ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

“མྱུར་འགྲུབ”རྣམ་གྲངས་ལག་ལེན་བསྟར་དགོས་ལ་ཕུགས་ལའང་དམིགས་དགོས།

སྤེལ་དུས 2018-05-11 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། ལིའུ་ཆན་རུའུ།
               སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་མཉམ་སྡེབ་སློབ་སྦྱོང་ཚོགས་འདུ་ཐེངས་སོ་བརྒྱད་པའི་ཐོག་དུས་ཐུང་དང་ཡུན་རིང་གི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས་ཞེས་ནན་བཤད་གནང་ཡོད། དེང་སྐབས་ལ་གཞི་ཚུགས་པ་དང་ཕུགས་ལ་དམིགས་སྐབས་དེང་སྐབས་ཀྱི་འགལ་བ་མངོན་གསལ་དོད་པོ་ནས་འགོ་བཙུགས་ཏེ། ཕུགས་ཕན་གྱི་སྒྲིག་གཞི་དང་ལམ་སྲོལ་འཛུགས་པ་དང་དུས་ཡུན་རིང་འབྲིང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་བསྐྱར་དུ་འཛུགས་རྒྱུར་དམིགས་ནས། ཡུན་རིང་གི་འཐབ་ཇུས་མཐའ་འཁྱོངས་བྱེད་དགོས་ལ། ཚར་དུ་གཅོད་པའི་དམག་འཐབ་ཀྱང་ཡག་པོ་རྒྱག་དགོས།
               དབུལ་སྐྱོར་ངོས་ནས་བརྗོད་ན། “མྱུར་འགྲུབ”རྣམ་གྲངས་ནི“གཞན་རྟེན”ཞིག་ཡིན་པ་དང་དེ་ནི་འཕྲལ་སྡོམ་བྱེད་ཐབས་ཙམ་ཞིག་རེད། འོན་ཀྱང“རང་རྟེན”ནི་རྩ་བ་བཅོས་པའི་ཐབས་ལམ་ཞིག་རེད། “རང་རྟེན”བྱེད་དགོས་ན་ངེས་པར་དུ་ཐོན་ལས་འཕེལ་རྒྱས་གཏོང་དགོས། ཐོན་ལས་ཡོད་ཚེ་གཞི་ནས་གཏན་འཇགས་ཀྱི་ཡོང་འབབ་ཡོང་ཐུབ། ས་ཁུལ་དབུལ་པོ་དང་གྲོང་ཚོ་དབུལ་པོའི་དཔལ་འབྱོར་གྱི་རྨང་གཞི་ཞན་ལ་ལས་འགོ་འཛུགས་ཕྱི་པོ་ཡིན་པར་བརྟེན་ཐོན་ལས་དབུལ་སྐྱོར་བྱེད་སྐབས“བརྟན་པོ་དང་། གནད་ལ་འཁེལ་པོ། ཏན་ཏིག”བཅས་ཡོང་བ་བྱེད་དགོས།
               སྨྱུག་འཛིན་པས་ངོས་འཛིན་བྱས་དོན། ཐོན་ལས་དབུལ་སྐྱོར་བྱེད་པར་བརྟན་ཐོག་ཡར་འཕེལ་ཡོང་བ་བྱས་ནས་དུད་ཚང་དབུལ་པོའི་གཉེར་སྐྱོང་གི་ཉེན་ཁ་ཆུང་དུ་གཏོང་གང་ཐུབ་བྱེད་དགོས། ས་ཁུལ་དབུལ་པོའི་ཐོན་ཁུངས་སྣ་ཚོགས་ཀྱི་ད་ཡོད་གནས་ཚུལ་ལ་ཆེད་ལས་ཀྱི་ཁྲོམ་རའི་བརྟག་དཔྱད་བྱེད་པར་ཁྲོམ་རར་ཞུགས་པའི་འགག་གནད་འཚོལ་དགོས། གྲོང་ཚོ་ཞིག་ལ་གང་ཞིག་འདེབས་དགོས་མིན་དང་། གང་གཞི་གསོ་ཚགས་བྱེད་དགོས་མིན། གང་ཞིག་འཕེལ་རྒྱས་གཏོང་དགོས་མིན་བཅས་སེམས་ལ་གདེང་ཚོད་ཡོད་དགོས། དེ་དང་དུས་མཚུངས་ཐོན་སྐྱེད་ཀྱི་མཁོ་སྤྲོད་ཀྱི་སྣེ་མོ་དང་ཁྲོམ་རའི་འཛད་སྤྱོད་ཀྱི་སྣེ་མོར་བསམ་གཞིག་བྱེད་དགོས། དབུལ་སྐྱོར་རྣམ་གྲངས་གནད་ལ་འཁེལ་པོ་དགོས་ལ་ཡུལ་དེ་གའི་འཕེལ་རྒྱས་ཀྱི་དོན་དངོས་དང་ཡང་འཚམ་དགོས་པ་མ་ཟད། ས་གནས་སྲིད་གཞུང་གི་རྗེས་སྙེག་ཞབས་ཞུ་ཡང་གནད་དུ་སྨིན་དགོས། དེའི་ཁྲོད་ཀྱི་ཞབས་ཞུ་གལ་ཆེན་ཞིག་ནི་ས་ཁུལ་དབུལ་པོའི་ཐོན་ལས་ཀྱི་སྦྲེལ་ཐག་བསྐྲུན་རོགས་བྱས་ནས། ཐོན་སྐྱེད་དང་། སྐྱེལ་འདྲེན། ཕྱིར་ཚོང་བཅས་འབྲེལ་མཐུད་ནུས་ལྡན་ཐུབ་པ་བྱས་ཏེ། ལྷུ་ཚིགས་གང་ལའང་སྐྱོན་ཆག་མི་ཡོང་བ་བྱས་ཏེ་ཞིང་ལས་ཐོན་ཟོག་བྲིན་ཁ་རྒྱུག་པོ་ཡོང་བ་བྱེད་དགོས། དེ་ལྟར་བྱེད་དགོས་ན་རིམ་པ་ཁག་དང་སྡེ་ཚན་ཁག་གིས་དབུལ་སྐྱོར་ཐོན་ལས་ཀྱི་སྦྲེལ་ཐག་ཡག་པོ་བསྐྲུན་དགོས།
               ཕུགས་ལ་དམིགས་པར་ཡུལ་བབ་དང་བསྟུན་ནས་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་དགོས། ང་ཚོས་ཐོན་ལས་དབུལ་སྐྱོར་གྱི་ལམ་སྲོལ་དང་བྱེད་ཐབས་གསར་གཏོད་དང་དབུལ་སྐྱོར་གྱི་སྣེ་འདྲེན་ཁེ་ལས་ནང་འདྲེན་དང་སྐྱེད་སྲིང་བྱས་ཏེ། སྤྱི་ཚོགས་ཀྱི་རྩ་འཛུགས་སྣ་ཚོགས་ཐོན་ལས་དབུལ་སྐྱོར་ནང་ཞུགས་རྒྱུར་ལྕག་སྐུལ་བྱེད་དགོས། དེ་དང་དུས་མཚུངས་མི་འབོར་དབུལ་པོའི་ངལ་ནུས་གཞན་དུ་བསྒྱུར་བ་དང་ལས་ཞུགས་གཞན་དུ་བསྒྱུར་བའི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་ཕུགས་ཕན་ཐོན་ལས་ཀྱིས་ཕྱོགས་ཡོངས་ནས་དབུལ་སྒྲོལ་བྱ་ཆེད་མདུན་ལམ་ཡངས་པོ་གཏོད་དགོས།