ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

རང་ལྗོངས་ཀྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་སྐོར་གྱི་སྒྲིལ་གླེང་།

སྤེལ་དུས 2018-05-02 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། སྒྲོལ་མས་བསྒྲིགས།
 གནད་སྨིན་ཤུགས་འདོན་གྱིས“མཁྲེགས་སར”གཏུགས་པ།
          ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་། 2020ལོར་སླེབས་སྐབས་རང་རྒྱལ་དུ་ད་ལྟ་ལག་བསྟར་བྱེད་མུས་ཀྱི་ཚད་གཞིའི་འོག་གི་གྲོང་གསེབ་མི་འབོར་དབུལ་པོ་དབུལ་སྒྲོལ་ཐུབ་རྒྱུའི་འགན་ལེན་བྱས་ཏེ་རྫོང་དབུལ་པོ་ཡོངས་ཀྱི་དབུལ་ཞྭ་ཕུད་པ་དང་། ས་ཁོངས་རང་བཞིན་གྱི་སྤྱིའི་དབུལ་ཕོངས་སེལ་བ། དབུལ་པོ་ངོ་མ་དབུལ་སྒྲོལ་དང་དངོས་འབྲེལ་དབུལ་སྒྲོལ་ཐུབ་པ་བྱེད་དགོས་ཞེས་བསྟན་ཡོད།
          འཚོ་བ་ཡག་པོ་སྐྱེལ་ཐུབ་པར་བྱེད་དགོས་ན། བོད་ཀྱི་མི་དམངས་རྗེས་སུ་ལུས་མི་རུང་། 2020ལོར་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་དུ་སླེབས་པར་བོད་འདི་ཉིད་རྐང་འཐེན་པ་བྱེད་མི་རུང་།
          འོན་ཀྱང་ཇི་ལྟར་བྱས་ན་གཞི་ནས“རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་འབྲེལ་གྱི་དབུལ་ཕོངས་ས་ཁུལ་དང་སྤྱི་ཡོངས་རང་བཞིན་གྱི་ཤིན་ཏུ་དབུལ་བའི་ས་ཁུལ་འབའ་ཞིག”ཡིན་པའི“དབུལ་པོའི་ཞྭ་མོ”དེ་ཕུད་ཐུབ་བམ།
          “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་དུས་འབྲིང་ལོ་སྟེ་2017ལོར་རང་སྐྱོང་ལྗོངས་ཀྱིས་དབུལ་སྐྱོར་གྱི“གྲུབ་འབྲས་རེའུ་མིག”སྤྲད་པ་སྟེ། སྔོན་དཔག་ལྟར་ན་དབུལ་པོ་ཁྲི་15ཉུང་དུ་བཏང་ནས་དབུལ་པོ་འབྱུང་ཚད་12.4%བར་ཆག་པ་བྱས་པ་དང་། གྲོང་ཚོ་དབུལ་པོ་1705མེད་པར་བཟོས་པ། རྫོང་དང་ཆུས་25དབུལ་སྒྲོལ་དབུལ་ཞྭ་ཕུད་པའི་བླང་བྱར་སླེབས་པ་སོགས་རེད།
          དེ་ནི་རང་ལྗོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྔོན་མེད་ཀྱི་ནུས་ཤུགས་ཤིག་ཡིན་ལ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་སྐུལ་སྤེལ་ཏན་ཏིག གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལག་བསྟར་ཤུགས་ཆེན་བཅས་བྱས་པའི་འབྲས་བུ་ཞིག་ཀྱང་ཡིན།
