ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

མར་ཁེ་སི་རིང་ལུགས་ཀྱི་ཚན་རིག་དང་མཐུན་པའི་བློ་གྲོས་དང་རིགས་པའི་གཞུང་ལུགས་ཀྱི་སྟོབས་ཤུགས་ཟམ་མི་ཆད་པར་བསྡུ་ལེན་བྱེད་དགོས།

སྤེལ་དུས 2018-05-09 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ། མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མར་ཁེ་སི་སྐུ་འཁྲུངས་ནས་ལོ་200འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་སྐོར་གྱི་གླེང་ཐེངས་གསུམ་པ།
                ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་རིགས་པའི་གཞུང་ལུགས་ཀྱི་བསམ་བློ་མེད་ན་འགྲིག་ཐབས་མེད་པ་དང་། ཕྱི་རོལ་ཡུལ་གྱི་འཇིག་རྟེན་ཤེས་རྟོགས་དང་སྒྱུར་བཀོད་བྱེད་པར་མར་ཁེ་སི་རིང་ལུགས་ཀྱི་བསམ་བློའི་མཚོན་ཆ་སྟོབས་ཆེན་དེ་དང་ཁ་འབྲལ་ཐབས་མེད།
                “དུས་རབས་གསར་པར། ཀྲུང་གོ་གུང་ཁྲན་ཏང་མིས་སྔར་བཞིན་མར་ཁེ་སིར་སློབ་སྦྱོང་དང་མར་ཁེ་སི་རིང་ལུགས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ་དེའི་ཁྲོད་ནས་ཚན་རིག་དང་མཐུན་པའི་བློ་གྲོས་དང་རིགས་པའི་གཞུང་ལུགས་ཀྱི་སྟོབས་ཤུགས་ཟམ་མི་ཆད་པར་བསྡུ་ལེན་བྱེད་དགོས”མར་ཁེ་སི་སྐུ་འཁྲུངས་ནས་ལོ་200འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཡོངས་ཀྱི་བློ་མཐུན་དང་ལྷག་དོན་དུ་རིམ་ཁག་འགོ་ཁྲིད་ལས་བྱེད་པ་ཚོས་དེ་བས་རང་རྟོགས་དང་དེ་བས་སྙིང་རུས་ཆེན་པོས་མར་ཁེ་སི་ལེ་ཉིང་རིང་ལུགས་སློབ་སྦྱོང་དང་། མའོ་ཙེ་ཏུང་གི་དགོངས་པ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་སློབ་སྦྱོང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱེད་དགོས། སློབ་སྦྱོང་གཏིང་ཟབ་དང་། ཡུན་རིང་སློབ་སྦྱོང་། སྙིང་རུས་ཆེན་པོས་སློབ་སྦྱོང་བྱེད་པ་དང་། གནད་དོན་ལ་དམིགས་ནས་སློབ་སྦྱོང་། དོན་དངོས་དང་ཟུང་འབྲེལ་གྱིས་སློབ་སྦྱོང་བཅས་བྱས་ཏེ། དེ་བས་ལེགས་པའི་སྒོ་ནས་ཚན་རིག་དང་མཐུན་པའི་དགོངས་པ་དང་རིགས་པའི་གཞུང་ལུགས་དེ་འཇིག་རྟེན་ཤེས་རྟོགས་དང་འཇིག་རྟེན་སྒྱུར་བཀོད་བྱེད་པའི་དངོས་པོའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་སྒྱུར་བ་བྱེད་དགོས་ཞེས་བླང་བྱ་བཏོན་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་ང་ཚོས་མར་ཁེ་སི་རིང་ལུགས་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དང་ཚན་རིག་དང་མཐུན་པའི་སྒོ་ནས་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་སྔར་བས་དྲག་ཆས་སྤྲོས་རྒྱུར་བྱེད་ཐབས་དང་ཁ་ཕྱོགས་བསྟན་ཡོད།
