ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

ངལ་རྩོལ་ནི་གཟི་བརྗིད་ཆེ་ཤོས་དང་ངལ་རྩོལ་པ་ནི་རླབས་ཆེ་ཤོས་ཡིན།

སྤེལ་དུས 2018-05-02 ཡོང་ཁུངས། བོད་ལྗོངས་དྲ་འཕྲིན་གཞུང་ལས་ཁང་། རྩོམ་པ་པོ། སྒྲོལ་མས་བསྒྲིགས།
          “ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་འཆར་ལ་ཉེ་བའི་མཚམས་འདིར།    སྨྱུག་འཛིན་མཁན་གྱིས་དང་ཐོག་རྒྱལ་ཡོངས་མི་རིགས་ཁག་གི་བཟོ་པ་དང་།ཞིང་པ།ཤེས་ཡོན་ཅན།རིམ་ཁག་གི་ངལ་རྩོལ་མང་ཚོགས་རྣམས་ལ་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། 
          ངལ་རྩོལ་ནི་གཟི་བརྗིད་ཆེ་ཤོས་དང་ངལ་རྩོལ་པ་ནི་རླབས་ཆེ་ཤོས་ཡིན།  ངལ་རྩོལ་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འབྱུང་ཁུངས་གལ་ཆེན་ཞིག་ཡིན་ཁར་ངལ་རྩོལ་དཔེ་བཟང་བ་ནི་མི་རིགས་ཀྱི་ཕུལ་བྱུང་མི་སྣ་དང་།  རྒྱལ་ཁབ་ཀྱི་གཙོ་ཤུགས།  སྤྱི་ ཚོགས་ཀྱི་སྲོག་ཤིང་དང་མི་དམངས་ཀྱི་དཔེ་བཟང་ཞིག་དང་ཏང་དང་རྒྱལ་ཁབ་ཀྱི་མཆོག་ནོར་ཞིག་རེད།   ངལ་རྩོལ་དང་གསར་གཏོད་ལས་ང་ཚོར་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལྡན་ཞིང་། ངལ་རྩོལ་དང་གསར་གཏོད་ལས་ང་ཚོར་ད་ཆའི་གྲུབ་འབྲས་འདི་ལྟ་བུ་ཐོབ་ཡོད།  དེར་བརྟེན་ང་ཚོས་ངེས་པར་དུ་སྤྱི་ཚོགས་ཧྲིལ་པོར་ངལ་རྩོལ་དཔེ་བཟང་བའི་སྙིང་སྟོབས་དང་ངལ་རྩོལ་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ། རྒྱ་ཆེའི་མི་དམངས་མང་ཚོགས་ལ་དཀའ་སྤྱད་ངལ་རྩོལ་དང་། ཟོལ་མེད་ངལ་རྩོལ། གསར་གཏོད་རང་བཞིན་གྱི་ངལ་རྩོལ་བཅས་ཀྱི་ལྟ་བ་འཛུགས་རྒྱུའི་ཁྲིད་སྟོན་བྱེད་དགོས། ངལ་རྩོལ་ནི་གཟི་བརྗིད་དང་གསར་གཏོད་ནི་རླབས་ཆེན་ཡིན་པ་དེ་སྙན་འཇེབས་ལྡན་པའི་དུས་རབས་ཀྱི་དབྱངས་རྟ་དྲག་པོ་ཞིག་ཏུ་གྱུར་བ་བྱེད་པ་དང་ངལ་རྩོལ་ནི་གཟི་བརྗིད་ཆེ་ཤོས་དང་། ངལ་རྩོལ་ནི་ཆེས་བླ་ན་མེད་པ། ངལ་རྩོལ་ནི་ཆེས་མཛེས་སྡུག་ལྡན་པ་ཡིན་པ་བཅས་ཀྱི་དར་སྲོལ་ཞིག་ཏུ་འགྱུར་བ་བྱེད་དགོས། ང་ཚོས་ཐོག་མཐའ་བར་གསུམ་དུ་ལུས་པོའི་ངལ་རྩོལ་ལམ་ཡང་ན་བསམ་བློའི་ངལ་རྩོལ་གང་ཞིག་ཡིན་རུང་།     ཚང་མར་བརྩི་འཇོག་དང་སྐུལ་ལྕག་གཏོང་དགོས་ལ་མི་སྒེར་གྱི་གསར་གཏོད་དམ་ཡང་ན་མཉམ་སྡེབ་ཀྱི་གསར་གཏོད་གང་ཞིག་ཡིན་རུང་ཚང་མར་བརྩི་འཇོག་དང་སྐུལ་ལྕག་གཏོང་དགོས།   