ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

ངལ་རྩོལ་ལ་བརྟེན་ནས་ང་ཚོའི་དུས་རབས་གསར་པའི་ལེའུ་རྩོམ་དགོས།

སྤེལ་དུས 2018-05-03 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། སྒྲོལ་མས་བསྒྲིགས།
“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་སྐབས་སུ་བྲིས།
          “ངལ་རྩོལ་ནི་གཟི་བརྗིད་ཆེ་ཤོས་དང་། ཆེས་བླ་ན་མེད་པ། རླབས་ཆེ་ཤོས། ཆེས་མཛེས་སྡུག་ལྡན་པ་བཅས་རེད” ངལ་རྩོལ་གོང་དུ་བཀུར་བ་དང་ངལ་རྩོལ་བར་བསྔགས་བརྗོད་བྱེད་པའི་ད་ཆར་ང་ཚོས་རྒྱལ་ཡོངས་ཀྱི་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ལ་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
          “དམངས་ཀྱི་འཚོ་བ་ལས་ལ་བརྟེན། ལས་བརྩོན་བྱས་ན་རྒྱུ་ནོར་འཕེལ”རླབས་ཆེན་གྱི་འབད་འཐབ་སྙིང་སྟོབས་ལྡན་པའི་ཀྲུང་གོ་མི་དམངས་ཀྱིས་རྙིང་དོར་གསར་འཛུགས་དང་རང་སྟོབས་རང་འཕེལ་ཡོང་བ་ཐོག་མཐའ་བར་གསུམ་དུ་བྱས་ཡོད། འདི་ལོ་ནི་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བའི་དུས་ཡིན་པ་དང་། ལོ་དེ་དག་གི་འཕོ་འགྱུར་རབ་ཏུ་ཆེ་བའི་བརྒྱུད་རིམ་ཁྲོད་ཞའོ་ཀང་གྲོང་ཚོའི་གྲོང་མི་ཚོས་ཐོན་སྐྱེད་དུད་ཚང་ལ་འགན་གཙང་སྤྲོད་པའི་ལག་རྗེས་དམར་པོ་བཞག་པ་དང་། “ཉིན་གསུམ་ནང་ཐོག་བརྩེགས་རེ་སློང་བའི”ཧྲེན་ཀྲེན་གྱི་མྱུར་ཚད་བཀོད་པ། ཞིང་པ་ལས་མི་དུང་ཕྱུར་དུ་མས་མེ་འཁོར་ལྗང་ཁུར་བསྡད་དེ་གྲོང་ཁྱེར་ནང་གླ་པ་རྒྱུག་པར་འགྲོ་བའི་གཟུགས་བརྙན་ཞིག་ངང་གིས་མངོན་པ། ཚན་རྩལ་ལས་དོན་པས་ལྐོག་གྱུར་གྱི་གནས་སུ་ཞུམ་པ་མེད་པར་འཚོལ་ཞིབ་བྱེད་པའི་སྤྱོད་ཚུལ་ཞིག་མངོན་ཡོད། ད་ཆ་ང་ཚོར་དབང་བ་ཚང་མ་ངལ་རྩོལ་བའི་སྤྱང་གྲུང་དང་བློ་གྲོས་ལས་བྱུང་བ་ཞིག་ཡིན་པ་སྨོས་ཅི་དགོས། དེ་དག་ནང་ངལ་རྩོལ་པའི་དཀའ་སྤྱད་རྔུལ་ཆུ་འདུས་པ་དང་ངལ་རྩོལ་པས་ཚེ་སྲོག་ལེགས་སྐྱེས་སུ་ཕུལ་ཡོད། ལྟོ་གོས་འཕྱིད་ཙམ་ནས་འབྱོར་འབྲིང་བར་དང་། བཀག་སྡོམ་ནས་སྒོ་དབྱེའི་བར། ཡར་ལངས་པ་དང་། ཕྱུག་པོ་ཆགས་པ། སྟོབས་ཆེར་གྱུར་པའི་བར་གྱི་རླབས་ཆེན་གྱི་འཕོ་འགྱུར་ཁྲོད་འགྱུར་ལྡོག་ཆེ་ཤོས་ནི་ངལ་རྩོལ་པ་ལས་བྱུང་བ་དང་། གྲུབ་འབྲས་ཆེ་ཤོས་ནི་ངལ་རྩོལ་པར་དབང་བ། ཕུགས་འདུན་བཟང་ཤོས་ནི་ངལ་རྩོལ་པ་ལས་བྱུང་བ་ཞིག་ཡིན། ངལ་རྩོལ་མང་ཚོགས་ཁྲི་སྟོང་དུ་མས་མཉམ་དུ་རླབས་ཆེན་བྱ་གཞག་གཏོད་པའི་ལེའུ་གསར་པ་བརྩམས་ནས་ཐུན་མོང་ཐོག་ཀྲུང་ཧྭ་མི་རིགས་ཀྱི་བླ་ན་མེད་པའི་གཟི་བརྗིད་ཐོབ་པར་བྱས་ཡོད།