“དབུལ་རྐྱེན”ཡང་དག་བཙལ། “ཐབས་ལམ”གང་ལེགས་བཏོན།
          རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་གྱི་ས་ཁུལ་དབུལ་པོ་འབའ་ཞིག་ཡིན་པའི་ངོས་ནས། ཉེ་བའི་ལོ་ཤས་རིང་། བོད་ཀྱིས“སུ་ལ་དབུལ་སྐྱོར་བྱེད་དམ། སུས་དབུལ་སྐྱོར་བྱེད་དགོས་སམ། དབུལ་སྐྱོར་ཇི་ལྟར་བྱེད་དམ”ལ་གཞིགས་ཏེ་རྩེ་རིམ་ཇུས་འགོད་དང་། ཐོན་ལས་དབུལ་སྐྱོར།
          ཡུལ་གཞན་དུ་གནས་སྤོས་སོགས་ཀྱི་ཐད་གཞོལ་ནས་གནད་སྨིན་དབུལ་སྐྱོར་བྱས་ཁར་གནད་སྨིན་མཛད་ཇུས་དོན་འཁྱོལ་དང་། རྒྱུན་སྲོལ་ལས་བརྒལ་བའི་བྱེད་ཐབས་བཏོན་ནས་ཕར་ཆིན་རྒྱག་པའི་སྙིང་རུས་ཆེན་པོ་སྤྱད་ཡོད། ཡིག་ཚགས་དང་གཱ་བཟོས་པར་བརྟེན་ནས་དབུལ་སྐྱོར་བྱ་ཡུལ་གནད་སྨིན་དབྱེ་འབྱེད་ཀྱིས“མཉམ་ལས་ཁང་དང་། འཇོན་ཐང་ཅན། དུད་ཚང་དབུལ་པོ་བཅས་ཟུང་འབྲེལ”དང“ཏང་ཀྲི་པུའུ་དང་། འཇོན་ཐང་ཅན། དུད་ཚང་དབུལ་པོ་བཅས་ཟུང་འབྲེལ”སོགས་གནད་སྨིན་དབུལ་སྐྱོར་བྱེད་སྟངས་གསར་གཏོད་བྱས་པས་མི་འབོར་དབུལ་པོ་ཐོན་ཚད་ཇེ་ཉུང་དུ་སོང་བ་རེད།
          “སུ་ལ་རོགས་སྐྱོར་བྱེད་པའི”གནད་དོན་ཐག་གཅོད་ཡག་པོ་བྱས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་འབོར་དབུལ་པོ་དངོས་འབྲེལ་གསལ་རྟོགས་བྱས་ཏེ་མི་འབོར་དབུལ་པོ་དང་། དབུལ་ཕོངས་ཀྱི་ཚད། དབུལ་པོར་འགྱུར་རྐྱེན་སོགས་གསལ་པོ་རྟོགས་པར་བྱས་ནས་དུད་ཚང་དང་མིར་གཞིགས་ནས་ཐབས་ཇུས་ལག་བསྟར་ཡག་པོ་བྱེད་དགོས་ཞེས་གསུངས།
          སོག་རྫོང་ནི་བོད་བྱང་ཐང་ས་མཐོ་དང་བོད་ཤར་ཕྱོགས་རོང་ཁུལ་གྱི་འབྲེལ་མཚམས་སུ་གནས་པ་དང་། ནག་ཆུ་ས་ཁུལ་གྱི་མི་འབོར་མང་བའི་རྫོང་ཆེ་ཤོས་དེ་ཡིན་ལ་ལྗོངས་ཡོངས་ཀྱི་ཤིན་ཏུ་དབུལ་བའི་རྫོང་44ནང་གི་གྲས་ཤིག་ཀྱང་ཡིན། “ཡིག་ཚགས་དང་གཱ་བཟོས་པའི་དཔྱད་ཞིབ་ལས་ཀ་དོན་འཁྱོལ་བྱ་རྒྱུ་ནི་ཏང་དང་སྲིད་གཞུང་གི་ལས་འགན་ཡིན་པས་ཞིང་འབྲོག་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བའི་རེ་འདུན་ཟོལ་མེད་བཅོལ་ཡོད་ལ་ང་ཚོར་ཕྲག་ཏུ་འགན་འཁྲི་ལྕི་བའི་ཚོར་སྣང་ཡང་ཆེན་པོ་བྱུང”ཞེས་སོག་རྫོང་གི་རྫོང་དཔོན་ཚེ་རིང་ལུང་འཕེལ་གྱིས་གསར་འགོད་པར་བཤད་ཅིང་། ཁོང་གིས། སོག་རྫོང་གི་རིམ་ཁག་ཏང་ཡོན་ལས་བྱེད་པས་ལས་ཀའི་སྤྲོ་སེམས་ཆེན་པོར་བརྟེན་ནས་འབྲོག་ཁྱིམ་དུ་བསྐྱོད་པ་དང་། གྲོང་ཚོ་དང་དུད་ཚང་དུ་མི་སེར་གྱི་གནས་ཚུལ་དང་དབུལ་པོ་ངོ་མར་བརྟག་དཔྱད་བྱས་པ་མ་ཟད། ཞིང་འབྲོག་ཁུལ་གྱི་གྲངས་གཞིའི་ཆ་འཕྲིན་ཁག་ཟིན་ཐོ་ཞིབ་ཚགས་བཀོད་དེ་ནག་ཆུ་ས་ཁུལ་གྱི་དབུལ་སྐྱོར་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད་ཅེས་བཤད།
          2014ལོ་ནས་བཟུང་། བོད་ཀྱིས་རྒྱལ་ཡོངས་དང་མཉམ་དུ་དབུལ་སྐྱོར་གསར་སྤེལ་གྱི་ཡིག་ཚགས་དང་གཱ་བཟོ་བའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་བ་རེད། མི་འབོར་དབུལ་པོར་མཐའ་སྐྱོང་རང་བཞིན་གྱི་དབྱེ་འབྱེད་ཡོངས་བཤེར་གྱི་ལས་དོན་བསྒྲུབས་པའི་ཁར་དབུལ་སྐྱོར་སྡེ་ཚན་གྱིས་དུད་ཚང་དབུལ་པོའི་ཆ་འཕྲིན་དོ་དམ་མ་ལག་བཟོ་བ་དང་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་ཚོགས་ལས་རིགས་ཁག་གིས་རྒྱབ་སྐྱོར་དང་དེའི་ནང་ཞུགས་པའི་དུད་ཚང་དབུལ་པོའི་ཆ་འཕྲིན་སྤེལ་རེས་ལས་སྟེགས་བསྐྲུན་པ་དང་། དབུལ་པོ་ངོ་མ་དང་དངོས་འབྲེལ་དབུལ་སྐྱོར་མཁོ་བའི་མང་ཚོགས་དཀའ་ངལ་ཅན་གནད་སྨིན་ངང་དབྱེ་འབྱེད་བྱས་པ་དང་འབྲེལ་རིམ་པ་བཞིན་ལས་འགན་ཁག་བགོས་དང་རེ་རེ་བཞིན་དང་དམིགས་ཚད་ཀྱི་འགན་འཁྲིའི་ཡི་གེའང་བཞག་སྟེ“གྲོང་ཚོ་རེར་ཐབས་ཇུས་རེ་དང་། དུད་ཚང་རེར་ཐབས་ལམ་རེ། གྲོང་ཚོ་རེ་དང་དུད་ཚང་རེར་འགན་འཁུར་མཁན་རེ”སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་རོགས་སྐྱོར་བྱས་པ་རེད།
          ད་ལོར་ལོ་63ལ་སོན་པའི་མཚམས་གཅོད་ནི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་ཤང་དགའ་གྲོང་གྲོང་ཚོའི་གྲོང་མི་ཞིག་ཡིན་པ་དང་། ཁྱིམ་དུ་ནང་མི་3ལས་མེད་ཁར་ངལ་རྩོལ་པ་ཉུང་བའི་རྐྱེན་གྱིས་དབུལ་ཕོངས་སུ་གྱུར། 2013ལོར་རྫོང་དབུལ་སྐྱོར་གཞུང་ལས་ཁང་གི་འབྲེལ་ལམ་བརྒྱུད་ཁོང་དགའ་གྲོང་གྲོང་ཚོའི་བོད་བྱ་གསོ་ཚགས་ཆེད་ལས་མཉམ་ལས་ཁང་གི་རོགས་སྐྱོར་བྱ་ཡུལ་གྱུར་ཞིང་། མཉམ་ལས་ཁང་གིས་ལོ་ལྟར་ཁོང་ལ་རིན་མི་དགོས་པར་བྱ་ཕྲུག་སྤྲད་ཁར་བྱ་སྒོང་ཉོ་སྒྲུབ་ཀྱི་འགན་ཡང་འཁུར་བར་བརྟེན། ཡོང་འབབ་སྒོར་7000ལྷག་ཙམ་འཕར་ཡོད།
