ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

བསྒྱུར་བཅོས་སྒོ་འབྱེད་ཁྲོད་ནས་མི་རིགས་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད།

སྤེལ་དུས 2018-04-13 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བ་ནས་གནས་ཚུལ་འབྱོར་གསལ།“ཀྲུང་གོས་ཕྱི་ཕྱོགས་སུ་ཕྱེ་བའི་སྒོ་མོ་དེ་རྒྱག་མི་སྲིད་པར། ཆེ་ནས་ཆེ་རུ་ཕྱེ་ངེས།”ཟླ་4པའི་ཚེས་10ཉིན།ཀྲུའུ་ཞི་ཞི་ཅིན་ཕིང་པོ་ཨའོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི་2018ལོའི་ལོ་ཚོགས་ཀྱི་དབུ་འབྱེད་མཛད་སྒོར་ཞུགས་པ་མ་ཟད་བརྗོད་དོན་གཏམ་བཤད་ཀྱང་སྤེལ། དེའི་ཐོག་ནས་ཀྲུང་གོའི་བསྒྱུར་བཅོས་སྒོ་འབྱེད་ཀྱི་གྲུབ་འབྲས་རླབས་ཆེན་དང་། ཉམས་མྱོང་ངམ་བློ་སྒོ་གལ་ཆེན། འཛམ་གླིང་གི་དོན་སྙིང་དང་ཤུགས་རྐྱེན་བཅས་ཕྱོགས་བསྡོམས་གཏིང་ཟབ་གནང་བའི་ཁར། བསྒྱུར་བཅོས་སྒོ་འབྱེད་ཀྱི་བྱེད་ཐབས་གལ་ཆེན་གསར་པ་རབ་དང་རིམ་པ་ཞིག་བཏོན་ནས། འཛམ་གླིང་ལ་དུས་རབས་གསར་པའི་ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱིས་བསྒྱུར་བཅོས་ཟབ་སྤེལ་བྱེད་པ་དང་།ཨེ་ཤ་ཡ་དང་འཛམ་གླིང་ཞི་བདེ་འཕེལ་རྒྱས་ལ་ཕྱོགས་ལ་དྲང་ནུས་ཧ་ཅང་ཆེན་པོ་སྣོན་པར་སྐུལ་འདེད་གཏོང་ངེས་ཡིན་པར་བསྟན།
          ལོ་ངོ་40ཡི་བསྒྱུར་བཅོས་སྒོ་འབྱེད་ཀྱི་བརྒྱུད་རིམ་ལས་བསྡོམས་ཚིག་གསལ་པོ་ཞིག་ཐོབ་པ་ནི།ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་གོའི་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་དཀའ་སྤྱད་འབད་བརྩོན་དང་ཧུར་བསྐྱེད་བརྩོན་ལེན་བྱས་ཤིང་། ཐོག་མཐའ་བར་གསུམ་དུ་གང་ཡོད་འཚོལ་ཞིབ་དང་བློ་བརྟན་ཡར་ཐོན། ཐོག་མཐའ་བར་གསུམ་དུ་དུས་རབས་དང་བསྟུན་ནས་མདུན་སྐྱོད་དང་མདུན་ལམ་དང་ལེན། ཐོག་མཐའ་བར་གསུམ་དུ་བློ་རྒྱ་ཆེར་བསྐྱེད་དང་འཛམ་གླིང་འབྲེལ་འདྲིས་བཅས་བྱས་ཏེ། ཀྲུང་གོའི་མི་དམངས་ཀྱིས་ལག་ཟུང་ལ་བརྟེན་ནས་རྒྱལ་ཁབ་དང་མི་རིགས་འཕེལ་རྒྱས་ཀྱི་བརྗིད་ཉམས་ལྡན་པའི་ལོ་རྒྱུས་སྙན་ངག་བྲིས་ཤིང་། གནའ་དེང་གང་ལའང་གཞན་དྲིང་མི་འཇོག་པའི་མི་ཡུལ་གྱི་ངོ་མཚར་ལྟད་མོ་བསྐྲུན་ཡོད། བསྒྱུར་བཅོས་སྒོ་འབྱེད་ཅེས་པའི་ཀྲུང་གོའི་གསར་བརྗེ་གཉིས་པ་འདིས་ཀྲུང་གོར་འགྱུར་ལྡོག་ཆེན་པོ་བྱུང་དུ་བཅུག་པ་མ་ཟད་འཛམ་གླིང་ལའང་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད། 
