ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་བཏང་ནས་སྒུལ་ནུས་གཞན་འགྱུར་ལ་སྐུལ་སྤེལ་གཏོང་དགོས།

སྤེལ་དུས 2018-04-13 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། ལིའུ་ཧྥེང་གིས།
           ཡུལ་སྐོར་ལས་རིགས་དེ་ཡུལ་སྐོར་མཛེས་ལྗོངས་ཁུལ་ཙམ་ལ་ཡུལ་སྐོར་ནས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ལ་འགྱུར་རིམ་སྔར་བས་མགྱོགས་སུ་བཏང་སྟེ་སྒུལ་ནུས་གཞན་འགྱུར་ལ་ཇི་ལྟར་སྐུལ་སྤེལ་གཏོང་དགོས་སམ་ཞེ་ན། དེའི་ཐད་སྨྱུག་འཛིན་པས་གཤམ་གྱི་ཕྱོགས་གསུམ་ཐད་ནས་ཤུགས་རྒྱག་དགོས་པའི་ངོས་འཛིན་བྱ་རྒྱུ་སྟེ།
           མཛེས་ལྗོངས་ཁུལ་ཀུན་འདུས་ལ་སྐུལ་འདེད་བཏང་ནས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ཀྱི་གཞི་རྩའི་མ་ལག་ཅིག་བསྐྲུན་དགོས། མཛེས་ལྗོངས་ཁུལ་ཀུན་འདུས་ཀྱི་གཞི་རྐང་འདི་བརྟན་དུ་བཏང་ནས་ཡུལ་སྐོར་གྱི་ཐོན་ཁུངས་གང་ལེགས་སྤྱད་ཚེ། གཞི་ནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་འབྲས་བུ་སྨིན་ཞིང་ལས་ཀ་ཏན་ཏིག་སྒྲུབ་ཐུབ་ལ་བརྟེན་ས་དང་གཞི་འཛིན་ས་ཞིག་ཀྱང་ཡོང་ཐུབ།
           དམངས་ཡོངས་ཡུལ་སྐོར་བར་འགྱུར་རྒྱུར་སྐུལ་འདེད་བཏང་ནས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་མ་ལག་ཅིག་སྐྲུན་དགོས། མི་ནི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བའི་འགག་རྩ་ཞིག་ཡིན་ལ་ཡུལ་སྐོར་ནང་དམངས་ཡོངས་ཞུགས་རྒྱུ་ནི་ཡུལ་སྐོར་ལས་རིགས་རྒྱུན་མཐུད་འཕེལ་རྒྱས་ཡོང་བའི་རྫོགས་མཐའ་མེད་པའི་སྒུལ་ཤུགས་ཤིག་ཡིན། དུས་ཆེན་དང་རྟེན་འབྲེལ་བྱེད་སྒོའི་མྱོང་རོལ་དང་། བྲིན་སྐུལ་ཚོང་གཉེར། རིན་གོང་གཅོག་པ། དྲ་ཐོག་དང་དངོས་ཡོད་ཀྱི་བྱེད་སྒོ་ཕན་ཚུན་ཟུང་འབྲེལ་བྱེད་པ་སོགས་བརྒྱུད་ཀུན་གྱི་ཡིད་སེམས་འགུག་པའི་ཁྱབ་གདལ་བྱེད་སྒོ་སྣ་ཚོགས་གཉེར་ནས་མི་རྣམས་ཀྱི་ཡིད་དབང་འགུག་ཐུབ་ཚེ། གཞི་ནས་ཡུལ་སྐོར་ཁྲོམ་རའི་གསོན་ཤུགས་རྒྱས་ནས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཁོར་སྐྱོད་ལེགས་པོ་ཐུབ་སྟེ་ཡུལ་སྐོར་ལས་རིགས་ཀྱི་གསོན་ཤུགས་དངོས་འབྲེལ་རྒྱས་ཐུབ།
           ཞབས་ཞུ་དང་དོ་དམ་ཁྱོན་ཡོངས་ལ་ཁྱབ་པར་སྐུལ་འདེད་བཏང་སྟེ་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ཀྱི་འདེགས་སྐྱོར་མ་ལག་ཅིག་སྐྲུན་དགོས། ཞབས་ཞུ་དང་དོ་དམ་ཕྱོགས་ཡོངས་ལ་ཁྱབ་པར་སྐུལ་འདེད་གཏོང་བ་ནི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་སྒྲུབ་དགོས་ངེས་ཀྱི་འོས་འགན་དང་དགོས་ངེས་ཀྱི་བྱ་ཐབས་ཤིག་རེད། དེ་ནི་ཡུལ་སྐོར་ལས་རིགས་ཀྱི་དོ་དམ་སྡེ་ཚན་དང་ལས་གཉེར་མཁན་གྱིས་ཡུལ་སྐོར་བྱེད་སྒོའི་བརྒྱུད་རིམ་ཧྲིལ་པོར་དོ་དམ་ནན་པོ་དང་ཞབས་ཞུ་ལེགས་པོ་བྱེད་པ་དང་ཆགས་ཅིག རིག་ནུས་ཡུལ་སྐོར་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས་ཡུལ་སྐོར་བར་སྔར་བས་སྟབས་བདེ་དང་། མྱུར་བ། བློ་ལ་བབས་པ་བཅས་ཀྱི་ཡུལ་སྐོར་ཞབས་ཞུ་ཞིག་ཚོར་ཐུབ་པ་བྱེད་དགོས།