ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

བཅའ་སྡོད་ཐུབ་པ་བྱེད་དགོས་ལ་དེ་བས་རོགས་རམ་ཡག་པོ་བྱེད་དགོས།

སྤེལ་དུས 2018-04-25 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། ཀྲང་ཧྲང་ཧྭ།
          “དུས་རབས་གསར་པས་གྲོང་སྡོད་ལས་བྱེད་པར་བཏོན་པའི་བླང་བྱ་གསར་པ་ཁོང་དུ་ཡང་དག་ཆུད་པ་བྱས་ཏེ་ཐོག་མའི་བསམ་འདུན་མ་བརྗེད་པ་དང་། འགན་འཁྲི་བློ་ལ་བརྟན་པོར་འཆང་བ། ནམ་ཡང་འབད་འཐབ། ཡིད་ཆེས་བརྟན་པོ། འབད་འབུངས་ཡར་བརྩོན། དཀའ་སྤྱད་ལས་སྒྲུབ་བཅས་བྱས་ནས་གྲོང་སྡོད་ལས་བྱེད་པ་དམིགས་སར་གཏོང་ཐུབ་པ་དང་། རོགས་རམ་ཏན་ཏིག་ཐུབ་པ། མང་ཚོགས་བློ་ཡིད་ཚིམ་པ་བཅས་བྱེད་དགོས”ཞེས་རང་སྐྱོང་ལྗོངས་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་ཁག་དྲུག་པའི་གྲོང་སྡོད་ལས་དོན་གྱི་ཕྱོགས་སྡོམ་གཟེངས་བསྟོད་དང་ཁག་བདུན་པའི་གྲོང་སྡོད་ལས་དོན་གྱི་སྐུལ་སློང་ཚོགས་ཆེན་ཐོག་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་དེ་ལྟར་ནན་བཤད་གནང་ཡོད། དེས་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་གྲོང་སྡོད་ལས་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཁ་ཕྱོགས་གསལ་པོ་བཏོན་ཡོད་ལ། གཞི་འཛིན་ས་ཡང་མཁོ་འདོན་བྱས་ཡོད།
          དུས་རབས་གསར་པའི་འོག་གང་འདྲ་བྱས་ཏེ་གྲོང་སྡོད་ལས་བྱེད་པའི་ལས་དོན་ཐད་གནད་སྨིན་ཤུགས་འདོན་བྱེད་དགོས་སམ་ཞེ་ན། སྨྱུག་འཛིན་པས་གཤམ་གསལ་ཕྱོགས་ཁག་ལ་དམ་འཛིན་བྱེད་དགོས་པའི་ངོས་འཛིན་བྱེད་པ་སྟེ།
          འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་སྤྱིའི་དམིགས་ཚད་དང་གྲོང་སྡོད་ལས་བྱེད་པའི“ལས་འགན་ཁག་བདུན”ལ་དམ་པོར་དམིགས་ཏེ་གོ་བདེ་ཤེས་སླའི་སྐད་ཆ་དང་ལྟ་འདོད་ལ་ཉན་སྤྲོ་བའི་བྱེད་ཐབས་ཐོག་ནས་ཏང་གི་ཞིང་ཕན་སྲིད་ཇུས་དྲིལ་བསྒྲགས་གཏིང་ཟབ་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཚོས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ། བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་བ་བཅས་ཀྱི་ཆོད་སེམས་དང་ཡིད་ཆེས་སྔར་བས་ཆེ་རུ་གཏོང་བ་དང་འབྲེལ་མི་རིགས་ཁག་གི་མང་ཚོགས་ཚོས་ཏང་གི་སྲོག་ཤིང་དང་། དམག་དཔུང་གི་སྤྱི་ཁྱབ་བཀོད་འདོམས་པ། མི་དམངས་ཀྱི་གཙོ་འཛིན་བཅས་ལ་བརྩི་བཀུར་ཞུ་བ་དང་ཏང་ཀྲུང་དབྱང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་དེ་བས་བརྩི་བཀུར་ཞུ་རྒྱུར་སློབ་གསོ་རྒྱག་དགོས།
          དམངས་ཆེད་ཀྱི་དམིགས་ཡུལ་ལག་བསྟར་དང་བྱ་བ་དངོས་བསྒྲུབས་ནས་དམངས་ཀྱི་སེམས་ཁྲལ་སེལ་དགོས། དུས་རྟག་ཏུ་མང་ཚོགས་ཀྱི་བདེ་སྡུག་སེམས་ནང་བཞག་ནས་བརྩེ་སེམས་འཆང་བ་དང་འགན་འཁྲི་འཁུར་ནས་འབྲོག་ར་དང་ཞིང་ནང་དུ་བསྐྱོད་དེ་དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་དམངས་ཀྱི་བསམ་འཆར་ཉན་ནས་མང་ཚོགས་ཀྱི་དཀའ་ངལ་སེལ་བའི་ཁྲོད་མང་ཚོགས་དང་འབྲེལ་འདྲིས་ཐུབ་པ་དང་སྤྱོད་ཚུལ་ལེགས་སུ་བཏང་ནས་གྲོང་ཚོ་དང་དམངས་ཀྱི་གནས་ཚུལ་ཤེས་མཁན་དང་། མང་ཚོགས་ཀྱིས་ཡིད་ཆེས་བྱ་ཡུལ། འཕེལ་རྒྱས་དང་བརྟན་ལྷིང་གི་གོ་ཆོད་པ་བཅས་སུ་འགྱུར་བ་བྱེད་དགོས།
          གཞི་རིམ་རྩ་འཛུགས་སྟོབས་ཆེར་བཏང་ནས་ཏང་གི་སྲིད་འཛིན་རྩ་བ་བརྟན་དུ་གཏོང་དགོས། རྣམ་པ་ལྔའི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་དམིགས་ཏེ་རྒྱུན་ཆད་མེད་པར་གཞི་རིམ་རྩ་འཛུགས་དང་ཏང་ཡོན་གྱི་འཐབ་ནུས་ཆེ་རུ་བཏང་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་ཚན་རིག་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་མཐོ་རུ་བཏང་སྟེ“ནམ་ཡང་གནས་ཐུབ་པའི་ལས་དོན་རུ་ཁག”གཅིག་ཧུར་ཐག་གཏོད་དགོས།