ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

འགོ་ཡག་པོ་ཞིག་བཙུགས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་གདེང་ཚོད་ཆེ་རུ་སོང་བ།

སྤེལ་དུས 2018-04-25 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ། ཡུས་ཅ་ཤིན།
           ཉེ་ཆར། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་གྲངས་གཞི་ཁྱབ་བསྒྲགས་བྱས་ཤིང་། ཞིབ་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། དུས་ཚིགས་དང་པོར་རྒྱལ་ནང་ཐོན་སྐྱེད་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་ལོ་གོང་མའི་དུས་མཚུངས་ལས་6.8%འཕར་ཡོད། དཔལ་འབྱོར་འཁོར་རྒྱུག་གི་འགོ་ཡག་པོ་འཛུགས་ཐུབ་པ་དང་། བརྟན་པོའི་ཁྲོད་དུ་འཕེལ་རྒྱས་བྱུང་ལ་འཕེལ་རྒྱས་ཁྲོད་དུ་གསར་འགྱུར་ཡང་བྱུང་ཡོད། གྲུབ་འབྲས་ཡག་པོ་དེ་དག་ནི་རྒྱུན་མི་ཆད་པར་སྒྱུར་བཅོས་སྒོ་དབྱེ་བྱས་པ་ལས་བྱུང་བ་ཞིག་ཡིན་པ་དང་དེ་ལས་ད་དུང་སྔར་ལས་ལྷག་པའི་སྒོ་ནས་སྒྱུར་བཅོས་གཏིང་ཟབ་ཏུ་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་གདེང་ཚོད་ཀྱང་ཆེ་རུ་སོང་ཡོད།
          སྒྱུར་བཅོས་སྒོ་དབྱེ་ནི་ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་འདེགས་སྐྱོར་གལ་ཆེན་བྱས་པ་ཞིག་ཡིན། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་དང་། རྩ་ལག་མཉམ་བཅོས་ཀྱིས་དངུལ་རྩའི་ཉམས་ཉེན་ལ་འགོག་ཟོན་བྱ་རྒྱུ། གློད་སྡོམ་ཞབས་གསུམ་གྱི་སྒྱུར་བཅོས་ལ་སྐུལ་འདེད་མགྱོགས་པོ་གཏོང་རྒྱུ། ཕྱི་རྒྱལ་གྱི་མ་འཇོག་ཚོང་གཉེར་ཁོར་ཡུག་རྒྱུན་མི་ཆད་པར་ལེགས་སུ་གཏོང་རྒྱུ་ལ་སོགས་པའི་སྒྱུར་བཅོས་སྒོ་དབྱེའི་བྱེད་ཐབས་རབ་དང་རིམ་པ་ལག་ལེན་བསྟར་བ་ལས་ཀྲུང་གོའི་དཔལ་འབྱོར་གྱི་ནང་གནས་གསོན་ཤུགས་དང་སྒུལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་སོང་བ་དང་དཔལ་འབྱོར་གྱི་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཡོད། མིག་སྔར་འཛམ་གླིང་གི་དཔལ་འབྱོར་འཕར་བའི་ནང་ཀྲུང་གོས་ལེགས་སྐྱེས་འབུལ་ཚད་30%ཟིན་ནས་འཛམ་གླིང་གི་དཔལ་འབྱོར་འཕར་བའི་ཁྲོད་ཀྱི་བརྟན་ལྷིང་ཡོང་ས་དང་སྒུལ་ཤུགས་ཀྱི་འབྱུང་ཁུངས་གཙོ་བོར་གྱུར་ཡོད།
          སྒྱུར་བཅོས་སྒོ་དབྱེས་ལོ་40ཡི་རིང་ཀྲུང་གོའི་དཔལ་འབྱོར་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་གསར་བརྗེ་རང་བཞིན་གྱི་འཕོ་འགྱུར་བྱུང་བ་ར་སྤྲོད་བྱས་ཡོད། སྒྱུར་བཅོས་སྒོ་དབྱེ་མེད་ན་ཀྲུང་གོའི་ད་ཆ་མེད་ལ་ཀྲུང་གོའི་འབྱུང་འགྱུར་ཡང་མེད། རྒྱང་ལྟ་བྱེད་སྐབས་མདུན་དུ་སྐྱོད་པའི་ལམ་བུ་སྙོམས་པོ་མེད་ཅིང་། ང་ཚོར་དཀའ་གནད་མང་པོ་སྔར་བཞིན་ཐག་གཅོད་བྱ་རྒྱུ་ཡོད་ལ་འགག་སྒོ་མང་པོའང་འགྲིམ་རྒྱུ་ཡོད། རྒྱལ་ནང་དུ་འཕེལ་རྒྱས་འགྲོ་ཚུལ་སྙོམས་པོ་མེད་པ་དང་འཐུས་སྒོ་ཚང་པོ་མེད་པའི་གནད་དོན་མངོན་གསལ་དོད་པ་དང་། དཔལ་འབྱོར་འཕར་བའི་སྒུལ་ཤུགས་བརྗེ་སྒྱུར་བྱེད་དགོས་པ། རྒྱལ་སྤྱིའི་ཚོང་དོན་སྲུང་སྐྱོང་རིང་ལུགས་བསྐྱར་དུ་ཐོན་པ། དངུལ་རྩའི་ཁྲོམ་ར་ཡོ་ལང་ཆེ་བ་ལ་སོགས་པའི་གནས་ཚུལ་གྱི་མདུན་དུ་ཀྲུང་གོའི་དཔལ་འབྱོར་གྱི་གྲུ་ཆེན་དེ་མུ་མཐུད་བརྟན་པོའི་སྒོ་ནས་ཐག་རིང་དུ་སྐྱོད་ཐུབ་པ་བྱེད་དགོས་ན་སྔར་བཞིན་སྒྱུར་བཅོས་གཏིང་ཟབ་ཏུ་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ནས་འཕེལ་རྒྱས་གཏོང་རྒྱུར་སྒུལ་ཤུགས་སྦྱིན་དགོས་ལ་འགན་ལེན་ཡང་བྱེད་དགོས་ཀྱི་ཡོད།
          ཀྲུང་གོའི་དཔལ་འབྱོར་མགྱོགས་མྱུར་འཕར་བ་ནས་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བའི་དུས་མཚམས་ཀྱི་འགོ་འཛུགས་ས་གསར་པ་ཞིག་ཏུ་སླེབས་པ་དང་། སྒྱུར་བཅོས་སྒོ་དབྱེ་ཡང་ལོ་རྒྱུས་ཀྱི་འགག་རྩའི་དུས་ཤིག་ཏུ་སླེབས་པ། འཕྲད་པའི་དུས་བབ་དེ་བས་ཀྱང་རྙོག་འཛིང་ཆེ་ལ་དཀའ་ཚེགས་ཆེན་པོ་ཡོད་མོད། འོན་ཏེ་རྒྱལ་ཁབ་སྟོབས་ལྡན་དང་མི་དམངས་ཕྱུག་འགྱུར་གྱི་ལམ་བུར་མུ་མཐུད་མདུན་དུ་སྐྱོད་པའི་ཀྲུང་གོའི་ཆོད་སེམས་ལ་འགྱུར་བ་བྱུང་མེད། མིག་སྔར་ཀྲུང་གོའི་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་ཡོང་བ་དང་། བརྟན་ལྷིང་རང་བཞིན་དང་། མཐུན་སྦྱོར་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་ཆེ་རུ་འགྲོ་བ། དཔལ་འབྱོར་གྱི་མཉེན་ཤུགས་ཆེ་བ་དང་། མི་མངོན་པའི་ནུས་པ་ཆེ་བ། འཁྲོལ་འཁྱིལ་ཆེ་བ་བཅས་ཡོད་པ་དེས་ང་ཚོས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བར་ཆ་རྐྱེན་ཡག་པོ་ཞིག་མཁོ་འདོན་བྱས་ཡོད།
          མཇུག་འགྲིལ་མ་ཐག་པའི་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཐོག ཀྲུང་གོས་སྒྱུར་བཅོས་གཏིང་ཟབ་ཏུ་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུའི་བྱ་ཐབས་གལ་ཆེན་རབ་དང་རིམ་པ་ཁྱབ་བསྒྲགས་བྱས་པར། རྒྱལ་སྤྱིའི་གླེང་ཕྱོགས་ཀྱི་དོ་ཁུར་རྒྱ་ཁྱབ་ཏུ་ཐོབ་ལ་གདེང་འཇོག་ཆེན་པོའང་ཐོབ་ཡོད། སྲུང་སྐྱོང་རིང་ལུགས་དང་གོ་ལ་ཧྲི་པོ་ལས་ལྡོག་པ་བསྐྱར་དུ་ཐོན་པའི་རྒྱབ་ལྗོངས་འོག ཀྲུང་གོས་མུ་མཐུད་ནས་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་བྱས་ཏེ། འཕེལ་རྒྱས་ཆེན་པོ་དང་། འཕོ་འགྱུར་ཆེན་པོ། ལེགས་སྒྲིག་ཆེན་པོ་བཅས་ཀྱི་དུས་སྐབས་སུ་གནས་པའི་འཛམ་གླིང་རྒྱལ་ཁབ་ཁག་ལ་འཕེལ་རྒྱས་ཀྱི་གོ་སྐབས་ཤིག་སྦྱིན་རྒྱུ་རེད། དེ་ནི་རང་ངོས་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་བྱ་སྤྱོད་བརྟན་པོ་ཞིག་ཡིན་ལ་དེས་གོ་ལ་ཧྲིལ་པོའི་ཚོང་དོན་དང་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་ཐུབ་ངེས་ཡིན།