          རྒྱལ་ཁའི་གླུ་དབྱངས་བླངས་ནས་འབད་བརྩོན་བྱེད། རླུང་གཡོར་བསྒྲེངས་ནས་ཐག་རིང་ལམ་ལ་བཞུད། ད་ཆ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ང་ཚོས་སྐྱོད་བཞིན་ཡོད་པས་ངལ་རྩོལ་གྱི་སྙིང་སྟོབས་ཀྱི་རིན་ཐང་དར་སྤེལ་གཏོང་བ་དང་ངལ་རྩོལ་གྱི་དུས་རབས་ཀྱི་བསྟོད་གླུ་ལེན་དགོས་པ་མ་ཟད། འབད་འབུངས་སྟོབས་བརྩོན་ངང་སྲོལ་རྒྱུན་རྒྱུན་འཛིན་དང་འབད་འཐབ་ལ་བརྟེན་ནས་འབྱུང་འགྱུར་གཏོད་དགོས།
          ང་ཚོས་ངལ་རྩོལ་ལ་བརྟེན་ནས་དུས་རབས་གསར་པའི་ལེའུ་བརྩམས་ཏེ་འཕོ་འགྱུར་ཁྲོད་གྲུབ་འབྲས་གཏོད་ནས་རླབས་ཆེན་གྱི་ཕུགས་འདུན་འགྲུབ་པ་བྱེད་དགོས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་བསྐྲུན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པ་བཅས་ཀྱི་ཐད་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་འབྱུང་འགྱུར་ཀྲུང་གོའི་བརྗིད་ཆེའི་འཆར་གཞི་བཀོད་ཡོད། འཆར་གཞི་དེ་སྒྱུར་བཅོས་སྒོ་དབྱེའི་བརྒྱུད་རིམ་ཁྲོད་མངོན་འགྱུར་ཐུབ་ངེས་རེད། རྒྱ་ཆེའི་བཟོ་པའི་གྲལ་རིམ་དང་ངལ་རྩོལ་མང་ཚོགས་ནི་སྒྱུར་བཅོས་ལ་བརྩི་བཀུར་ཞུ་མཁན་དང་། དེའི་ནང་ཞུགས་མཁན། སྐུལ་འདེད་གཏོང་མཁན། ཕན་པ་ཐོབ་མཁན་བཅས་ཡིན་པས། དར་ཆ་གསལ་སྟོན་ངང་སྒྱུར་བཅོས་ལ་རྒྱབ་སྐྱོར་དང་ནུས་ཤུགས་ཡོད་རྒུས་སྒྱུར་བཅོས་ནང་ཞུགས་ཏེ་བློ་ཁོག་ཆེན་པོས་ཚོད་ལྟ་བྱེད་ཕོད་པའི་སྙིང་སྟོབས་འཆང་བ་དང་། རང་ངོས་གསར་བརྗེས་ཀྱི་བློ་གྲོས་འཕེལ་བ། རང་གིས་མ་བྱས་ན་སུ་ཡིས་བྱེད་སྙམ་པའི་འགན་འཁྲི་འཁུར་ཕོད་པའི་བསམ་པ་འཆང་བ་བཅས་བྱས་ཚེ། གཞི་ནས་ངལ་རྩོལ་གསར་གཏོད་ཀྱི་ནུས་པ་རླབས་པོ་ཆེ་ཐོན་ཏེ་ཕུགས་འདུན་གྱི་གྲུ་གཟིངས་དུས་རབས་གསར་པའི་རླབས་རྒྱུན་ཁྲོད་རླབས་གཤགས་ངང་མདུན་དུ་བསྐྱོད་རྒྱུར་སྐུལ་མ་ཐེབས་ནས་བསམ་འདུན་འགྲུབ་ངེས་རེད།
          ང་ཚོས་ངལ་རྩོལ་ལ་བརྟེན་ནས་དུས་རབས་གསར་པའི་ལེའུ་བརྩམས་ཏེ་འབད་འཐབ་ཁྲོད་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་དགོས། འཛམ་གླིང་ཐོག་ལས་གང་ཡང་མི་བྱེད་པར་བྱ་བ་འགྲུབ་པ་གཏན་ནས་མེད་པས་རྒྱུ་མེད་རྐྱེན་མེད་ངང་དངོས་གྲུབ་ཐོབ་པ་མེད་རྐྱེན་འབད་འཐབ་བྱས་ཚེ་གཞི་ནས་བསམ་དོན་འགྲུབ་ཐུབ། ཁྱིམ་ཚང་ལ་མཚོན་ན། ངལ་རྩོལ་མ་བྱས་ཚེ་རྒྱུ་ནོར་གསོག་མི་ཐུབ་ལ་འཚོ་བའི་མཐུན་རྐྱེན་ཡང་ལེགས་སུ་གཏོང་ཐབས་བྲལ། མི་སྒེར་ལ་མཚོན་ན། ངལ་རྩོལ་གྱིས་གྲུབ་འབྲས་ཀྱི་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ་ལ་བསམ་པའི་རྒྱུ་ནོར་ཕུན་སུམ་ཚོགས་པོ་ཞིག་ཀྱང་འོང་ཐུབ། དུས་རབས་གསར་པའི་ངལ་རྩོལ་བ་ཞིག་ཡིན་ཕྱིན་སྦྱོང་ཕོད་པ་དང་། སྒྲུབ་ཕོད་པ། བརྩོན་ཞིབ་ཕོད་པ་བཅས་བྱས་ནས་འཇོན་ཐང་ངོ་མ་ཞིག་འཕེལ་བ་དང་ལག་རྩལ་བཟང་པོ་ཞིག་ཁོང་དུ་ཆུད་ཚེ། མི་ཚེའི་བཀྲག་མདངས་མངོན་པའི་གར་སྟེགས་ཤིག་འོང་ཐུབ་པ་མ་ཟད། ངལ་རྩོལ་ཁྲོད་གུ་ཡངས་པའི་གནམ་ས་ཞིག་བརྩོན་ཐུབ་ལ་ངལ་རྩོལ་ཁྲོད་རིན་ཐང་མཚོན་པ་དང་། ཉམས་འགྱུར་མངོན་པ། སྤྲོ་སྣང་འཕེལ་བ་བཅས་ཀྱང་འོང་ཐུབ།
          ང་ཚོས་ངལ་རྩོལ་ལ་བརྟེན་ནས་དུས་རབས་གསར་པའི་ལེའུ་བརྩམས་ཏེ་གསར་གཏོད་ཁྲོད་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཚིག་མཛོད་ནང“ལས་སླ་པོ”ཞེས་པའི་ཐ་སྙད་དེ་མེད། སྒྱུར་བཅོས་དཀའ་ཚེགས་ཆེ་བའི་དུས་སུ་ཐག་གཅོད་དཀའ་བའི་གནད་དོན་སེལ་བ་དང་ཁེ་ཕན་གྱི་འབྲེལ་བ་ཟབ་པའི་འཆིང་རྒྱ་ལས་བསྒྲལ་ཏེ་སྒྱུར་བཅོས་མཐའ་འཁྱོལ་ཇི་ལྟར་བྱེད་དགོས་པ་དང་། “གོ་ལ་ཅན་དུ་འགྱུར་བ་ལས་ལྡོག་པའི”བསམ་བློའི་རླབས་རྒྱུན་ངན་པ་མཆེད་པ་དང་ཉོ་ཚོང་སྲུང་སྐྱོང་རིང་ལུགས་ཀྱི་མགོ་བོ་འབུས་པའི་སྐབས་རང་བརྟེན་གྱི་ཞིབ་འཇུག་གསར་སྤེལ་དང་གསར་གཏོད་ཀྱི་འཇོན་ཐང་མཐོ་རུ་ཇི་ལྟར་གཏོང་དགོས་པ། ཆ་འཕྲིན་ཅན་གསར་བརྗེའི་རླབས་རྒྱུན་ཆེན་པོའི་ཁྲོད་ལོ་རྒྱུས་ཀྱི་གོ་སྐབས་དམ་དུ་བཟུང་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཇི་ལྟར་ཡོང་བར་བྱེད་དགོས་པ་བཅས་ཀྱི་སྐབས་སུ། གསར་གཏོད་རྣམ་པའི་ངལ་རྩོལ་དང་གསར་སྐྲུན་རྣམ་པའི་ངལ་རྩོལ་དར་སྤེལ་སྔར་བས་གཏོང་དགོས་པ་མ་ཟད། ངལ་རྩོལ་བས་འཐབ་ས་མདུན་མའི་ལག་རྩལ་སློབ་སྦྱོང་དང་ཚད་བརྒལ་གྱི་རྩལ་ནུས་ཁོང་དུ་ཆུད་པར