ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

མར་ཁེ་སི་རིང་ལུགས་ཀྱི་གོ་རྟོགས་གསར་པ་ཟམ་མི་ཆད་པར་གཏོད་དགོས།

སྤེལ་དུས 2018-05-10 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ། མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།
—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མར་ཁེ་སི་སྐུ་འཁྲུངས་ནས་ལོ་200འཁོར་བར་ དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་སྐོར་གྱི་གླེང་ཐེངས་བཞི་པ།
               རིགས་པའི་གཞུང་ལུགས་ཀྱི་གསོན་ཤུགས་ནི་གསར་གཏོད་ཟམ་མི་ཆད་པ་བྱ་རྒྱུར་ཐུག་ཡོད། མར་ཁེ་སི་རིང་ལུགས་ཟམ་མི་ཆད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་བླ་ན་མེད་པའི་འགན་འཁྲི་རེད།
               “ང་ཚོས་མར་ཁེ་སི་རིང་ལུགས་སྤྱད་དེ་དུས་རབས་ལ་ལྟ་ཞིབ་དང་། དུས་རབས་ལ་གསལ་འགྲེལ། དུས་རབས་ལ་སྣེ་ཁྲིད་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་གསོན་ཉམས་ལྡན་ལ་ཕུན་སུམ་ཚོགས་པའི་དེང་སྐབས་ཀྲུང་གོའི་ལག་ལེན་ཐོག་ནས་མར་ཁེ་སི་རིང་ལུགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས” “དེང་དུས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས་21པའི་མར་ཁེ་སི་རིང་ལུགས་ཀྱི་གོ་རྟོགས་གསར་པ་ཟམ་མི་ཆད་པར་གཏོད་དགོས”མར་ཁེ་སི་སྐུ་འཁྲུངས་ནས་ལོ་200འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ལ་འཛིན་པའི་ཚན་རིག་དང་མཐུན་པའི་རྣམ་འགྱུར་རྒྱས་བཤད་གནང་བར་བརྟེན། དུས་རབས་གསར་པའི་རྒྱབ་ལྗོངས་འོག་མར་ཁེ་སི་རིང་ལུགས་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུར་ཁྲིད་སྟོན་ཁ་གསལ་གནང་ཡོད་ལ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་། དུས་རབས་ཅན། མང་ཚོགས་ཅན་བཅས་སུ་འགྱུར་རྒྱུར་མུ་མཐུད་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་ཆེན་པོ་ཞིག་ཀྱང་བསྣན་ཡོད།
               མར་ཁེ་སི་རིང་ལུགས་ནི་ཐོག་མཐའ་བར་གསུམ་དུ་ང་ཚོའི་ཏང་དང་རྒྱལ་ཁབ་ཀྱི་མཛུབ་ཁྲིད་དགོངས་པ་ཡིན། ཀྲུང་གོ་གུང་ཁྲན་ཏང་དཀའ་ངལ་སྣ་ཚོགས་ལས་རྣམ་པར་རྒྱལ་ཏེ་ཟམ་མི་ཆད་པར་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ནི་རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་དགོངས་པར་བརྟེན་ནས་ཏང་འཛུགས་སྐྱོང་དང་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཏང་སྟོབས་ཆེར་གཏོང་རྒྱུར་མཐོང་ཆེན་བྱས་པ་དེ་ཡིན། ཤར་ཕྱོགས་ཀྱི་གནའ་བོའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཀྲུང་གོས་མིའི་རིགས་ཀྱི་ལོ་རྒྱུས་ཐོག་སྔར་བྱུང་མྱོང་མེད་པའི་འཕེལ་རྒྱས་ཀྱི་ངོ་མཚར་བཏོད་པ་དེ་