 
             ཨུ་ཡོན་ཚོས་བློ་གྲོས་ཀྱི་ཐབས་འདོན་པ་དང་དངོས་སྒྲུབ་ཀྱི་ཇུས་བཏོན་ནས་མི་དམངས་དམངས་གཙོའི་མངོན་འགྱུར་བྱ་ཐབས་གལ་ཆེན་ཡིན་པའི་མི་དམངས་སྲིད་གྲོས་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་མངོན་ཡོད། ཚོགས་ཆེན་ཐོག་སྐབས་གསར་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་འགོ་ཁྲིད་ཁོངས་མི་བདམས་ཐོན་བྱུང་བ་དང་སྐབས་གསར་རྙིང་བདེ་བླག་ངང་བརྗེ་རེས་བྱས་པ་རེད། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་འགོ་ཁྲིད་སྒྲིག་གཞིའི་བློ་མཐུན་རྒན་གྲས་ཁ་ཤས་རྒན་ཡོལ་ཞུས་ཡོད། ཁོང་ཚོས་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཕེལ་རྒྱས་དང་། སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བཅས་ལ་ལེགས་སྐྱེས་གལ་ཆེན་ཕུལ་གནང་ཡོད་པས་ང་ཚོས་ཁོང་ཚོར་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན།
             སྲིད་གྲོས་ཀྱི་སྒྲིག་ཡིག་ནི་མི་དམངས་སྲིད་གྲོས་ནང་ཞུགས་པའི་ཏང་ཤོག་ཁག་གི་ཚོགས་པ་དང་། མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣའི་ཐུན་མོང་གི་བྱ་སྤྱོད་ཀྱི་ཚད་གཞི་ཡིན། ད་ཐེངས་ཀྱི་ཚོགས་འདུས་སྲིད་གྲོས་སྒྲིག་ཡིག་གི་ནང་དོན་ཁ་ཤས་ལ་བཟོ་བཅོས་བརྒྱབ་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བཏོན་པའི་དགོངས་པ་གལ་ཆེན་དང་། ལྟ་བ་གལ་ཆེན། ཆོད་སྡོམ་གལ་ཆེན། བྱེད་ཐབས་གལ་ཆེན་བཅས་བཅུག་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་མི་དམངས་སྲིད་གྲོས་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་དང་མི་དམངས་སྲིད་གྲོས་ཀྱི་རིགས་པའི་གཞུང་ལུགས་གསར་གཏོད་དང་། ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ཀྱི་གྲུབ་འབྲས་བཅུག་ཡོད། སྲིད་གྲོས་ཀྱི་སྒྲིག་ཡིག་བཟོ་བཅོས་བརྒྱབ་པ་དེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་བླང་བྱ་དང་མཐུན་པ་དང་། མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་བླང་བྱ་དང་མཐུན་ཡོད་པས་མི་དམངས་སྲིད་གྲོས་ཀྱིས་འགན་ནུས་དེ་བས་ལེགས་པའི་ངང་སྒྲུབ་པ་དང་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱ་རྒྱུར་ཕན་ཐོགས་ཡོད།
             རང་རྒྱལ་གྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཤིག་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་ནི་ཀྲུང་གོའི་ས་གཞི་གཤིན་པོ་ནས་འཚར་ལོངས་བྱུང་བའི་སྲིད་ཏང་ལམ་ལུགས་གསར་པ་ཞིག་ཡིན། རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་གྲུབ་ཆ་གལ་ཆེན་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ལམ་ལུགས་བཀོད་སྒྲིག་ཡིན་པའི་མི་དམངས་སྲིད་གྲོས་ནི་སྲིད་ཏང་ལམ་ལུགས་གསར་པ་དེ་ལག་ལེན་བསྟར་བའི་ཆབ་སྲིད་ཀྱི་རྣམ་པ་དང་རྩ་འཛུགས་ཀྱི་རྣམ་པ་གལ་ཆེན་ཞིག་ཡིན། སྲིད་ཏང་ལམ་ལུགས་གསར་པ་དེའི་གསར་ལུགས་གང་དུ་ཡོད་ཅེ་ན། འདི་ནི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་རིགས་པའི་གཞུང་ལུགས་དང་ཀྲུང་གོའི་དོན་དངོས་ཟུང་འབྲེལ་བྱས་པའི་ཐོན་དངོས་ཤིག་ཡིན་སྟབས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་རྒྱལ་ཡོངས་མི་རིགས་ཁག་དང་ལས་རིགས་ཁག་གི་རྩ་བའི་ཁེ་ཕན་མངོན་སུམ་དང་། རྒྱ་ཁྱབ། རྒྱུན་མཐུད་བཅས་ཀྱི་སྒོ་ནས་ཚབ་བྱེད་ཐུབ་པ་དང་མངོན་འགྱུར་བྱེད་ཐུབ་པས། སྲིད་ཏང་ལམ་ལུགས་རྙིང་པས་མི་ཉུང་ཤས་དང་ཁེ་ཕན་ཚོགས་པ་ཉུང་ཤས་ཀྱི་ཚབ་བྱེད་པའི་སྐྱོན་ཆ་མི་ལྷག་པ་བྱས་པ་དང་། དེས་སྲིད་ཏང་ཁག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་ཐུན་མོང་གི་དམིགས་ཚད་ཆེད་དུ་འབད་འཐབ་བྱེད་དུ་བཅུག་ནས། ཏང་གཅིག་ལ་ལྟ་སྐུལ་མི་འདང་བ་དང་ཡང་ན་ཏང་མང་ཁག་བརྗེ་རེས་དང་འགྲན་རྩོད་ཚབས་ཆེན་བྱེད་པའི་སྐྱོན་ཆ་མི་ལྷག་པ་བྱས་པ། དེས་ལམ་ལུགས་ཅན་དང་། བརྒྱུད་རིམ་ཅན། ཚད་ལྡན་ཅན་བཅས་བཀོད་སྒྲིག་བྱས་པ་བརྒྱུད་བསམ་འཆར་དང་གྲོས་འགོ་སྣ་ཚོགས་བསྡུ་རུབ་བྱས་པ་དང་ཐབས་ཇུས་ཚན་རིག་ཅན་དང་དམངས་གཙོ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་བས། སྲིད་ཏང་ལམ་ལུགས་རྙིང་པས་ཏང་ཤོག་གི་ཁེ་ཕན་དང་། གྲལ་རིམ་གྱི་ཁེ་ཕན། ས་ཁོངས་དང་ཚོགས་པའི་ཁེ་ཕན་བཅས་ཀྱི་ཐབས་ཇུས་ལག་ལེན་བསྟར་རྒྱུར་འགོག་རྐྱེན་བཟོས་ནས་སྤྱི་ཚོགས་ཁ་ཐོར་དུ་འགྲོ་བའི་སྐྱོན་ཆ་མི་ལྷག་པ་བྱས་པ་བཅས་མི་དམངས་སྲིད་གྲོས་ཀྱི་ལོ་60ལྷག་ཙམ་གྱི་འོད་སྟོང་འབར་བའི་ལོ་རྒྱུས་དང་རླབས་ཆེན་ལག་ལེན་ལས་གསལ་བཤད་གང་ལེགས་ཐུབ་ཡོད། ཏང་མང་མཉམ་ལས་ཀྱི་ཐོག་མའི་བསམ་འདུན་མ་བརྗེད་པར་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་ནས་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་སྲིད་ཏང་ལམ་ལུགས་མཐའ་འཁྱོངས་ཡག་པོ་དང་། འཕེལ་རྒྱས་ཡག་པོ། འཐུས་ཚང་ཡག་པོ་བཅས་བྱས་ཚེ། ང་ཚོས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་ཐུབ་ངེས་རེད།
             ཏང་གི་ཚོགས་ཆེན་བཅུ་དགུ་པས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བརྗིད་ཆེའི་འཆར་གཞི་བཀོད་ནས་མི་དམངས་སྲིད་གྲོས་ལ་སྔར་བས་མཐོ་བའི་བླང་བྱ་གསར་པ་བཏོན་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྲིད་གྲོས་ལས་དོན་ལ་གཅིག་འདོམས་བྱེད་པའི་སྤྱིའི་རྩ་འཛིན་དུ་བརྩི་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་དེ་ཐུན་མོང་བསམ་བློའི་ཆབ་སྲིད་རྨང་གཞི་སྲ་བརྟན་གཏོང་བའི་གཙོ་གནད་དུ་བརྩི་བ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་ཆེད་ཇུས་ཤུགས་འདོན་རྒྱུ་དེ་ལས་ཀའི་གཙོ་རྐང་དུ་བརྩི་བ་བཅས་བྱས་ཏེ། ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ལག་བསྟར་ནན་ཏན་བྱེད་པ་དང་། རང་འགན་ནན་སྒྲུབ་ཀྱིས་འགན་འཁྲི་མཚོན་པར་བྱེད་པ་དང་། འབད་འབུངས་ཆེར་སྐྱེད་ངང་རིན་ཐང་མངོན་པར་བྱེད་པ་བཅས་བྱས་ཚེ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་འགྲོ་བར་དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་ཆེད་ལེའུ་གསར་པ་མུ་མཐུད་རྩོམ་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད།
             འགན་འཁྲི་ཇི་ཙམ་གཟི་བརྗིད་ལྡན་ན་ལས་འགན་དེ་ཙམ་གྱིས་དཀའ་ཚེགས་ཆེ་བས་མི་ཚང་མས་བློ་སེམས་གཅིག་སྒྲིལ་ངང་དེ་བས་འབད་བརྩོན་བྱེད་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཆེས་རྒྱ་ཁྱབ་ཀྱི་ཐུན་མོང་ངོས་འཛིན་གཅིག་སྒྲིལ་དང་། ཆེས་གང་ལེགས་ཀྱི་བློ་གྲོས་གཅིག་སྒྲིལ། ཆེས་རྒྱ་ཆེའི་སྟོབས་ཤུགས་གཅིག་སྒྲིལ་བཅས་བྱས་ཏེ་ཀུན་སེམས་གཅིག་ཏུ་སྒྲིལ་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་དགོས།