ཐབས་ལམ་འཚོལ་ཞིབ་བྱས། “གཞན་བརྟེན”ནས“རང་བརྟེན”དུ་གྱུར།
          གདིང་གཞི་གསལ་བ་དང་། གནས་ཚུལ་ཁ་གསལ་བ། དོ་དམ་ནན་པ། བྱེད་ཐབས་ངོ་མ་བཅས་ཡིན་ཁར་གནད་སྨིན་དབུལ་སྐྱོར་གྱི་ལས་ཀའི་ལམ་སྲོལ་བཙུགས་པའི་བོད་ཀྱིས་དབུལ་སྐྱོར་གསར་སྤེལ་གྱི་རེས་འཁོར་གསར་པའི་ལག་ལེན་བྱེད་འགོ་ཚུགས།
ཞིང་འབྲོག་མང་ཚོགས་ཀྱི“དཀའ་ངལ”གསལ་པོ་ཡིན། དེས་ན་ཚན་རིག་དང་མཐུན་པའི་དབུལ་སྐྱོར་དང་། གནད་སྨིན་དབུལ་སྐྱོར། དབུལ་སྒྲོལ་ནུས་ལྡན་བཅས་ཇི་ལྟར་བྱེད་དགོས་སམ།
          ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་དང“གནད་སྨིན་དྲུག”དང་། “ཁག་གཅིག་རེ་ལྔ”“སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་ལེན་གསུམ”བཅས་ཀྱི་བླང་བྱ་དང་དམིགས་ཚད་ལ་དམ་པོར་དམིགས་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་བཙུགས་པ་དང་། རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ། འཆར་འགོད་ཞིབ་ཚགས་ངང་བཟོས་པ། ཁ་གཏད་གཅོག་ཐབས་ལ་ཞིབ་འཇུག་བྱས་པ། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་པའི་བླང་བྱ་བཏོན་པ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལག་པ་འགུལ་རྒྱུར་སྐུལ་སློང་བཅས་བྱས་པས། “སེམས་ཁྲལ་བྱེད་མི་དགོས་པ་གསུམ་དང་། ཡོད་པ་གསུམ། འགན་ལེན་གསུམ”བཅས་ཀྱི་དམིགས་ཚད་མངོན་འགྱུར་བྱུང་བ་རེད།
          ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་ར་འོག་གྲོང་རྡལ་གྱི་ཤར་ལྷོའི་རྒྱུད་དུ་གནས་པའི་ལ་སྒོ་འཁྱགས་རོམ་ཆེ་མོ་ནི་འཛམ་གླིང་གི་འཁྱགས་རོམ་ཆེ་གྲས་གསུམ་གྱི་གྲས་ཤིག་ཡིན་ལ་བ་ལུང་གཙང་པོའི་ཆུ་མགོ་ཡང་ཡིན། ལ་སྒོ་གྲོང་ཚོ་འདི་ཉིད་འཁྱགས་རོམ་གྱི་གཤམ་དུ་གནས་ཡོད།
