ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

གཞི་རིམ་ཏང་རྩ་འཛུགས་སྟོབས་ཆེར་གཏོང་བར་སྐུལ་འདེད་ཤུགས་ཆེན་གཏོང་དགོས།

སྤེལ་དུས 2018-04-23 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། ཁྲུའུ་ཝུའུ་ཀན་གྱིས།
          ཏང་གི་གཞི་རིམ་རྩ་འཛུགས་ནི་ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་དེ་བཞིན་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་བྱེད་པའི་རྨང་གཞི་ཡིན་ལ། ཏང་གི་ལས་དོན་ཡོངས་དང་དམག་འཐབ་ནུས་པའི་རྨང་གཞི་ཡང་ཡིན།
          ང་ཚོས་རྒྱུན་དུ“རྨང་གཞི་བརྟན་པོ་མེད་ན། རི་འཁྱོམ་ས་འགུལ་བྱེད”ཅེས་ཤོད་ཀྱི་ཡོད། ཏང་ལ་དོ་དམ་དང་ཏང་དར་རྒྱས་གཏོང་བར་རྨང་གཞི་ནི་ཧ་ཅང་གལ་འགངས་ཆེན་པོ་ཡིན། ལས་དོན་མང་པོ་གཞི་རིམ་དུ་བསྐྱོད་ནས་དོན་འཁྱོལ་བྱེད་དགོས་ཤིང་། གཞི་རིམ་ཏང་རྩ་འཛུགས་སྤྱི་ཚོགས་ཀྱི་ཁྱབ་ཁོངས་གང་སར་ཁྱབ་པ་དང་། འཚོ་བའི་ཕྱོགས་གང་ས་དང་འབྲེལ་བ་ཡོད་པ། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་དང་ཁྱབ་རྒྱ་ཆེ་ཤོས་ཡིན་པས་ཏང་གི་འདོད་ཚུལ་དྲིལ་བསྒྲགས་བྱེད་པ་དང་། ཏང་གི་གཏན་འབེབས་ལག་བསྟར་བྱེད་པ། གཞི་རིམ་བཅོས་སྐྱོང་ལ་འགོ་ཁྲིད་བྱེད་པ། མང་ཚོགས་ལ་མཐུན་སྒྲིལ་དང་སྐུལ་སློང་བྱེད་པ། སྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཐད་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་གལ་ཆེན་ལྡན་ཡོད་པས། རང་རེའི་ཏང་གི་ལས་ཀའི་སྟོབས་ཤུགས་དང་འདེགས་སྐྱོར་ཆེ་ཤོས་དེ་ཡིན། དེས་ན་གཞི་རིམ་ཏང་རྩ་འཛུགས་དང་གུང་ཁྲན་ཏང་ཡོན་མི་རེ་ངོ་རེར་དམིགས་ཡུལ་གྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་ཟབ་མོ་ལྡན་ཚེ། དམག་འཐབ་མཁར་རྫོང་གི་ནུས་པ་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་ཐུབ་ནས་རང་རེའི་ཏང་གི་སྲིད་སྐྱོང་རྨང་གཞི་མི་འགྱུར་རྡོ་རྗེ་བྲག་ལྟར་བརྟན་པོ་ཡོང་ཐུབ།
          ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་སྐབས་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་འཛིན་དགོས་ཞེས་བཏོན་ཡོད། རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་བའི་གཙོ་གནད་ལ་དམིགས་ཏེ། སྨྱུག་འཛིན་པས“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”གི་ལམ་ལུགས་མཐའ་འཁྱོངས་བྱེད་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། གཞི་རིམ་ཏང་རྩ་འཛུགས་ཀྱི་ཁྱབ་ཁྱོན་ཆེ་རུ་གཏོང་བ། ཏང་ཡོན་ལ་སློབ་གསོ་དོ་དམ་དང་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་སོགས་ཐད་དམ་འཛིན་ལྷོད་མེད་དང་བྱ་ཐབས་དངོས་འདོན་དགོས་པ་ལས་གཞན། མིག་སྔར་ཏང་གི་ཆབ་སྲིད་འཛུགས་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཏང་ཡོན་ལ་དྲག་ཆས་སྤྲོས་རྒྱུ་མཐའ་འཁྱོངས། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་ཁག་འབོར་ཆེན་ཞིག་འཛུགས་སྐྱོང་བྱ་རྒྱུ་མཐའ་འཁྱོངས། རྒྱུན་སྲིང་ལྷོད་མེད་ངང་སྤྱོད་བཟང་སྒྲིག་ནན་དང་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་བཅས་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།