ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་དྲ་འཕྲིན་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།

སྤེལ་དུས 2018-04-24 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ། མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།
 དྲ་ཐོག་དྲ་ཕྱིའི་ཀུན་སེམས་གཅིག་ཏུ་སྒྲིལ་དགོས།
               ཐུན་མོང་གི་ངོས་འཛིན་ཟབ་ཏུ་གཏོང་བ་དང་། ཀུན་སེམས་གཅིག་ཏུ་སྒྲིལ་བ། སྟོབས་ཤུགས་གཅིག་ཏུ་བསྡུས་པ་བཅས་རྒྱ་ཁྱབ་ངང་ཡོང་བ་བྱས་ཚེ། ང་ཚོའི་བྱ་གཞག་འདི་ཕྱོགས་གང་དུ་བསྐྱོད་ཀྱང་མི་རྒྱལ་བ་མེད།
               “དྲ་ཐོག་དྲ་ཕྱིའི་ཀུན་སེམས་གཅིག་ཏུ་བསྒྲིལ་ནས་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་སྔར་བས་ཟབ་ཏུ་བཏང་སྟེ་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས”ཞེས་རྒྱལ་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་དོན་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དྲ་རྒྱའི་ཐོག་དྲང་ཕྱོགས་ཀྱི་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་གནད་དོན་གལ་ཆེན་སྐོར་རྒྱས་པར་གླེང་བ་དང་ཆབས་ཅིག་བླང་བྱ་ཁ་གསལ་ཡང་བཏོན་གནང་བ་དེས། སྤྱོད་བཟང་གཞུང་དྲང་གི་དྲ་རྒྱའི་བར་མཐོངས་ཤིག་བཏོད་དེ་ཕྱོགས་ཁག་གི་སྟོབས་ཤུགས་གོང་བུ་གཅིག་ཏུ་བསྒྲིལ་ནས་སེམས་པ་གཅིག་ཏུ་མཐུན་ནས་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་རྒྱུར་དགོངས་པའི་སྣེ་ཁྲིད་ཀྱི་རིན་ཐང་དང་ལག་ལེན་གྱི་མཛུབ་ཁྲིད་ནུས་པ་གལ་ཆེན་ལྡན་ཡོད།
               དྲ་རྒྱ་དེ་ཉིད་མི་དམངས་ཀྱི་འཚོ་བའི་ཁྲོད་མཉམ་འདྲེས་ཟབ་མོ་བྱུང་ནས་དྲ་དམངས་ཀྱི་གྲངས་འབོར་འཛམ་གླིང་གི་ཨང་དང་པོར་སླེབས་པ་དང་། ཆ་འཕྲིན་ཅན་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་ཀྲུང་གོ་ཉིད་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་དྲ་རྒྱའི་རྒྱལ་ཁབ་ཆེན་པོ་ཞིག་ཏུ་གྱུར་ཞིང་། དྲ་སྦྲེལ་ནི་ང་ཚོའི་དུས་རབས་འདིའི་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེ་ཤོས་ལྡན་པའི་ཁྱབ་ཁོངས་ཤིག་ཡིན་ལ། ང་ཚོར་འཕྲད་པའི་འགྱུར་ལྡོག་འགྲོ་ཆེ་ཤོས་ཤིག་ཀྱང་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དྲ་རྒྱའི་འགག་སྒོ་འདི་ལས་སྒྲོལ་མ་ཐུབ་ཚེ། དུས་ཡུན་རིང་པོར་སྲིད་སྐྱོང་བའི་འགག་སྒོ་དེ་ལས་