གང་ལགས་ཤེ་ན།   འགྲོ་བ་མིའི་རིགས་བྱུང་བ་ནས་ད་ལྟའི་བར་དབྱར་མཚོ་རྒྱས་པ་ལྟ་བུའི་འབྱོར་ཕྱུག་དང་།   དམངས་གཙོ། ཤེས་དཔལ། ཞི་མཐུན་བཅས་ནི་ཚང་མ་ངལ་རྩོལ་དང་གསར་གཏོད་ལ་བརྟེན་ནས་བྱུང་བ་ཞིག་མ་ཡིན་ནམ། དུས་རབས་ཀྱི་རྣམ་པར་འགྱུར་ལྡོག་ཇི་ལྟར་སོང་ཡང་ང་ཚོས་སྔ་ཕྱི་བར་གསུམ་དུ་ངལ་རྩོལ་ལ་བརྩི་མཐོང་དང་ངལ་རྩོལ་པར་བརྩི་འཇོག་བྱེད་དགོས་ལ་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མི་དམངས་ཀྱི་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། འདི་ནི་ང་ཚོས“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་དྲན་གསོ་ཞུ་བའི་དོན་སྙིང་གལ་ཆེན་དེ་ཡིན།
          ལོ་ལྟར“ལྔ་གཅིག”སྐབས།  རང་རྒྱལ་གྱིས་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པར་གཟེངས་བསྟོད་དང་བླ་ན་མེད་པའི་གུས་འདུད་ཞུ་ཡི་ཡོད། དེ་ལས་ངལ་རྩོལ་གྱི་གལ་ཆེའི་རང་བཞིན་མངོན་ཡོད་པ་དང་རང་རྒྱལ་གྱིས་ངལ་རྩོལ་ལ་མཐོང་ཆེན་དང་བརྩི་འཇོག་བྱེད་པ་དེ་མཚོན་ཡོད།  
          མིག་སྔར་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ“ལོ་བརྒྱ་གཉིས” ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱ་ཆེད་འབད་བརྩོན་བྱེད་བཞིན་ཡོད།    གཏན་འཁེལ་བྱས་པའི་ང་ཚོའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་པར་མཐར་གཏུགས་ནས་བརྗོད་ན་དཀའ་སྤྱད་ངལ་རྩོལ་དང་།  ཡིད་རྟོན་ངལ་རྩོལ།   ཚན་རིག་དང་མཐུན་པའི་ངལ་རྩོལ་བཅས་ལ་བརྟེན་དགོས་ཀྱི་ཡོད།  ང་ཚོས་སྤྱི་ཚོགས་ཡོངས་སུ་སྔར་བས་ངལ་རྩོལ་ནི་གཟི་བརྗིད་ཡིན་པ་དང་།   ཤེས་བྱ་གོང་དུ་བཀུར་བ།   ཤེས་ལྡན་མི་སྣ་རྩ་ཆེར་འཛིན་པ།   རླབས་ཆེན་དུས་རབས་ཀྱི་སྲོལ་བཟང་གཏོད་པ།    སྤྱི་ཚོགས་ཀྱི་ཁོངས་མི་ཡོངས་ཀྱི་ངལ་རྩོལ་གྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུར་སྐུལ་བ།   སྤྱི་ཚོགས་ཡོངས་སུ་ངལ་རྩོལ་ལ་དགའ་ཞེན་དང་།  ངལ་རྩོལ་ནང་ཞུགས་པ།  ལས་གཅེས་ལས་བརྩོན་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས།(བོད་ལྗོངས་དྲ་འཕྲིན་གཞུང་ལས་ཁང་། ཚེ་རིང་བཟང་མོ།)