ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

སྤྱི་ཚོགས་ཀྱི་ལག་ལེན་ལ་བརྟེན་ནས་འཇོན་ཐང་འཕེལ་བར་བྱེད་དགོས།

སྤེལ་དུས 2018-04-23 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། དབྱང་ཞའོ་ཅོན།
           སྤྱི་ཚོགས་ཀྱི་ལག་ལེན་བྱེད་སྒོ་སྤེལ་བ་ནི་སློབ་གྲྭ་ཆེ་མོ་བའི་ཕྱོགས་བསྡུས་ལག་ལེན་འཇོན་ཐང་ཆེ་རུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན་ལ་སློབ་གྲྭ་ཆེ་མོ་བའི་བསམ་བློའི་སློབ་གསོའི་ལས་དོན་སྤེལ་བའི་ཐབས་ལམ་གལ་ཆེན་ཞིག་ཀྱང་རེད།
           དུས་སྐབས་གསར་པར་མཐོ་སློབ་ཀྱིས་སྤྱི་ཚོགས་ཀྱི་ལག་ལེན་བྱེད་སྒོ་སྤེལ་སྐབས། ཆེད་ལས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་དམ་ཟབ་ཀྱིས་སློབ་གྲྭ་ཆེ་མོ་བར་དོ་དམ་བྱ་ཤུགས་ཆེ་རུ་གཏོང་བ་དང་། སློབ་གྲྭ་ཆེ་མོ་བས་སྤྱི་ཚོགས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་བ། སྤྱི་ཚོགས་ལག་ལེན་ཆེད་ལས་ཅན་དང་སློབ་མའི་ལག་ལེན་གྱི་འཇོན་ཐང་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་སོགས་སྤྱི་ཚོགས་ཀྱི་ལག་ལེན་ཉིད་མཐོ་སློབ་ཀྱིས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་གྲུབ་ཆ་གལ་ཆེན་ཞིག་ཏུ་འགྱུར་བ་བྱེད་དགོས།
           སྤྱི་ཚོགས་ཀྱི་ལག་ལེན་བྱེད་སྒོ་སྤེལ་བའི་ཁྲོད་སློབ་གྲྭ་ཆེ་མོ་བས་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་ཁོང་དུ་ཆུད་ཚད་ལ་ཞིབ་དཔྱད་བྱེད་ཐུབ། སློབ་གྲྭའི་ནང་སྦྱང་པའི་ཤེས་བྱ་ལག་ལེན་དངོས་ནང་སྤྱད་ན་གཞི་ནས་དེའི་རིན་ཐང་འདོན་སྤེལ་ཐུབ་ནས་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་གསར་གཏོད་དང་འཕེལ་རྒྱས་གཏོང་ཐུབ།
           སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་མི་རྣམས་ཀྱི་རིན་ཐང་ལྟ་བ་དང་འཚོ་བ་སྐྱེལ་སྟངས་ཀྱང་སྣ་མང་ཅན་དུ་འགྲོ་བཞིན་ཡོད། སློབ་གྲྭ་ཆེ་མོ་བའི་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་བཅས་ད་དུང་དེ་ཙམ་ཟབ་མོ་མེད་པ་དང་ཉམས་མྱོང་དངོས་མི་འདང་བའི་དབང་གིས་ཁོང་ཚོར་རྙོག་འཛིང་ཆེ་བའི་གནས་ཚུལ་འཕྲད་སྐབས་ག་བྱེད་འདི་བྱེད་མེད་པར་གྱུར་ནས་སྤྱི་ཚོགས་ཐོག་གི་སྣང་ཚུལ་ངན་པར་དབྱེ་ཞིབ་ཡང་དག་བྱེད་ཁག་པོ་ཡོད་ལ་འཚོ་བའི་ཐད་ཀྱི་འགལ་རྐྱེན་ལ་ཡང་ཁ་གཏད་གཅོག་དཀའ། དེར་བརྟེན་མཐོ་སློབ་ཀྱིས་སྤྱི་ཚོགས་ཀྱི་ལག་ལེན་བྱེད་སྒོ་སྤེལ་ནས་སློབ་གྲྭ་ཆེ་མོ་བ་སྤྱི་ཚོགས་ནང་ཞུགས་པའི་གོ་སྐབས་བསྐྲུན་པ་དེས་སློབ་གྲྭ་ཆེ་མོ་བས་སྤྱི་ཚོགས་ལ་ངོས་འཛིན་དང་ཤེས་རྟོགས་ཐུབ་པ་དང་། བསམ་བློའི་གོ་རྟོགས་མཐོ་རུ་གཏོང་བ། བློ་སྟོབས་ལ་ཞུན་བརྡར་བཅས་ཐུབ་ནས་ཡང་དག་པའི་འཇིག་རྟེན་གྱི་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་བཅས་གཏོད་རྒྱུར་ཕན་པ་ཤིན་ཏུ་ཆེ།