མར་ཁེ་སི་རིང་ལུགས་ཀྱིས་ཀྲུང་གོའི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ལ་སྟོབས་དང་ལྡན་པའི་བསམ་བློའི་མཚོན་ཆ་མཁོ་འདོན་བྱས་པ་ལས་བྱུང་བ་ཞིག་རེད། མིག་སྔར་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་ལྕི་བ་དང་། འགལ་ཟླ་དང་། ཉེན་ཁ། འགྲན་སློང་གསུམ་མང་བ། རྒྱལ་སྲིད་སྐྱོང་ལུགས་ལ་འཕྲད་པའི་ཚོད་བགམ་ཆེན་པོ་བཅས་སྔར་བྱུང་མྱོང་མེད། ལེགས་ཆ་དང་། རང་འགུལ། འབྱུང་འགྱུར་བཅས་ཐོབ་པ་བྱེད་དགོས་ན། ངེས་པར་དུ་མར་ཁེ་སི་རིང་ལུགས་སྤྱད་དེ་གནད་དོན་དངོས་ལ་དབྱེ་ཞིབ་དང་ཐག་གཅོད་བྱེད་པའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་ཐོག་ནས་ང་ཚོས་འགྲན་སློང་གལ་ཆེན་ལ་ཁ་གཏད་གཅོག་པ་དང་། ཉེན་ཁ་ཆེན་པོ་འགོག་པ། འགོག་རྐྱེན་ཆེན་པོ་ཁྱད་དུ་གསོད་པ། འགལ་ཟླ་ཆེན་པོ་སེལ་བ། གནད་དོན་ཆེན་པོ་ཐག་གཅོད་བྱེད་པ་བཅས་བྱ་རྒྱུར་ཁྲིད་སྟོན་བྱེད་པའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་བ། མཐོང་རྒྱ་དེ་བས་ཡངས་པ་དང་མིག་རྒྱང་དེ་བས་རིང་བའི་སྒོ་ནས་འབྱུང་འགྱུར་འཕེལ་རྒྱས་ལ་འཕྲད་པའི་གནད་དོན་གལ་ཆེན་རབ་དང་རིམ་པར་བསམ་བློ་གཏོང་བ་དང་སྟངས་འཛིན་བཅས་བྱས་ཏེ་མར་ཁེ་སི་རིང་ལུགས་ལ་བཅངས་པའི་དད་སེམས་དང་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཟམ་མི་ཆད་པར་བརྟན་དུ་གཏོང་དགོས།
               ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ལ་འཛིན་པའི་ལྟ་སྟངས་ཐད་ངེས་པར་དུ་ཚན་རིག་དང་མཐུན་པའི་རྣམ་འགྱུར་ཡོད་དགོས། “མར་ཁེ་སིའི་སྤྱི་ཡོངས་ཀྱི་འཇིག་རྟེན་ལྟ་བ་ནི་བསྟན་དོན་ཞིག་མིན་པར་བརྟག་ཐབས་ཤིག་རེད”དེང་སྐབས་ཀྲུང་གོའི་རླབས་ཆེན་གྱི་སྤྱི་ཚོགས་འཕོ་འགྱུར་ནི་སྟབས་བདེའི་སྒོ་ནས་རང་རྒྱལ་ལོ་རྒྱུས་རིག་གནས་ཀྱི་མ་དཔེ་རྒྱུན་མཐུད་བྱས་པ་ཞིག་མིན་པ་དང་། སྟབས་བདེའི་སྒོ་ནས་མར་ཁེ་སི་རིང་ལུགས་ཀྱི་གསུང་རབས་མཁས་ཅན་གྱི་བསམ་བློའི་དཔེ་དབྱིབས་སྤྱད་པ་ཞིག་མིན་ལ། རྒྱལ་ཁབ་གཞན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ལག་ལེན་བསྐྱར་པར་བྱས་པ་ཞིག་ཀྱང་མིན་ལ། ཕྱི་རྒྱལ་གྱི་དེང་རབས་ཅན་འཕེལ་རྒྱས་པར་སློག་བྱས་པ་ཞིག་དེ་བས་ཀྱང་མིན། སྤྱི་ཚོགས་རིང་ལུགས་ལ་གཏན་འཁེལ་དང་འགྱུར་བ་མེད་པའི་ཐབས་ལམ་ཞིག་མེད་པར། ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་རྩ་དོན་དེ་རྒྱལ་ཁབ་འདིའི་ཞིབ་ཕྲའི་དོན་དངོས་དང་། ལོ་རྒྱུས་རིག་གནས་སྲོལ་རྒྱུན། དུས་རབས་ཀྱི་བླང་བྱ་བཅས་དང་ཟུང་འབྲེལ་བྱས་ཏེ་ལག་ལེན་ཁྲོད་ཟམ་མི་ཆད་པར་འཚོལ་ཞིབ་དང་ཕྱོགས་སྡོམ་བྱས་ཚེ། གཞི་ནས་འཆར་གཞི་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་ཐུབ།
               དུས་སྐབས་གསར་པར་མར་ཁེ་སི་རིང་ལུགས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་དགོས་ན། ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གསུང་གནང་བར་ལྟར། 
               རྩོད་སྒྲུབ་དངོས་གཙོ་རིང་ལུགས་དང་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་མཐའ་འཁྱོངས་དང་ལག་ལེན་དང་། མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བརྟག་ཐབས་བཅས་མཐའ་འཁྱོངས་དང་ལག་ལེན། འཛམ་གླིང་གི་དངོས་པོའི་རང་བཞིན་དང་དེའི་འཕེལ་རྒྱས་ཆོས་ཉིད་དང་། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་རང་བྱུང་རང་བཞིན་དང་། ལོ་རྒྱུས་རང་བཞིན་དང་འབྲེལ་ཡོད་ཆོས་ཉིད། མིའི་རིགས་ཀྱི་བཅིངས་འགྲོལ་དང་རང་དབང་། ཕྱོགས་ཡོངས་འཕེལ་རྒྱས་སྐོར་གྱི་ཆོས་ཉིད། ངོས་འཛིན་གྱི་ངོ་བོ་དང་དེ་བཞིན་དེའི་འཕེལ་རྒྱས་ཆོས་ཉིད་སོགས་སྐོར་གྱི་རྩ་བའི་རིགས་པ། མར་ཁེ་སི་རིང་ལུགས་ཀྱི་ལག་ལེན་གྱི་ལྟ་བ་དང་། མང་ཚོགས་ཀྱི་ལྟ་བ། གྲལ་རིམ་གྱི་ལྟ་བ། འཕེལ་རྒྱས་ཀྱི་ལྟ་བ། འགལ་ཟླའི་ལྟ་བ་བཅས་མཐའ་འཁྱོངས་དང་ལག་ལེན་བྱས་ཏེ་མར་ཁེ་སི་རིང་ལུགས་འདི་ཉིད་སློབ་སྦྱོང་དང་། མཐིལ་རྟོགས། བེད་སྤྱོད་བཅས་ཡག་པོ་བྱེད་དགོས།
               མར་ཁེ་སི་རིང་ལུགས་ལ་བདེན་དོན་མཇུག་འགྲིལ་མེད་པར། དེ་ལས་ལྡོག་སྟེ་བདེན་དོན་ཕྱོགས་སུ་སྐྱོད་པའི་ལམ་བུ་ཞིག་བཏོད་ཡོད། མར་ཁེ་སི་རིང་ལུགས་ཀྱི་འཕེལ་རྒྱས་ལོ་རྒྱུས་ནི་མར་ཁེ་སི་དང་། ཨེན་ཀེ་སི། དེ་བཞིན་ཁོང་རྣམ་པའི་རྒྱུན་འཛིན་པས་རྒྱུན་ཆད་མེད་པར་དུས་རབས་དང་། ལག་ལེན། ངོས་འཛིན་གྱི་འཕེལ་རྒྱས་བཅས་ལ་གཞིགས་ཏེ་འཕེལ་རྒྱས་བྱུང་བའི་ལོ་རྒྱུས་ཤིག་དང་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་ཕུལ་བྱུང་བསམ་བློའི་རིག་གནས་གྲུབ་འབྲས་ཟམ་མི་ཆད་པར་བསྡུ་ལེན་བྱས་ནས་རང་ཉིད་ཕུན་སུམ་ཇེ་ཚོགས་སུ་བཏང་བའི་ལོ་རྒྱུས་ཤིག་རེད། ང་ཚོས་དེ་བས་རིང་བའི་མིག་རྒྱང་ཐོག་ནས་མིའི་རིགས་གསར་གཏོད་ཀྱི་ཕུལ་བྱུང་ཤེས་དཔལ་གྱི་གྲུབ་འབྲས་མཐའ་དག་བསྡུ་ལེན་བྱ་རྒྱུ་མཐའ་འཁྱོངས་དང་སྒྱུར་བཅོས་ཁྲོད་དྲང་བདེན་གསར་གཏོད་དང་ཟམ་མི་ཆད་པར་རང་ཉིད་ལས་ཚད་བརྒལ་ཡོང་བ་མཐའ་འཁྱོངས་ཀྱིས་སྒོ་དབྱེའི་ཁྲོད་ཀུན་གྱི་ལེགས་ཆ་འཚོལ་བསྡུ་དང་ཟམ་མི་ཆད་པར་རང་ཉིད་འཐུས་སྒོ་ཚང་དུ་གཏོང་བ་དང་གུང་ཁྲན་ཏང་གི་སྲིད་འཛིན་ཆོས་ཉིད་དང་། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ལ་ངོས་འཛིན་བྱེད་ཚད་ཟམ་མི་ཆད་པར་ཟབ་ཏུ་བཏང་ཚེ། དེང་སྐབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས་21པའི་མར་ཁེ་སི་རིང་ལུགས་ཀྱི་གནས་ཚད་གསར་པ་ཟམ་མི་ཆད་པར་བཏོད་དེ་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་ལེའུ་གསར་པ་མུ་མཐུད་རྩོམ་ཐུབ་ངེས་རེད།