ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

ལས་དོན་རུ་ཁག་གི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས།

སྤེལ་དུས 2018-04-13 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། ཧྲི་ཅིན་རུའུ།
          སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་སྤེལ་བར་བརྟེན་ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་ཚོའི་མི་སེར་གྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ནས་མང་ཚོགས་ཀྱི་བདེ་སྐྱིད་ཐོབ་ཚོར་ཆེ་རུ་ཕྱིན་ཡོད།
          སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་ལས་དོན་དེ་དམངས་འཚོ་ལེགས་གཏོང་དང་། མི་སེམས་གཅིག་སྒྲིལ། ཉིང་ཁྲིའི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་རྒྱུ་བཅས་ལ་གལ་འགངས་ཤིན་ཏུ་ཆེ་བའི་དོན་སྙིང་ལྡན་ཡོད།
          གྲོང་སྡོད་ལས་དོན་རུ་ཁག་གི་འགག་རྩའི་ནུས་པ་སྔར་བས་འདོན་སྤེལ་དང་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་ལས་དོན་ཡག་པོ་སྒྲུབ་དགོས་ན། གཅིག་ནས་གནད་སྨིན་དབུལ་སྐྱོར་གྱི་ལས་དོན་སྤེལ་རྒྱུར་ཤུགས་སྣོན་རྒྱག་པ་དང་རྣམ་གྲངས་གལ་ཆེན་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས། རིམ་ཁག་གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོ་ཁག་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བཅར་འདྲི་དང་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་འབྲེལ་གྲོང་མིའི་ཚོགས་ཆུང་དང་འབྲེལ་བ་བྱེད་པ་དང་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས་ཏེ་ཐབས་ལམ་སྣ་མང་སྤྱད་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
          གཉིས་ནས་དམངས་འཚོའི་རྨང་གཞི་བརྟན་དུ་བཏང་ནས་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས། གྲོང་སྡོད་ལས་དོན་རུ་ཁག་གིས་ཤང་གྲོང་དང་གྲོང་ཚོར་མུ་མཐུད་གཞོགས་འདེགས་བྱེད་པ་དང་འབྲེལ་རླུང་འཕྲིན་དང་བརྙན་འཕྲིན་རིག་གནས་ཆ་འཕྲིན་གྱི་ཐོན་ཁུངས་མཉམ་སྤྱོད་དང་། ཤང་གྲོང་གི་ཕྱོགས་བསྡུས་རིག་གནས་ས་ཚིགས། གྲོང་ཚོའི་རིག་གནས་ཁང་བསྐྲུན་རྒྱུ་སོགས་ཀྱི་གཙོ་གནད་རིག་གནས་དམངས་ཕན་ལས་གྲྭར་སྐུལ་འདེད་བཏང་ནས་གྲོང་གསེབ་ཀྱི་རིག་གནས་དར་རྒྱས་ཡོང་བ་བྱེད་དགོས། གྲོང་གསེབ་ཏུ་གམ་གཙང་འདུ་འགོད་ལག་བསྟར་བྱ་རྒྱུར་རོགས་རམ་བྱས་ཏེ་ཆུ་དང་། ཐབ་ཚང་། གསང་སྤྱོད། ཕྱུགས་ར་སོགས་རྒྱས་སྐྲུན་ལས་དོན་སྤེལ་ནས་གད་སྙིགས་གཅིག་སྡུད་ཐོག་གཙང་སེལ་བྱས་ཏེ་གྲོང་གསེབ་ཀྱི་འཕྲོད་བསྟེན་ཆ་རྐྱེན་དང་སྡོད་ཁང་གི་ཁོར་ཡུག་སོགས་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་བཏང་ནས་གྲོང་མི་ཚོ་བློ་ཡིད་ཚིམ་པ་བྱེད་དགོས།
          གསུམ་ནས་མི་སེམས་གཅིག་ཏུ་བསྒྲིལ་ཏེ་བསམ་བློ་དང་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་དགོས། རིམ་ཁག་གྲོང་སྡོད་ལས་དོན་རུ་ཁག་གིས་ཏང་གཅེས་རྒྱལ་གཅེས་ཀྱི་བསམ་བློའི་དྲིལ་བསྒྲགས་བྱ་རྒྱུ་དེ་དམངས་ཆེད་དོན་དངོས་སྒྲུབ་པ་དང་བྱ་བ་བཟང་པོ་སྒྲུབ་རྒྱུ་དང་ཟུང་འབྲེལ་བྱེད་པ་དང་། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ཟུང་འབྲེལ་བྱས་ནས་མང་ཚོགས་ཀྱིས་མཐོང་ཐུབ་པ་དང་ལྟ་འདོད་ལ་ཉན་སྤྲོ་བའི་བྱེད་ཐབས་ཀྱི་ཐོག་ནས་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་རྒྱལ་གཅེས་སྤྲོ་སེམས་འཕེལ་བ་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་གོང་བུ་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་ཆེ་རུ་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ཚོས་བདེ་སྐྱིད་ལྡན་པའི་འཚོ་བ་ནི་ལས་སླ་པོར་ཐོབ་པ་ཞིག་མིན་པ་ཤེས་པ་བྱེད་པ་དང་འབྲེལ་རང་རྟོགས་ངང་ཆོས་ལུགས་ཀྱི་ཤུགས་རྐྱེན་ངན་པ་འགོག་ཐུབ་པ་བྱེད་དགོས།