                ཀྲུང་གོ་གུང་ཁྲན་ཏང་ནི་མར་ཁེ་སི་རིང་ལུགས་ཀྱིས་དྲག་ཆས་སྤྲས་པའི་སྲིད་ཏང་ཞིག་དང་། མར་ཁེ་སི་རིང་ལུགས་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་ཕུགས་བསམ་དང་དད་སེམས་ཀྱི་བླ་སྲོག་རེད། ལོ་རྒྱུས་དང་ལག་ལེན་གྱི་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གིས་དཀའ་བ་དུ་མ་ཁྱད་དུ་བསད་ནས་ཟམ་མི་ཆད་པར་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་པའི་རྒྱུ་རྐྱེན་གཙོ་བོ་ནི། རང་རེའི་ཏང་གིས་སྔ་བར་ཕྱི་གསུམ་དུ་བསམ་བློར་བརྟེན་ནས་ཏང་འཛུགས་སྐྱོང་དང་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཏང་སྟོབས་ཆེར་གཏོང་རྒྱུར་མཐོང་ཆེན་བྱས་པ་ལས་བྱུང་བ་ཞིག་ཡིན་པ་ར་འཕྲོད་གང་ལེགས་བྱུང་ཡོད། དུས་རབས་གསར་པར་ཀྲུང་གོ་གུང་ཁྲན་ཏང་མིས་མར་ཁེ་སི་རིང་ལུགས་ཀྱི་གསུང་རབ་ཀློག་པ་དང་མར་ཁེ་སི་རིང་ལུགས་ཀྱི་རྩ་བའི་རིགས་པ་རྟོགས་པར་བྱ་རྒྱུ་དེ་འཚོ་བའི་གོམས་གཤིས་དང་བསམ་པའི་དོན་གཉེར་བྱེད་སར་བརྩིས་ཏེ། གསུང་རབ་ལ་བརྟེན་ནས་སྲོལ་བཟང་དར་བ་དང་། བསམ་བློར་བཞུན་བརྡར། བསམ་ཕྱོགས་ལེགས་གཏོང་། ལག་ལེན་ལ་མཛུབ་ཁྲིད་བཅས་བྱེད་དགོས།
                མར་ཁེ་སི་རིང་ལུགས་ཀྱི་དགོངས་པ་དང་རིགས་པའི་གཞུང་ལུགས་ནི་མཁྱེན་རྒྱ་ཡངས་པའི་རིགས་པའི་གཞུང་ལུགས་ཤིག་ཡིན་པས་ག་དུས་སྦྱངས་ཀྱང་ཤེས་བྱ་གསར་པ་ཤེས་སྲིད། དུས་རབས་གསར་པར་ང་ཚོས་མར་ཁེ་སིར་སློབ་སྦྱོང་བྱེད་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་བླང་བྱ་ལྟར། མིའི་རིགས་ཀྱི་སྤྱི་ཚོགས་གོང་འཕེལ་གྱི་ཆོས་ཉིད་སྐོར་གྱི་མར་ཁེ་སི་རིང་ལུགས་ཀྱི་དགོངས་པ་དང་། མི་དམངས་ཀྱི་ལངས་ཕྱོགས་བརྟན་པོ་སྲུང་རྒྱུའི་སྐོར་གྱི་མར་ཁེ་སི་རིང་ལུགས་ཀྱི་དགོངས་པ། ཐོན་སྐྱེད་ནུས་ཤུགས་དང་ཐོན་སྐྱེད་འབྲེལ་བའི་སྐོར་གྱི་མར་ཁེ་སི་རིང་ལུགས་ཀྱི་དགོངས་པ། མི་དམངས་དམངས་གཙོའི་སྐོར་གྱི་མར་ཁེ་སི་རིང་ལུགས་ཀྱི་དགོངས་པ། རིག་གནས་འཛུགས་སྐྱོང་སྐོར་གྱི་མར་ཁེ་སི་རིང་ལུགས་ཀྱི་དགོངས་པ། སྤྱི་ཚོགས་འཛུགས་སྐྱོང་སྐོར་གྱི་མར་ཁེ་སི་རིང་ལུགས་ཀྱི་དགོངས་པ། མི་དང་རང་བྱུང་ཁམས་ཀྱི་འབྲེལ་བའི་སྐོར་གྱི་མར་ཁེ་སི་རིང་ལུགས་ཀྱི་དགོངས་པ། འཛམ་གླིང་ལོ་རྒྱུས་སྐོར་གྱི་མར་ཁེ་སི་རིང་ལུགས་ཀྱི་དགོངས་པ། མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་འཛུགས་སྐྱོང་སྐོར་གྱི་མར་ཁེ་སི་རིང་ལུགས་ཀྱི་དགོངས་པ་བཅས་སློབ་སྦྱོང་དང་ལག་བསྟར་བྱེད་དགོས། ཞིབ་ཅིང་ཕྲ་བའི་སྒོ་ནས་སློབ་སྦྱོང་བྱེད་པ་ལས་ཧ་རེ་ཧུ་རེ་རྩ་བ་ནས་བྱ་རྒྱུ་མེད་པ་དང་། དམིགས་ཡུལ་ཡོད་པའི་སྒོ་ནས་སློབ་སྦྱོང་བྱེད་པ་ལས་དོན་མེད་དུ་སློབ་སྦྱོང་མི་བྱེད་པར། མཐོང་རྒྱ་དེ་བས་ཡངས་པ་དང་མིག་རྒྱང་དེ་བས་རིང་བའི་སྒོ་ནས་འབྱུང་འགྱུར་འཕེལ་རྒྱས་ལ་འཕྲད་པའི་གནད་དོན་གལ་ཆེན་རབ་དང་རིམ་པར་བསམ་བློ་གཏོང་བ་དང་སྟངས་འཛིན་བྱས་ཚེ། ང་ཚོས་ངེས་ཤུགས་དེ་བས་ཆེ་བ་དང་། གདེང་ཚོད་དེ་བས་ཆེ་བ། བློ་གྲོས་དེ་བས་ལྡན་པ་བཅས་ཀྱི་སྒོ་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་སྟེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་གྲུ་ཆེན་ཁ་ཕྱོགས་ཡང་དག་བརྒྱུད་རླབས་གཤགས་མདུན་སྐྱོད་ཐུབ་པའི་འགན་ལེན་བྱེད་ཐུབ།