འགྲོལ་མི་ཐུབ་པའི་ནན་གསུངས་ཐེངས་མང་གནང་ཡོད། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་པར་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་བློ་ཁ་གཅིག་ལ་ཕྱོགས་པ་དང་ངར་ཤུགས་གཅིག་ཏུ་སྒྲིལ་དགོས། དྲ་ཐོག་དྲ་ཕྱིའི་ཀུན་སེམས་གཅིག་ཏུ་བསྒྲིལ་རྒྱུ་ནི་ཏང་གིས་འགོ་འཁྲིད་པའི་འོག་རྒྱལ་ཡོངས་མི་རིགས་ཁག་སྐུལ་སློང་དང་ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་སྐོང་འཐེན་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཆེད་ཐུན་མོང་ཐོག་འབད་འཐབ་བྱེད་དགོས།
               དྲ་ཐོག་དྲ་ཕྱིའི་ཀུན་སེམས་གཅིག་ཏུ་སྒྲིལ་བར་ང་ཚོས་དྲ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་གི་ནུས་པ་ཆེ་རུ་བཏང་ནས་ཏང་ཨུད་ཀྱིས་འགོ་འཁྲིད་པ་དང་། སྲིད་གཞུང་གིས་དོ་དམ་བྱེད་པ། ཁེ་ལས་ཀྱིས་འགན་འཁྲི་སྒྲུབ་པ། སྤྱི་ཚོགས་ཀྱིས་ལྟ་སྐུལ་བྱེད་པ། དམངས་ཀྱིས་རང་གཅུན་རང་འདོམས་བྱེད་པ་སོགས་བྱེད་པོ་སྣ་ཚོགས་ཞུགས་ཤིང་། དཔལ་འབྱོར་དང་། ཁྲིམས་ལུགས། ལག་རྩལ་སོགས་ཐབས་ལམ་སྣ་ཚོགས་དང་ཟུང་དུ་སྦྲེལ་བའི་ཕྱོགས་བསྡུས་ངང་དྲ་རྒྱ་བཅོས་སྐྱོང་གི་རྣམ་པ་ཞིག་ཆགས་པ་བྱེད་དགོས་པ་དང་། ལག་རྩལ་ཡར་རྒྱས་ཇི་ཙམ་སོང་ན་དོ་དམ་དེ་བས་བྱེད་དཀའ། རིམ་ཁག་ཏང་ཨུད་དང་འགོ་ཁྲིད་ལས་བྱེད་པ་དང་ཡང་སྒོས་སུ་འགོ་ཁྲིད་ཨང་དང་པོས་འགན་འཁྲི་འཁུར་ནས་མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་ཀྱིས་ལག་རྩལ་ལ་བརྟེན་ནས་དྲ་རྒྱ་བཅོས་སྐྱོང་གི་ནུས་པ་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས།
               དྲ་སྦྲེལ་ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་ནན་དུ་བཏང་ནས་དྲ་རྒྱ་དེ་ཉིད་ནང་དོན་ལོག་པའི་ཆ་འཕྲིན་བརྒྱུད་སྤེལ་དང་དཀྲོག་གཏམ་བཟོ་སའི་ལས་སྟེགས་ཤིག་ཏུ་གཏན་ནས་མ་འགྱུར་བ་བྱེད་དགོས། དྲ་རྒྱའི་ལས་རིགས་ཀྱི་རང་འདོམས་ལ་ཤུགས་སྣོན་བརྒྱབ་ནས་དྲ་དམངས་ཀྱི་ཧུར་སེམས་སྐོང་འཐེན་གྱིས་ཕྱོགས་ཁག་གི་སྟོབས་ཤུགས་བཅོས་སྐྱོང་ནང་ཞུགས་རྒྱུར་སྐུལ་སློང་བྱེད་དགོས། དྲ་ཞུགས་དང་དྲ་ཞུགས་མིན་པའི་དབར་མཉམ་འགུལ་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱས་ཚེ། ང་ཚོས་གཞི་ནས་དྲ་རྒྱའི་གཡུལ་ས་བཙན་པོ་བཟུང་ཐུབ་ལ་དྲ་རྒྱའི་གཙོ་ཁྲིད་ཀྱི་དབང་ཆའང་བཟུང་ཐུབ།