          སྐལ་བཟང་ནོར་བུ་ནི་ལྟ་སྐོར་རྟ་དྲེལ་རུ་ཁག་གི་རུ་མི་ཞིག་ཡིན། གྲོང་ཚོའི་དུད་ཚང་དབུལ་པོ་ཡིན་པའི་ཁོང་ལ་ལོ་ལྟར་དབྱར་རྩྭ་དགུན་འབུའི་ཡོང་འབབ་སྒོར་3000ཕུད། ཡུལ་སྐོར་བས་རྟར་བཞོན་པའི་ཡོང་འབབ་དེ་ཁོང་གི་ཡོང་འབབ་གཙོ་བོར་གྱུར་ཡོད། ཡུལ་སྐོར་བ་མང་བའི་སྐབས་སུ་ཉིན་20ཡི་ནང་སྐལ་བཟང་ནོར་བུས་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་སྒྲིག་འཛུགས་འོག་རྟ་ཁྲིད་ནས་འཁྱགས་རོམ་ཆེ་མོའི་འཛུལ་སྒོར་ཡུལ་སྐོར་བ་སྒུག་ནས་སྡོད་ཀྱི་ཡོད་པ་དང་ལོ་གཅིག་ནང་ཁོང་ལ་ཡོང་འབབ་སྒོར་3000ནས་4000བར་ཡོང་གི་ཡོད།
          2015ལོར་སྐལ་བཟང་ནོར་བུས་སྒོར་ཁྲི་13བཏང་ནས་ཁང་མིག་6ཡོད་པའི་སྡོད་ཁང་གསར་པ་ཞིག་བརྒྱབ། “སྐབས་དེ་དུས་སྲིད་གཞུང་གིས་སྒོར་ཁྲི་5.8ཁ་གསབ་བྱས་བྱུང་། ཡུལ་སྐོར་གྱི་དུས་བབ་བཟང་པོ་དེ་འདྲ་ཡོད་པས་སླད་ཕྱིན་ང་ཚོའི་གྲོང་ཚོར་ཡུལ་སྐོར་ལ་ཡོང་མཁན་ཇེ་མང་དུ་འགྲོ་ངེས་རེད། ལྟ་སྐོར་རྟ་དྲེལ་རུ་ཁག་དང་། མགྲོན་ཁང་། ཨར་ཁང་། ཡུལ་ཟོག་སོགས་ཚང་མར་མདུན་ལམ་ཆེན་པོ་འདུག”ཅེས་བཤད། ད་ཆ་གྲོང་ཚོའི་དུད་ཚང་103གྱི་རྟ་113ཚང་མ་རྟ་དྲེལ་རུ་ཁག་ནང་ཞུགས་ཡོད། དེ་སྔ་དངོས་ཟོག་དབོར་འདྲེན་བྱེད་མཁན་གྱི་རྟ་ཚང་མ་ད་ཆ་གྲོང་མིའི་ཕྱུག་འགྱུར་གྱི་ཡོང་ཁུངས་གཙོ་བོར་གྱུར་ཡོད་པ་རེད།
“བློ་སྐྱོར་དང་རིག་སྐྱོར”ལ་བརྟེན་ནས་ནང་གནས་སྒུལ་ཤུགས་འཕེལ་བར་བྱས།
          ལྗོངས་ཡོངས་སུ་དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྤེལ་ཚུན། རིམ་ཁག་སྡེ་ཚན་གྱིས་ཐོག་མཐའ་བར་གསུམ་དུ“དབུལ་པོ་སེལ་དགོས་ན་སྔོན་ལ་བླུན་རྨོངས་སེལ་བ་དང་དབུལ་སྐྱོར་བྱེད་དགོས་ན་སྔོན་ལ་བློ་སྐྱོར་བྱ་རྒྱུ”དེ་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་མཛུབ་ཁྲིད་དུ་བྱས་ནས་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྐོང་འཐེན་གང་ལེགས་དང་། མང་ཚོགས་ཀྱི་སེམས་ཤུགས་འཕེལ་བར་བྱས་པ་དང་མང་ཚོགས་ལ་བྱ་སྤྱོད་སྤེལ་དུ་བཅུག་པ། “འབྱོར་འབྲིང་གཞན་གྱིས་སྐྱེལ་བར་ཡོང་རྒྱུར་སྒུག་ནས་སྡོད་པའི”བསམ་བློ་དོར་བ། དུད་ཚང་དབུལ་པོ་ཁག་གཅིག་ཁྲོད་གནས་པའི“སྒུག་རྟེན་སློང”གསུམ་གྱི་རྣམ་གཡེང་བསམ་བློར་དམིགས་ཏེ་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་དང་། བྱ་ཐབས་མཉམ་སྤྱོད། ཕྱོགས་མང་མཉམ་འབྲེལ་བཅས་ཀྱི་སྒོ་ནས་བློ་སྟོབས་དང་རིག་སྟོབས་གཉིས་ཀར་རོགས་སྐྱོར་བྱེད་པའི་ལས་དོན་ལ་སྐུལ་འདེད་བཏང་བས་མང་ཚོགས་ཀྱི་དབུལ་སྒྲོལ་གྱི་ཡིད་ཆེས་བརྟན་དུ་ཕྱིན་པ་དང་། དབུལ་སྒྲོལ་གྱི་སེམས་ཤུགས་འཕེལ་བ། དབུལ་སྒྲོལ་གྱི་འཇོན་ཐང་ཆེ་རུ་སོང་བ་བཅས་བྱུང་ཡོད།
          སྦྲ་ཆེན་རྫོང་འདི་ཉིད་ནག་ཆུ་ས་ཁུལ་གྱི་ཤར་རྒྱུད་དང་རྒྱལ་མོ་རྔུལ་ཆུའི་སྟོད་རྒྱུད་དུ་ཆགས་ཡོད། གདང་ལ་སྦྲ་ཆེན་རྫོང་གི་དབུས་རྒྱུད་དུ་འགྱིང་ངེར་གནས་པས་རྫོང་ཁོངས་བྱང་རྒྱུད་ཀྱི་ས་ཁོད་སྙོམས་ལ་རྒྱ་ཡང་ཧ་ཅང་ཆེན་པོ་ཡོད་པས་རང་ལྗོངས་ཀྱི་འབྲོག་ལས་རྟེན་གཞི་གལ་ཆེན་ཞིག་ཡིན་པ་མ་ཟད། ཤར་ནུབ་རྒྱུད་རོང་ཁུལ་ཡིན་པས་ལྗོངས་ཡོངས་དང་ཐ་ན་རྒྱལ་ཡོངས་ཀྱི་དབྱར་རྩྭ་དགུན་འབུ་ཐོན་ཡུལ་ཡག་ཤོས་དེ་ཡིན་ལ་དབྱར་རྩྭ་དགུན་འབུའི་གྲངས་འབོར་རམ་ཡང་ན་སྤུས་ཚད་ཚང་མ་མདུན་གྲལ་དུ་སླེབས་ཀྱི་ཡོད། དེའི་དབང་གིས་དུས་ཡུན་རིང་པོའི་ནང་དབྱར་རྩྭ་དགུན་འབུ་ནི་སྦྲ་ཆེན་རྫོང་གི་དུད་ཚང་དབུལ་པོའི་ཡོང་འབབ་ཡོང་ཁུངས་གཙོ་བོར་གྱུར་ཡོད།
          “ང་ཚོས་རྒྱ་ཆེའི་དུད་ཚང་དབུལ་པོར་སློབ་གསོ་ཁྲིད་སྟོན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཁོང་ཚོའི་སྒུག་རྟེན་སློང་གསུམ་གྱི་བསམ་བློ་དོར་ཏེ་རང་ངོས་དབུལ་པོ་ལས་སྒྲོལ་བའི་འདུ་ཤེས་འཛུགས་རོགས་བྱས་ཡོད། མང་ཚོགས་ཀྱི་བསམ་བློ་དང་འཛད་སྤྱོད་འདུ་ཤེས་ལ་འགྱུར་ལྡོག་ཕྱིན་པ་མཐོང་སྐབས། ང་ཚོ་དངོས་ནས་སེམས་གཏིང་ནས་དགའ་པོ་འདུག”ཅེས་སྦྲ་ཆེན་རྫོང་གི་རྫོང་དཔོན་གཞོན་པ་བསོད་ནམས་ཀྱིས་སྤོབས་པ་ཆེན་པོས་བཤད།
          རྫོང་ཁོངས་སུ་ལྷགས་པའི་ཚད་ལས་བརྒལ་བའི་མུན་འཐོམས་ཀྱི་རང་བཞིན་འཛད་སྤྱོད་དང“སྒུག་རྟེན་སློང”གསུམ་སོགས་ཀྱི་གོམས་གཤིས་ངན་པར་དམིགས་ཏེ། ཉེ་བའི་ལོ་ཤས་རིང་། སྦྲ་ཆེན་རྫོང་གིས་རྫོང་རིམ་པའི་ལས་བྱེད་པས་རུ་སྣེ་འཁྲིད་པ་དང་ཤང་དང་གྲོང་རྡལ་གྱི་འགོ་ཁྲིད་ལས་བྱེད་པ་གཙོ་བོ་ཞུགས་ནས་གྲོང་ཚོའི་དུད་ཚང་དུ་བསྐྱོད་དེ་བོད་གསར་རྙིང་སྤྱི་ཚོགས་བསྡུར་བའི་བྱེད་སྒོ་སྤེལ་བ་དང་རྒྱལ་ཁབ་ཀྱིས་ད་ལྟ་བོད་ཀྱི་མི་དམངས་ལ་ལག་བསྟར་བྱས་པའི་དམིགས་བསལ་ཐུགས་ཁུར་དང་དེ་བཞིན་གཟིགས་སྐྱོང་སྲིད་ཇུས་དང་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་འབྲེལ་ཡོད་སྲིད་ཇུས་འགྲེལ་བཤད་བརྒྱབ་ནས་མང་ཚོགས་རྣམས་ལ་ཏང་གི་བཀའ་དྲིན་ཤེས་པ་དང་ཚོར་བ་བྱས་པའི་ཐོག རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་འོག་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་ཕྱུག་པོ་ཆགས་ཏེ་རང་འགུལ་ངང་དབུལ་པོ་ལས་སྒྲོལ་ཐུབ་པ་བྱུང་བ་རེད། ཡུལ་ཟོག་གི་དུས་ཚིགས་རང་བཞིན་གང་ལེགས་སྤྱད་དེ་རྒྱ་ཆེའི་དུད་ཚང་དབུལ་པོའི་མང་ཚོགས་སེར་ཤ་དང་གྲོ་མ་སོགས་འཐུ་བར་སྒྲིག་འཛུགས་བྱས་པ་དང་། ཤང་དང་གྲོང་རྡལ་གྱི་འཕེལ་ཕྱོགས་བཟང་བའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ནང་དུད་ཚང་དབུལ་པོར་མ་རྐང་འཇོག་ཏུ་བཅུག་པ། རྣམ་གྲངས་འཛུགས་སྐྲུན་གྱི་ལས་ཡུལ་དུ་གསོ་སྦྱོང་དང་ངལ་རྩོལ་བྱེད་པ་བཅས་ཀྱི་ཐོག་ནས་ཡོང་འབབ་འཕར་བ་བྱས་པས་མི་རེར་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་4000ཙམ་འཕར་བ་རེད།
          དེ་དང་དུས་མཚུངས་སྦྲ་ཆེན་རྫོང་གིས་དུད་ཚང་དབུལ་པོའི་དབྱར་རྩྭ་དགུན་འབུའི་ཡོང་འབབ་ལུགས་མཐུན་ངང་འཛད་སྤྱོད་བྱེད་པའི་ཐད་གཏན་འབེབས་ནན་པོ་བྱས་པ། དབྱར་རྩྭ་དགུན་འབུའི་ཡོང་འབབ་ཁག་བཞི་ལ་ཕྱེ་ནས་30%དངུལ་ཁང་དུ་བཅོལ་ནས་མཁོ་དུས་སྤྱོད་དགོས་པ་དང་། 30%ཁ་ཐང་བར་སྤྱོད་དགོས་པ། 30%རྒྱུན་གཏན་གྱི་འགྲོ་སོང་དུ་སྤྱོད་དགོས་པ། 10%ཁྱིམ་ཚང་གི་རྨང་གཞིའི་སྒྲིག་བཀོད་ཐད་སྤྱོད་དགོས་པ་བཅས་རེད།
          ཤིན་ཏུ་དབུལ་བའི་ས་ཁུལ་དུ་དབུལ་སྒྲོལ་འགག་སྒྲོལ་གྱིས“རྒྱུ་དངོས་དབུལ་བའི”མཁར་རྫོང་གཏོར་དགོས་པ་མ་ཟད། “བསམ་བློ་དབུལ་བའི”ཟམ་པ་ཡང་སྒྲོལ་དགོས། བྱེད་ཐབས་གང་ཞིག་ཡིན་རུང་ཚང་མ་མང་ཚོགས་དབུལ་པོའི་བསམ་པའི་ཉམས་འགྱུར་ལ་འགྱུར་ལྡོག་གཏོང་ཆེད་དང་ཁོང་ཚོའི་དབུལ་པོ་ལས་སྒྲོལ་བའི་ནང་གནས་སྒུལ་ཤུགས་འཕེལ་ཆེད་ཡིན་པ་རེད།