ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

ཐོག་མའི་བསམ་འདུན་མ་བརྗེད་པར་འབད་པ་ཆེན་པོས་ལས་དོན་སྒྲུབ།

སྤེལ་དུས 2018-04-24 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ། བདེ་དབང་གིས་བསྒྱུར།
—— རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་བྱ་དགའ་ཐོབ་མཁན་སྐར་མའི་སྐོར་བཀོད་པ།
          1989ལོ་ནས་2018ལོའི་བར་གྱི་ལོ་29རིང་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་བྱ་དགའ་ཐོབ་མཁན་སྐར་མའི་མི་ཚེར་འགྱུར་ལྡོག་སྣ་ཚོགས་བྱུང་ཞིང་། 1989ལོར་ཆུ་གློག་བཟོ་པ་དཀྱུས་མ་ཞིག་ནས་ད་ཆའི་ལྷོ་ཁ་གྲོང་ཁྱེར་ཨར་སྐྲུན་ཚོགས་པ་ཚད་ཡོད་ཁུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པར་གྱུར་བ་དང་། ཁོང་གི་མི་ཚེའི་གཏམ་རྒྱུད་ལས་མི་ཚོར་སེམས་འགུལ་ཐེབས་ལ། ཁོང་གི་གྲུབ་འབྲས་ལའང་མི་ཚོས་བསྟོད་པའི་མཐེ་བོང་ཡང་ཡང་བསྒྲེངས།
ཡུལ་སྨད་གཞུང་ལམ་གྱི་འཛུགས་སྐྲུན་པ།
          1989ལོར་མཐོ་རིམ་སློབ་འབྲིང་ནས་ཐོན་རྗེས་སྐར་མས་ལྷོ་ཁ་གྲོང་ཁྱེར་ཆུ་ཀ་ལ་བཟོ་གྲྭར་ཡོང་སྟེ་གློག་བཟོ་པ་དཀྱུས་མ་ཞིག་བྱས།
          1999ལོར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་འདི་ཉིད་ལྷོ་ཁ་གྲོང་ཁྱེར་གྱི་གཞུང་ལམ་མེད་པའི་ཤང་གཅིག་པུ་དེ་ཡིན་པས་དེར་གཞུང་ལམ་སྐྲུན་འགོ་ཚུགས། སྐབས་དེ་དུས་སྐར་མ་ལྷོ་ཁ་གྲོང་ཁྱེར་ཨར་སྐྲུན་ལམ་ཟམ་ཀུང་སིར་དངོས་ཟོག་དབོར་འདྲེན་བྱེད་པར་བཏང་། ལམ་ཐག་སྤྱི་ལེ་12ཡོད་པའི་རྣམ་གྲངས་དེ་སྐར་མ་དང་ལས་རོགས་ཚོས་ལོ་གཉིས་ཀྱི་དུས་ཚོད་སྤྱད་དེ་གཞི་ནས་བསྐྲུན་ཐུབ་པ་རེད།
          སྐར་མས་བརྗེད་དཀའ་བའི་བྱ་བ་ནི་1999ལོའི་ཟླ་8པར་འབར་རྫས་དབོར་འདྲེན་བྱས་ནས་ཞོལ་གསར་ཤང་བརྒྱུད་སྐབས། ལམ་དུམ་ཞིག་ཏུ་རི་ཉིལ་བས་རླངས་འཁོར་སྐྱོད་ཐབས་མེད་པར་བརྟེན་ཁོང་གིས་ཁ་ལོ་བ་ཚོ་ལོག་བཏང་ནས་རང་ཉིད་གཅིག་པུས་འབར་རྫས་རླངས་འཁོར་4བསྲུངས་ནས་ཉིན་མཚན་7ཏག་ཏག་བསྡད།
སྡོད་ཁོམ་མེད་པའི་ཕྱིར་འཚོང་པ།
          2003ལོར་སྐར་མ་ལས་ཀའི་དགོས་མཁོའི་རྐྱེན་པས་བཙུགས་མ་ཐག་པའི་ཤའོ་ཤང་ཨར་སྐྲུན་རྒྱུ་ཆ་ཀུང་སིར་བཏང་སྟེ་རྒྱལ་ཁབ་ཀྱིས་འོས་སྦྱོར་བྱས་པའི་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་རྒྱུ་ཆ་སོ་ཕག་ཡང་པོའི་བོད་ཀྱི་ཕྱིར་འཚོང་ལས་འགན་འཁུར་དུ་བཅུག སྐབས་དེ་དུས་ཀུང་སིས་ཁོང་ལྷ་སའི་ཁྲོམ་ར་རྒྱ་སྐྱེད་བྱེད་པར་བཏང།