          བསྒྱུར་བཅོས་སྒོ་འབྱེད་བྱས་པའི་ལོ་ངོ་40ཡི་རིང་། ཀྲུང་གོ་འདི་ཡར་ལངས་པ་དང་ཕྱུག་པོར་གྱུར་པ་ནས་སྟོབས་ལྡན་ཆགས་པའི་བགྲོད་ལམ་རྒྱ་ཆེན་ཞིག་ལ་ཞུགས་ཤིང་། འཛམ་གླིང་གི་རྒྱལ་ཁབ་ཁག་གིས་ལྟ་སྟངས་གསར་པ་བཟུང་ཡོད། གླེང་རིན་ཡོད་པ་ཞིག་ནི།ལོ་ངོ་40ཡི་རིང་ལ་ང་ཚོས་བསྒྱུར་བཅོས་སྒོ་འབྱེད་གཡོ་བ་མེད་ཅིང་མཐའ་འཁྱོངས་ལྷོད་པ་མེད་པར་མི་འབྲལ་སྙིང་ལ་བཅངས་པས། ཀྲུང་གོ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་བར་སྐུལ་འདེད་བྱས་ཤིང་། ད་ལྟ་ཀྲུང་གོ་འདི་ཉིད་འཛམ་གླིང་གི་དཔལ་འབྱོར་ཕུང་བོ་ཨང་གཉིས་པ་དང་།བཟོ་ལས་རྒྱལ་ཁབ་ཨང་དང་པོ། དངོས་ཟོག་ཚོང་དོན་རྒྱལ་ཁབ་ཨང་དང་པོ། ཕྱི་དངུལ་གསོག་འཇོག་རྒྱལ་ཁབ་ཨང་དང་པོ་བཅས་སུ་གྱུར་ཡོད་ལ། ད་ལྟའི་ཀྲུང་གོ་ནི་སྟོབས་ལྡན་རྒྱལ་ཁབ་ཅིག་གི་ཚུལ་གྱིས་འཛམ་གླིང་གི་ཤར་ཕྱོགས་སུ་ཀེ་རེར་ལངས་ཡོད། 
          ལོ་ངོ་40ཡི་རིང་ལ་མི་སེམས་མཐུན་སྒྲིལ་ཨ་ལོང་གཅིག་ཏུ་སྦྲེལ་ཞིང་། ལོ་ངོ་40ཡི་རིང་ལ་འབད་འབུངས་ཡར་བརྩོན་ལྷོད་པ་མེད་པར་བྱས་ལ། ལོ་ངོ་40ཡི་རིང་ལ་ངལ་བ་འབྲས་བུས་བཀང་ཞིང་། ལོ་ངོ་40ཡི་རིང་ལ་གནམ་འོག་འཕོ་འགྱུར་ཆེན་པོ་བྱུང་བ་རེད། ད་ལྟའི་ཀྲུང་གོ་ནི་འཛམ་གླིང་གི་གནས་ཚུལ་ཁྱད་པར་ཅན་ཞིག་ལ་བརྩིས་ཆོག ལོ་ངོ་བཞི་བཅུའི་རིང་གི་ལོ་ཟླའི་རླུང་འཚུབ་བརྒྱུད་དེ་ཀྲུང་གོའི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་རྒྱ་ཆེན་བྱུང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་གསར་དུ་བཏོད་པ་འདི་དག་གིས་ཀྲུང་གོའི་སྟོབས་ཤུགས་བླ་ལྷག་གིས་མཚོན་པར་ནུས།ལོ་ངོ་མང་པོར་བསྟུད་མར་འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་ཚད་30%ལས་བརྒལ་བས་འཛམ་གླིང་དཔལ་འབྱོར་འཕེལ་བའི་གཏན་འཇགས་ཆས་དང་སྒུལ་ཤུགས་ཀྱི་འབྱུང་རྩ་གཙོ་བོར་གྱུར་ཡོད་པ་མ་ཟད། མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་ན་མེད་པའི་བྱ་གཞག་ལའང་སྐུལ་འདེད་བྱས་ཡོད་པ་རེད།
          ད་ལོ་ནི་བསྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་འཁོར་40ལོན་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གཟིགས་རྒྱང་རིང་པོས་བསྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་འཁོར་40ལོན་པའི་ལོ་རྒྱུས་ཀྱི་འབྲེལ་མཚམས་འདིར་འགྲེང་ནས་པོ་ཨའོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི་2018ལོའི་ལོ་ཚོགས་ཐོག་ནས་ཁ་གསལ་ངང་།“ཀྲུང་གོས་ཕྱི་ཕྱོགས་སུ་ཕྱེ་བའི་སྒོ་མོ་དེ་རྒྱག་མི་སྲིད་པར། ཆེ་ནས་ཆེ་རུ་ཕྱེ་ངེས།”ཞེས་གསུངས་ཤིང་། འདི་ནི་ཀྲུང་གོའི་འགོ་ཁྲིད་པས་འཛམ་གླིང་གི་འཕེལ་ཕྱོགས་ལ་སྣེ་ཁྲིད་པ་དང་།ཀྲུང་གོ་དང་མིའི་རིགས་ཀྱི་འབྱུང་འགྱུར་ལ་གཟིགས་རྒྱང་རིང་ཞིང་དཀྱེལ་ཡངས་པའི་སྐྱ་ཐིག་ཅིག་ཕབ་པ་མ་ཟད། ཀྲུང་གོའི་སྒོ་མོ་སྔར་བས་རྒྱ་ཆེར་ཕྱེས་ནས་མིའི་རིགས་ཀྱི་ལས་དབང་ཐུན་མོང་གཟུགས་འཛུགས་པར་རྒྱལ་ཁབ་ཆེན་མོའི་འོས་འགན་འཁུར་བ་ཞིག་ཀྱང་ཡིན། 
          མིའི་རིགས་ལ་སའི་གོ་ལ་གཅིག་ལས་མེད་ཅིང་རྒྱལ་ཁབ་ཚང་མ་འཛམ་གླིང་གཅིག་ཏུ་འཚོ་བཞིན་ཡོད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ནི་ཉིན་རེ་བཞིན་ཁྱོད་ཀྱི་ཁྲོད་དུ་ང་ཡོད་པ་དང་ངའི་ཁྲོད་དུ་ཁྱེད་ཀྱང་འདུ་བའི་ལས་དབང་ཐུན་མོང་གཟུགས་སུ་འགྱུར་བཞིན་ཡོད། དེ་ཡང་འཛམ་གླིང་གི་དཔལ་འབྱོར་གྱི་གནས་བབ་རྙོག་འཛིང་ཆེ་བ་དང་འཛམ་གླིང་ཧྲིལ་པོའི་རང་བཞིན་ལྡན་པའི་གནད་དོན་ལ་ཁ་གཏད་གཅོག་པར་རྒྱལ་ཁབ་གང་ཡང་ཁེར་རྐྱང་ངང་དུ་སྡོད་ཐབས་བྲལ་བས་ན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་དབང་ཐུན་མོང་གཟུགས་ཡིན་པའི་འདུ་ཤེས་དེས་མིའི་རིགས་ཀྱི་འབྱུང་འགྱུར་འཕེལ་རྒྱས་ལ་གཏད་པའི་མིག་རྒྱང་རིང་པོ་དེ་མཚོན་གྱི་ཡོད་ལ། ང་ཚོས་མིའི་རིགས་ཀྱི་ལས་དབང་ཐུན་མོང་གཟུགས་ཀྱི་ཕྱོགས་སུ་མཉམ་དུ་འབད་བརྩོན་བགྱིས་ནས་གཉིས་ཀར་ཕན་ཞིང་རྒྱལ་ཁ་མང་བའི་རྣམ་པ་ཞིག་གཏོད་དགོས་པ་ཡིན་ནོ། །
          ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ནས་ཀྲུང་གོས་ཕྱི་ཕྱོགས་སུ་སྒོ་འབྱེད་ཇི་ལྟར་ཆེ་རུ་གཏོང་བ་དང་བསྒྱུར་བཅོས་ཟབ་སྤེལ་ཡང་བསྐྱར་ཇི་ལྟར་ལམ་ལ་ཆས་དགོས་སམ་ཞེ་ན། ཀྲུའུ་ཞི་ཞི་ཅིན་ཕིང་གི་བརྗོད་དོན་གཏམ་བཤད་ལས་ལན་གསལ་པོ་བཏབ་ཡོད་དེ། ཁྲོམ་རར་འཛུད་པའི་གཞི་རྒྱ་ཆེ་རུ་གཏོང་བ་དང་། སྔར་བས་ཀྱང་ཡིད་སེམས་འཕྲོག་པའི་མ་འཇོག་ཁོར་ཡུག་བསྐྲུན་པ། ཤེས་བྱའི་ཐོན་དངོས་ཀྱི་བདག་དབང་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ནང་འདྲེན་རང་འགུལ་གྱིས་རྒྱ་བསྐྱེད་པ། བྱེད་ཐབས་ཆེན་པོ་བཞི་ལ་བརྟེན་ནས་ལྷག་པར་མི་འཛིན་དགོས་ཀྱི་ཡོད།བྱེད་ཐབས་གལ་ཆེན་འདི་དག་ཁྲོམ་བསྒྲགས་བྱེད་པ་ནི་སྒོ་འབྱེད་ཀྱི་དགོས་པ་ཡིན་ལ། བྱེད་ཐབས་འདི་དག་དོན་འཁྱོལ་ཏན་ཏིག་དང་རྗེས་མཐུན་རྡོག་པས་མནན་ཏེ་གནད་དུ་འཁེལ་བ་ཞིག་ཡོང་བར་བྱས་ཏེ་དོན་དངོས་ཀྱི་བྱེད་ཐབས་ལ་དོན་དངོས་ཀྱི་ཕན་འབྲས་ཐོན་དགོས་པར་བཤད། 
          བསྒྱུར་བཅོས་རྒྱུན་མཐུད་དགོས་ལ། སྒོ་འབྱེད་ཆེ་རུ་གཏོང་དགོས།ཀྲུང་གོའི་བསྒྱུར་བཅོས་སྒོ་འབྱེད་རི་ཆུ་སྟོང་ཕྲག་བརྒལ་ཟིན་ཡང་མདུན་ཕྱོགས་གྱི་ལམ་བུ་ནི་བདེ་མོ་ཞིག་གཏན་ནས་མིན་པར་དཀའ་ངལ་མང་པོ་སྔར་བཞིན་ཁྱད་གསོད་བྱེད་དགོས་ལ་འགག་འཕྲང་མང་པོ་སྔར་བཞིན་བརྒལ་དགོས་པ་མ་ཟད། སྔར་བཞིན་རི་ཆུ་མང་པོ་བརྒལ་ནས་མདུན་ཕྱོགས་སུ་བསྐྱོད་དགོས། ཀྲུང་གོ་དུས་རབས་གསར་པར་བསྐྱོད་ཡོད་པས་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་དང་སྒོ་འབྱེད་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ཀྲུང་གོའི་མི་དམངས་ཀྱིས་མུ་མཐུད་དུ་འབད་བརྩོན་ལྷོད་མེད་དང་།རང་ཉིད་གསར་བཅོས། རི་གཤགས་ལམ་གཏོད་ཀྱིས་དཀའ་བ་དང་དུ་བླངས་ནས་མཁྲེགས་པོར་གྱུར་པའི་ཁེ་ཕན་ལས་འགོངས་ཏེ་བསྒྱུར་བཅོས་སྒོ་འབྱེད་མཐིལ་ཕྱིན་པར་བྱ་དགོས།
          ལོ་རྒྱུས་ཀྱིས་ང་ཚོར་བསྟན་དོན། རྒྱལ་ཁབ་ཅིག་གམ་མི་རིགས་ཤིག་ལ་དར་རྒྱས་མངོན་འགྱུར་ཡོང་དགོས་ཚེ། ངེས་པར་དུ་ལོ་རྒྱུས་ཀྱི་གཏན་ཚིགས་ཁྲོད་ནས་མདུན་དུ་བསྐྱོད་དགོས་ལ། དུས་རབས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་འཕེལ་རྒྱས་ཡོང་བར་བྱ་དགོས།མིག་སྔར་ཉོ་ཚོང་སྲུང་སྐྱོང་རིང་ལུགས་ཀྱི་མགོ་བོ་འབུར་ཞིང་ཀྲུང་ཨའི་དབར་གྱི་ཉོ་ཚོང་གཙུབ་བརྡར་ལ་ཀུན་གྱིས་དོ་སྣང་བྱེད་བཞིན་ཡོད་པས། པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱང་ད་ལོའི་ཀྲུང་གོའི་ཕྱི་འབྲེལ་གྱི་ཚོགས་ར་གཙོ་བོ་ཐོག་མ་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ལོའི་བརྗོད་དོན་གཏམ་བཤད་དུ་ཀྲུང་གོའི་བསྒྱུར་བཅོས་སྒོ་འབྱེད་ཀྱི་བྱེད་ཐབས་དེ་བས་མང་པོ་བཏོན་ཡོད།ཞི་ཅིན་ཕིང་གི་བརྗོད་དོན་གཏམ་བཤད་ལ་ཚིག་ཤེད་ཆེ་བས་དེ་ནི་འཛམ་གླིང་གི་སྙིང་རླུང་དྭངས་བྱེད་ཀྱི་སྨན་མཆོག་སྤྲད་པ་དང་མཚུངས་སོ། །
          ལོ་རྒྱུས་ཀྱི་ཆོས་ཉིད་སྟངས་འཛིན་ཤེས་ཤིང་འཛམ་གླིང་གི་འཕེལ་ཕྱོགས་ངོས་འཛིན་གསལ་པོ་བྱུང་ནས་བསྒྱུར་བཅོས་སྒོ་འབྱེད་ནམ་ཡང་རྒྱུན་འཁྱོངས་བྱས་ཚེ། ང་ཚོས་མི་དམངས་དུང་ཕྱུར་མང་པོའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཐུབ་ངེས་ཡིན་ལ། མིའི་རིགས་ཀྱི་ལས་དབང་ཐུན་མོང་གཟུགས་ཀྱི་ངོ་མཚར་བའི་ལེའུ་ཞིག་རྩོམ་པར་ཡང་སྐུལ་འདེད་གཏོང་ཐུབ་བོ། །