ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

མི་དམངས་ཀྱིས་ལོ་རྒྱུས་གཏོད། ངལ་རྩོལ་གྱིས་འབྱུང་འགྱུར་གཏོད།

སྤེལ་དུས 2018-05-02 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། སྒྲོལ་མས་བསྒྲིགས།
          ལོ་རྒྱུས་ནི་མི་དམངས་ཀྱིས་བཏོད་པ་དང་ཡར་ཐོན་ཡོང་བར་ཡང་མི་དམངས་ཀྱིས་སྐུལ་འདེད་གཏོང་རྒྱུར་བརྟེན་དགོས། “ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་གྱི་སྔ་ནུབ་ཏུ་རང་ལྗོངས་ཀྱིས་རྒྱལ་ཡོངས་དང་རང་སྐྱོང་ལྗོངས་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་བསྟོད་ལག་ཁྱེར་གཟེངས་རྟགས་དང་། བཟོ་པའི་གདོང་ལེན་རྟགས་ཅན་གྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱི་མཚན་སྙན་ཐོབ་པ་རྣམས་ལ་གཟེངས་བསྟོད་གཟབ་རྒྱས་བྱས་པ་ལས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་བཟོ་པའི་གྲལ་རིམ་དང་། རྒྱ་ཆེའི་ངལ་རྩོལ་མང་ཚོགས་ལ་གདེང་འཇོག་དང་བརྩི་འཇོག་གང་ལེགས་གནང་བ་མཚོན་པས། ལྗོངས་ཡོངས་ཀྱི་ངལ་རྩོལ་པས་གཟི་བརྗིད་ལྡན་པའི་འགན་འཁྲི་ཕྲག་ཏུ་ཁུར་བ་དང་། ངལ་རྩོལ་གྱི་སྤྲོ་སེམས་འཕེལ་བ། མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པ་བཅས་ལ་སྐུལ་ལྕག་ཤུགས་ཆེན་ཐེབས་ངེས་རེད།
          ངལ་རྩོལ་ནི་འོད་སྟོང་འཕྲོ་བའི་གྲུབ་འབྲས་གཏོད་པའི་འབྱུང་རྩ་དང་ཕུགས་བསམ་མངོན་འགྱུར་བྱེད་པའི་སྒུལ་ཤུགས་རེད། ད་རེས་གཟེངས་བསྟོད་ཐོབ་པའི་རྒྱལ་ཡོངས་དང་ལྗོངས་ཡོངས་ཀྱི“ལྔ་གཅིག”ངལ་རྩོལ་གྱི་གཟེངས་བསྟོད་ལག་ཁྱེར་དང་གཟེངས་རྟགས་དང་། བཟོ་པའི་གདོང་ལེན་རྟགས་ཅན་གྱི་མཚན་སྙན་ཐོབ་མཁན་རྣམས་ནི་རང་ལྗོངས་ཀྱི་འཐབ་ཕྱོགས་ཁག་གི་ཕུལ་བྱུང་གི་ཚབ་བྱེད་མི་སྣ་ཤ་སྟག་རེད།
          དུས་ཡུན་རིང་པོའི་ནང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བཟོ་མང་ཚོགས་ཚོས་ཐོག་མཐའ་བར་གསུམ་དུ་བདག་པོའི་འགན་འཁྲི་འཁུར་སེམས་ཆེན་པོ་དང་དཔའ་ངར་ཆེར་སྐྱེད་ཀྱི་འབད་འཐབ་སྙིང་སྟོབས་དང་གསར་གཏོད་སྤྲོ་སེམས་ལ་བརྟེན་ནས་འཐབ་ཕྱོགས་ཁག་ཏུ་དཀའ་སྤྱད་འབད་བརྩོན་དང་། འཇོན་ཐང་ངོམ་པ། བྱས་རྗེས་འཇོག་པ་བཅས་བྱས་ནས་ཡིད་སེམས་འགུལ་བའི་ལས་དོན་མང་དག་ཅིག་བསྒྲུབས་ཡོད།
          མིག་སྔར་རང་ལྗོངས་རྒྱལ་ཡོངས་དང་མཉམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་སླེབས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དུས་རབས་གསར་པ་ནི་འབད་འཐབ་མཁན་གྱི་དུས་རབས་ཤིག་རེད”ཅེས་གསུངས་ཡོད། དེ་ནི་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ལ་མི་རིགས་བསྐྱར་དར་གྱི་བྱ་གཞག་ཆེན་པོ་དང་། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་ཞུགས་རྒྱུར་སྐུལ་སློང་ནུས་ལྡན་གནང་བ་ཞིག་རེད། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། གདོང་ལེན་བྱེད་ཕོད་པ། ནམ་ཡང་འབད་འཐབ། ལམ་ཆས་བསྡོགས་ནས་སླར་ཡང་ཐོན་པ། དཀའ་སྤྱད་འབད་འཐབ་ཀྱིས་སླར་ཡང་ལས་གཏོད། དར་སྲོལ་གཏོད་ཕོད་པ་བཅས་བྱས་ཏེ་གངས་ལྗོངས་ས་མཐོར་ངལ་རྩོལ་ནི་གཟི་བརྗིད་ཆེ་ཤོས་དང་། ངལ་རྩོལ་ནི་བླ་ན་མེད་པ། ངལ་རྩོལ་ནི་རླབས་ཆེ་ཤོས། ངལ་རྩོལ་ནི་མཛེས་ཤོས་བཅས་ཡིན་པའི་དུས་རབས་ཀྱི་གསུང་སྒྲ་དྲག་པོ་བསྒྲགས་ཏེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་རྒྱལ་ཁ་ལེན་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།
          དཀའ་སྤྱད་འབད་འཐབ་མ་བྱས་ན་མཚར་སྡུག་རྣམ་པའི་བཀྲ་བའི་འབྲས་བུའི་མེ་ཏོག་བཞད་མི་སྲིད་པ་དང་། དཀའ་སྤྱད་ལས་བརྩོན་མ་བྱས་ན་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་མི་སྲིད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་དཀའ་སྤྱད་ལས་བརྩོན་དང་། ལས་དོན་ཏན་ཏིག་སྒྲུབ་པ། ཡར་རྒྱས་ལྷུར་ལེན། གསར་གཏོད་བྱེད་ཕོད་པ་བཅས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་བསྐྲུན་པའི་རླབས་ཆེའི་རྒྱལ་ཁ་ལེན་པའི་ཁྲོད་ངལ་རྩོལ་ལ་བརྟེན་ནས་བླ་ན་མེད་པའི་གཟི་བརྗིད་གཏོད་དགོས།