་བྱས་ཏེ་ཤེས་བྱའི་རྣམ་པ་དང་། རྩལ་ནུས་ཀྱི་རྣམ་པ། གསར་གཏོད་རྣམ་པ་བཅས་ཀྱི་ངལ་རྩོལ་བའི་དཔུང་ཁག་ཆེན་པོ་ཞིག་བཏོད་དེ“ཀྲུང་གོའི་ཤེས་རིག་གིས་བཟོས་པ”དང་ཀྲུང་གོའི་གསར་གཏོད་བྱ་བར་ཡིད་ཆེས་དང་གསོན་ཤུགས་གསར་པ་སྣོན་རྒྱུའི་ལྕག་སྐུལ་གཏོང་དགོས། ངལ་རྩོལ་བར་ཕན་པ་ཐོབ་པ་དང་གཟི་བརྗིད་ལོངས་སུ་སྤྱོད་རྒྱུ་ཡོང་བར་བྱ་རྒྱུ་ནི་ངལ་རྩོལ་གསར་གཏོད་ཀྱི་འཇོན་ཐང་འདོན་རྒྱུར་སྐྱོད་དགོས་ངེས་ཀྱི་ལམ་བུ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ངལ་རྩོལ་བར་ངོ་སོ་ཐོན་པའི་ངལ་རྩོལ་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་གང་ཐུབ་བྱེད་དགོས”པའི་ནན་བཤད་གནང་ཡོད། འདས་པའི་ལོ་གཅིག་རིང་། 《དུས་རབས་གསར་པའི་ཐོན་ལས་བཟོ་པའི་དཔུང་ཁག་འཛུགས་སྐྱོང་དང་སྒྱུར་བཅོས་ཀྱི་ཇུས་གཞི》འཆར་འགོད་བྱས་པ་ནས《ལག་རྩལ་བཟོ་པའི་ཐོབ་ཐང་མཐོ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཏོན་ཏེ་ཁེ་སྤོགས་སྤྲོད་པའི་བར་ངལ་རྩོལ་བར་འགན་ལེན་དང་བརྩི་མཐོང་སྔར་བས་ཐོབ་པ་བྱས་ཡོད། ངལ་རྩོལ་དཔེ་བཟང་བའི་སྙིང་སྟོབས་དང་བཟོ་བོའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ་ངལ་རྩོལ་བའི་བསམ་བློའི་འཁྱེར་སོ་དང་རང་གཤིས་བཟང་པོ་སྐྱོང་སྤེལ་བྱས་ཏེ་སྤྱི་ཚོགས་ཡོངས་སུ་ངལ་རྩོལ་བྱས་ན་གཟི་བརྗིད་དང་། ཤེས་བྱར་བརྩི་མཐོང་། ཤེས་ལྡན་པར་གཙིགས་ཆེན། རླབས་ཆེན་གཏོད་པ་བཅས་ཀྱི་རྣམ་པ་ཞིག་ཆགས་པར་བྱས་ཚེ། གཞི་ནས་གསོན་ཤུགས་མཐའ་དག་ཕན་ཚུན་འགྲན་པ་ལྟར་འཕེལ་བ་དང་སྐྱེ་སྟོབས་ཀྱི་དཔལ་རྒྱས་ཏེ་མི་དམངས་དུང་ཕྱུར་དུ་མའི་ངལ་རྩོལ་གསར་གཏོད་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་འགྲིལ་ཐུབ།
          ཨེ་མ། ཀྲུང་གོའི་ཕུགས་འདུན། ཨ་ཧོ་ངལ་རྩོལ་བ། སྒྱུར་བཅོས་གསར་པའི་རླབས་རྒྱུན་མཐོན་པོར་འཕྱུར་བ་དང་བརྗིད་ཆེའི་ཕུགས་འདུན་བཟང་པོའི་དམིགས་ཚད་རིང་མིན་མངོན་འགྱུར་ཡོང་བའི་སྐབས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་དཀའ་སྤྱད་ངལ་རྩོལ་དང་འབད་འཐབ་ལྷོད་མེད་ངང་དུས་རབས་གསར་པའི་འོད་སྟོང་འཕྲོ་བའི་མཛེས་རིས་ཤིག་བྲིས་ནས་མི་རིགས་བསྐྱར་དར་གྱི་བརྗིད་ཆེའི་ལེའུ་གསར་པ་ཞིག་རྩོམ་དགོས།