                ལག་ལེན་གྱི་ལྟ་བ་དང་འཚོ་བའི་ལྟ་བ་ནི་མར་ཁེ་སི་རིང་ལུགས་ཀྱི་ཤེས་རྟོགས་རྣམ་བཤད་ཀྱི་གཞི་རྩའི་ལྟ་བ་ཡིན་པ་དང་ལག་ལེན་གྱི་རང་བཞིན་ནི་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཉིད་རིགས་པའི་གཞུང་ལུགས་གཞན་དང་མི་འདྲ་བའི་ཁྱད་ཆོས་མངོན་གསལ་ཞིག་རེད། སྦྱངས་པ་གོ་ཆོད་དང་སྤྱོད་རྟེན་སློབ་སྐུལ་དང་། ཇི་མ་ཇི་བཞིན་དུ་སློབ་སྦྱོང་། ཞིབ་པར་བཀླགས་ནས་བསམ་བློ་གཏོང་བ། སློབ་སྦྱོང་ཡག་པོ་དང་གོ་བ་གཏིང་ཟབ་ལེན་པ་བཅས་མཐའ་འཁྱོངས་བྱས་ཚེ། གཞི་ནས་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་ཁོང་དུ་བརྟན་པོ་ཆུད་དེ་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་ཐུབ། གནད་དོན་ནི་བྱ་དངོས་ཀྱི་འགལ་ཟླའི་མངོན་ཚུལ་གྱི་བྱེད་ཐབས་ཞིག་ཡིན་པས། གནད་དོན་གྱི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རང་རྒྱལ་གྱི་སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་འཕྲད་པའི་དངོས་ཡོད་ཀྱི་གནད་དོན་གལ་ཆེན་དང་། སྤྱི་ཡོངས་རང་བཞིན་གྱི་འཐབ་ཇུས་ཀྱི་གནད་དོན། མི་དམངས་མང་ཚོགས་ཀྱིས་སེམས་ཁུར་དང་དོ་ཁུར་བྱེད་པའི་གླེང་མང་བ་དང་དཀའ་གནད་ཆེ་བའི་གནད་དོན་བཅས་ལ་དམིགས་པ། རང་རྟོགས་ངང་མར་ཁེ་སི་རིང་ལུགས་སྤྱད་དེ་དོན་དངོས་གནད་དོན་ལ་དབྱེ་ཞིབ་ཟབ་མོ་བཅས་བྱས་ཚེ། ང་ཚོས་གཞི་ནས་གནད་དོན་ཐག་གཅོད་བྱ་རྒྱུར་འདུ་ཤེས་གསར་པ་དང་། བསམ་ཕྱོགས་གསར་པ། བྱེད་ཐབས་གསར་པ་བཅས་མཁོ་འདོན་བྱེད་ཐུབ།
                “ཀྲུང་གོ་གུང་ཁྲན་ཏང་མིས་སློབ་སྦྱོང་བྱས་ནས་ད་བར་བསྐྱོད་ཡོད་ལ། སློབ་སྦྱོང་བྱས་ནས་ངེས་པར་དུ་འབྱུང་འགྱུར་ཕྱོགས་སུ་ཡང་བསྐྱོད་དགོས”མར་ཁེ་སི་རིང་ལུགས་ཀྱི་ཚན་རིག་དང་མཐུན་པའི་བློ་གྲོས་དང་རིགས་པའི་གཞུང་ལུགས་ཀྱི་སྟོབས་ཤུགས་ཟམ་མི་ཆད་པར་བསྡུ་ལེན་དང་ཏང་ཡོངས་ཀྱིས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་སྤྱད་དེ་དེང་སྐབས་ཀྲུང་གོའི་གནད་དོན་དངོས་ཐག་གཅོད་བྱེད་པའི་འཇོན་ཐང་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ། རླབས་ཆེན་གྱི་འཐབ་རྩོད་དང་། རླབས་ཆེན་གྱི་འདུ་འགོད་འཛུགས་སྐྲུན། རླབས་ཆེན་གྱི་བྱ་གཞག་ལ་སྐུལ་འདེད། རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བཅས་བྱས་ནས་ང་ཚོས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལེའུ་གསར་པ་རྩོམ་དགོས།