          དང་ཐོག་ལས་ཀ་དེ་བྱེད་སྐབས། སྐར་མའི་སེམས་སུ་ནང་གདེང་ཚོད་གང་ཡང་མེད། ཁོང་གིས་རླངས་འཁོར་ཐོག་སོ་ཕག་གི་མ་དཔེ་བླུགས་ནས་ལས་ཡུལ་ཁག་ཏུ་ཕྱིར་འཚོང་བྱེད་པར་བསྐྱོད་དེ་ཨར་རྒྱག་ཚན་པར་སོ་ཕག་དེ་རིགས་ཀྱི་ལེགས་ཆ་དང་ནུས་པ་སོགས་འགྲེལ་བཤད་མང་པོ་བརྒྱབ་ཀྱང་གྲུབ་འབྲས་དེ་ཙམ་ཡག་པོ་ཐོབ་མེད།
          དེ་རྗེས་སྐར་མས་ལས་ཀའི་བསམ་ཕྱོགས་ལ་འགྱུར་ལྡོག་བཏང་སྟེ་འགག་སྒྲོལ་གནས་དེ་སྲིད་གཞུང་སྡེ་ཚན་དང་དེ་བཞིན་སྡོད་ཁང་འཛུགས་སྐྲུན་དང་འཆར་འགོད་སོགས་ཚན་པར་ཁ་ཕྱོགས། རྗེས་སུ་འཆར་འགོད་ཚན་པ་དང་མཐུན་སྦྱོར་བྱས་རྗེས་སོ་ཕག་དེ་རིགས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་ནད་སྡོད་ཁང་ཁག་གཉིས་པའི་འཛུགས་སྐྲུན་ཐད་ཐེངས་དང་པོར་སྤྱད་པ་དང་། སྒོར་ཁྲི་170ལྷག་ཙམ་རི་བའི་སོ་ཕག་ཡང་པོ་བདེ་བླག་ངང་ཁྲོམ་རར་བཙོངས་ནས་སྐར་མའི་རེ་བའི་མེ་ལྕེ་ཡོངས་སུ་བསླངས། ལོ་གཉིས་པར་སོ་ཕག་ཡང་པོ་དེ་རིགས་ལྷ་ས་གྲོང་ཁྱེར་ཉི་མའི་གླིང་ཕྲན་ཨར་ཁང་ཆེ་མོའི་འཛུགས་སྐྲུན་ཐད་སྤྱད་པ་དང་། 2003ལོར་སྐར་མས་ཕྱིར་འཚོང་ཡོང་འབབ་སྒོར་ཁྲི་300ལྷག་ཙམ་གྱི་ཟིན་ཐོ་བཏོད་པ་རེད།
ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་མཛུབ་ཁྲིད་མཁན།
          2016ལོ་དང་2017ལོར། ལྷོ་ཁ་ཨར་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིས་སྲིད་གཞུང་གི་འབོད་སྐུལ་དང་ལེན་ཞུས་ནས་རྒྱ་ཚ་རྫོང་གི་དུད་ཚང་དབུལ་པོ་228དང་ཟངས་རི་རྫོང་གི་དུད་ཚང་དབུལ་པོ་101གི་དབུལ་སྐྱོར་གནས་སྤོས་ལས་གྲྭ་ཁུར་ལེན་བྱས། ཀུང་སིའི་འགན་འཁུར་བ་ཡིན་པའི་སྐར་མས་ཟངས་རི་རྫོང་གི་རྣམ་གྲངས་ཀྱི་ལས་ཡུལ་དང་པོར་བསྐྱོད་དེ་རྣམ་གྲངས་འཛུགས་སྐྲུན་ལ་མཛུབ་ཁྲིད་བྱས།
          ལོ་གཅིག་གི་དུས་ཚོད་ནང་སྐར་མས་ལས་གྲྭའི་འཛུགས་སྐྲུན་ལ་མཛུབ་ཁྲིད་བྱས་པ་དང་ཆབས་ཅིག་ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མར་འགྲོ་ཁུངས་བཙལ་ཞིང་། དུད་ཚང་དབུལ་པོའི་བུ་ཕྲུག་50ལ་ཨར་སྐྲུན་རྩལ་ནུས་གསོ་སྦྱོང་སྒྲིག་འཛུགས་བྱས་པ་དང་འབྲེལ། དེ་དག་ཀུང་སིའི་ནང་བསྡུས་ནས་ཁོང་ཚོའི་ཉིན་གཅིག་གི་ཡོང་འབབ་སྒོར་150ནས་སྒོར་300བར་འཕར་བ་བྱས་ཡོད།