ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

ཞབས་ཞུ་ལས་ཡར་རྒྱས་མཚོན།

སྤེལ་དུས 2018-05-02 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། ཐང་ཏ་ཧྲན་གྱིས།
             ནག་ཆུ་ནས་ཉིང་ཁྲི་དང་ཆབ་མདོ་ནས་མངའ་རིས་བར་དངུལ་རྩའི་ཞབས་ཞུའི་ཐད། ཡུལ་མི་ཡོངས་ལ་སྟབས་བདེ་དང་། མགྱོགས་མྱུར། བློ་ཡིད་ཚིམ་པ་བཅས་ཀྱི་སྣང་བ་བྱུང་ཡོད།
             ཉེ་བའི་ལོ་ཤས་རིང་། མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་མཚོན་བྱེད་དུ་བྱེད་པའི་དངུལ་རྩའི་སྒྲིག་གཞིས་མཁོ་མཁན་གཙོ་བོར་འཛིན་པའི་འདུ་ཤེས་ལག་བསྟར་བྱས་ནས་རྒྱ་ཆེའི་ཞིང་འབྲོག་ཁུལ་དུ་དངུལ་རྩའི་ཕྱོགས་བསྡུས་ཞབས་ཞུ་ས་ཚིགས་ཁག་གཅིག་བསྐྲུན་པ་རེད། ཞིང་འབྲོག་པར་སྟབས་བདེ་བསྐྲུན་པ་དང་དུས་མཚུངས་དངུལ་རྩའི་སྒྲིག་གཞིའི་ལས་སྒོའི་ལས་འབོར་མང་དུ་ཕྱིན་པས་སྤྱིར་ན་གཉིས་ཁེ་གཉིས་ཕན་གྱི་འཕེལ་ཕྱོགས་མངོན་འགྱུར་བྱུང་ཡོད།
             དངུལ་རྩའི་ཞབས་ཞུ་ལས་དཔལ་འབྱོར་འཕེལ་ཞིང་། ཞིང་འབྲོག་པས་དངུལ་རྩའི་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་ལ་བརྟེན་ནས་སྲིད་ཇུས་ལྟར་ཞིང་འབྲོག་ལས་ཀྱི་འཕྲུལ་ཆས་ཉོས་ཏེ་ཐོན་སྐྱེད་ཐད་སྤྱད་ནས་ལས་ཕྱོད་མཐོ་རུ་གཏོང་ཆོག་པ་དང་། ད་དུང་གྲངས་བཅད་ཀྱི་ཁ་གསབ་ཀྱང་ལོངས་སུ་སྤྱོད་ཆོག ཐོན་ལས་གསུམ་པ་གོང་འཕེལ་ཕྱིན་པ་དང་ཆབས་ཅིག་མི་མང་པོས་ཞིང་པའི་སྤྲོ་སྐྱིད་ཁང་དང་། འབྲོག་པའི་སྤྲོ་སྐྱིད་ཁང་། བོད་ཁྱིམ་སྤྲོ་སྐྱིད་ཁང་བཅས་གཉེར་ཞིང་། འཁོར་རྒྱུག་་མ་དངུལ་མི་འདང་ན་སེམས་ཁྲལ་བྱེད་མི་དགོས་པར་ལག་ཁྱེར་སོགས་དགོས་ངེས་ཀྱི་དཔྱད་ཡིག་འཁྱེར་ཚེ། དངུལ་རྩའི་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་ཀྱིས་རོགས་རམ་བྱེད་ངེས་ཡིན། གསར་དུ་བཙུགས་མ་ཐག་པའི་ཁེ་ལས་ཆུང་བ་དང་ཆེས་ཆུང་གྲས་ལའང་དངུལ་རྩའི་སྒྲིག་གཞི་ནས་འོས་འཚམ་གྱི་དངུལ་བུན་རག་གི་ཡོད། དངུལ་རྩའི་ཞབས་ཞུ་ལས་དངུལ་ལྷག་མ་ཡོད་པའི་མི་རྣམས་ལ་རྒྱུ་ནོར་གསོག་ཐུབ་པ་དང་། མ་དངུལ་མཁོ་བའི་མི་རྣམས་ལ་མ་དངུལ་མཁོ་འདོན་ཐུབ་པར་བརྟེན། ཁྲོམ་རའི་ཆ་རྐྱེན་འཁྲུག་ཏུ་གཏོང་བ་དང་། ཁྲོམ་རའི་དཔལ་འབྱོར་ལ་སྐུལ་ཁྲིད་བྱེད་པ། ཐོན་སྐྱེད་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་བཅས་བྱེད་ཐུབ།
             ཚང་མར་ཁྱབ་པའི་དངུལ་རྩའི་ཞབས་ཞུས་སྤྱི་ཚོགས་ལ་ཐེབས་པའི་ཤུགས་རྐྱེན་ནི་ཧ་ཅང་གསལ་བ་ཞིག་ཡིན། གསོག་དངུལ་དང་། དངུལ་བུན། རྒྱུ་གཉེར་སོགས་དངུལ་རྩའི་འདུ་ཤེས་རྒྱུན་གཏན་གྱི་འཚོ་བ་དང་ཐག་ཉེ་རུ་སོང་བས་མི་རྣམས་ཀྱི་བསམ་བློ་ཡང་འཆིང་རྒྱ་ལས་གྲོལ་ནས་གུ་ཡངས་སུ་འགྲོ་བཞིན་ཡོད། ཞིང་འབྲོག་ཐོན་ཟོག་ལས་སྣོན་བྱེད་མཁན་ཡོད་ལ་ཚོང་རྒྱག་མཁན་དང་ངལ་ནུས་ཕྱིར་གཏོང་བྱེད་མཁན་སོགས་ཡོད་པས་དངོས་གནས་འདུ་ཤེས་ལ་འགྱུར་ལྡོག་དགོས་ན་གནམ་སར་འཕོ་འགྱུར་བྱུང་བ་ལྟར་ཁྱིམ་དར་ཕྱུག་འགྱུར་གྱི་གོ་སྐབས་གང་སར་མཐོང་རྒྱུ་ཡོད།
             དོན་དངོས་ཐོག་དངུལ་རྩའི་ཞབས་ཞུ་ལས་བྱུང་བའི་ཡར་རྒྱས་ནི་བོད་ཀྱི་ས་གཞི་ཆེན་པོའི་ཐོག་གི་བསྡུས་རིས་ཆུང་ངུ་ཞིག་ཡིན། དངུལ་རྩའི་ལས་རིགས་འཕེལ་རྒྱས་སོང་བ་ལས་ལས་རིགས་གཞན་ལ་སྣེ་ཁྲིད་བྱས་པའི་གནས་ཚུལ་གང་སར་མཐོང་རྒྱུ་ཡོད། བོད་ཀྱི་འཕེལ་རྒྱས་མྱུར་པོར་སྐུལ་འདེད་གཏོང་བའི་འཕེལ་རིམ་ནང་། དངུལ་རྩའི་ལས་རིགས་ཀྱིས་འབྲེལ་ཟམ་གྱི་ནུས་པ་ཐོན་ནས་ཐོན་སྐྱེད་དང་འཚོ་བ་སོགས་ཕྱོགས་གང་ས་དང་འབྲེལ་བ་དམ་ཟབ་བྱས་ཏེ་ཕན་ཚུན་མཉམ་འདྲེས་དང་ཐུན་མོང་ཐོག་འཕེལ་རྒྱས་དང་ཡར་རྒྱས་ཡོང་བ་བྱེད་ཀྱི་ཡོད།