               དྲ་ཐོག་དྲ་ཕྱིའི་ཀུན་སེམས་གཅིག་ཏུ་སྒྲིལ་བར། ངེས་པར་དུ་དྲ་རྒྱའི་ཐོག་གི་དྲང་ཕྱོགས་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་ནས་ནུས་ཤུགས་ཡོད་རྒུས་མི་སྣའི་ལས་དོན་ཡག་པོ་བསྒྲུབས་ཏེ་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ཏུ་ཆགས་པར་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་གང་དུ་ཡོད་པ་དེ་གར་དྲིལ་བསྒྲགས་བསམ་བློའི་ལས་ཀའི་གཙོ་གནད་ཡོད་ཅེས་བཀའ་སློབ་ཐེངས་མང་གནང་ཡོད། དྲ་རྒྱའི་ཐོག་གི་དྲང་ཕྱོགས་ཀྱི་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བར་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་། གླེང་ཕྱོགས་ཀྱི་སྟོན་ཕྱོགས། རིན་ཐང་གི་འཕེལ་ཕྱོགས་བཅས་དར་ཆ་གསལ་སྟོན་ངང་མཐའ་འཁྱོངས་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་བརྟེན་ནས་དྲ་དམངས་དུང་ཕྱུར་དུ་མ་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་གོང་བུ་གཅིག་ཏུ་འགྲིལ་ནས། ཕུགས་བསམ་གྱི་དད་སེམས་སློབ་གསོ་གཏིང་ཟབ་གཏོང་བ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དང་ཀྲུང་གོའི་ཕུགས་འདུན་གྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་ཧུར་ཐག་བསྟར་བ་བཅས་བྱེད་དགོས། དྲང་ཕྱོགས་ཀྱི་དྲིལ་བསྒྲགས་སློབ་གསོ་ཡག་པོ་གཏོང་བར་གདངས་གཅིག་དང་རྣམ་པ་གཅིག་གིས་གནམ་འོག་ཀུན་ལ་ཁྱབ་པ་བྱ་རྒྱུ་མེད་པར་ངེས་པར་དུ་དྲ་རྒྱའི་ཐོག་ནས་དྲིལ་བསྒྲགས་ཀྱི་འདུ་ཤེས་དང་། ནང་དོན། རྣམ་པ། བྱ་ཐབས། བྱེད་ཐབས་སོགས་གསར་གཏོད་ལ་སྐུལ་མ་བཏང་སྟེ་བློ་འགུགས་ཤུགས་དང་། ཡིད་དབང་འཕྲོག་ཤུགས། ཤུགས་རྐྱེན་ཐེབས་ནུས། ཕན་འབྲས་ཐོན་ནུས་བཅས་སྔར་བས་ཆེ་རུ་གཏོང་དགོས། དྲ་རྒྱའི་ཐོག་གི་གླེང་མང་བའི་གནད་དོན་ཐད་དྲ་ཞུགས་དང་དྲ་ཞུགས་མིན་པས་མཉམ་དུ་ཤུགས་སྣོན་བརྒྱབ་སྟེ་དོགས་གནད་སེལ་བའི་ལས་དོན་མང་ཙམ་བསྒྲུབས་ནས་ཁ་རོག་ཏུ་གཏན་ནས་སྡོད་མི་རུང་། དྲ་ཞུགས་མཉམ་འགུལ་དང་དྲ་ཞུགས་མིན་པར་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་དྲ་ཐོག་གླེང་ཕྱོགས་ཀྱི་ཁྲིད་སྟོན་དང་དྲ་ཕྱིའི་བསམ་བློའི་ལས་དོན་ཕན་ཚུན་ཟུང་འབྲེལ་བྱས་ཚེ། གཅིག་ནས“མཐེབ་དང་མཐེབ་སྦྲེལ”དང་གཉིས་ནས“གདོང་དང་གདོང་འཕྲད”ཐུབ་ནས་ང་ཚོར་གཞི་ནས་མཉམ་ཤུགས་ཤིག་ཆགས་ཏེ་རྒྱ་ཆེའི་དྲ་དམངས་ཏང་གི་མཐའ་འཁོར་དུ་གོང་བུ་འགྲིལ་ནས་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་ཐུབ།