ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

འཇོན་ཐང་ཆེ་ཤོས་བྱང་ཆུབ་པར་སྦྱོང་བ་དང་། གསལ་པོ་རྟོགས་པ། ཡག་པོ་སྤྱོད་དགོས།

སྤེལ་དུས 2018-05-14 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ། ཀྲུའུ་ཅི་ཁྲའེ་དང་ལེའང་ཅན་ཆང་གིས།
          “མར་ཁེ་སི་རིང་ལུགས་ཀྱི་འཇོན་ཐང་ཡག་ཤོས་བྱང་ཆུབ་པར་སྦྱོང་བ་དང་། གསལ་པོ་རྟོགས་པ། ཡག་པོ་སྤྱོད་དགོས”ཞེས་མར་ཁེ་སི་སྐུ་འཁྲུངས་ནས་ལོ་200འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཡོངས་ལ་འབོད་སྐུལ་འདི་ལྟ་བུ་གནང་བར་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད།
          མར་ཁེ་སི་རིང་ལུགས་ཀྱི་འཇོན་ཐང་ཆེ་ཤོས་བྱང་ཆུབ་པར་སྦྱོང་བ་དང་། གསལ་པོ་རྟོགས་པ། ཡག་པོ་སྤྱོད་དགོས་པར་དང་ཐོག“སློབ་སྦྱོང”གི་རྨང་གཞི་བརྟན་པོ་འདིང་དགོས།
          མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱ་རྒྱུ་ནི་གུང་ཁྲན་ཏང་མིའི་སྦྱོང་དགོས་ངེས་ཀྱི་སློབ་ཚན་ཞིག་རེད། ཏང་ཡོན་ལས་བྱེད་པས་རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་གཞི་རྩའི་ནུས་རྩལ་ལ་བརྩི་དགོས། མར་ཁེ་སི་རིང་ལུགས་ཀྱི་གསུང་རྩོམ་གྲགས་ཅན་ཞིབ་ཚགས་ངང་ཀློག་པ་དང་བསམ་གཞིགས་བྱེད་པ་དང་། གཏིང་ཟབ་དང་གསལ་པོ་རྟོགས་པ། ག་དུས་སྦྱངས་ཀྱང་ཤེས་བྱ་གསར་པ་ཤེས་པར་བྱེད་པ། དེའི་ཁྲོད་ཁྱབ་པའི་ལངས་ཕྱོགས་དང་། ལྟ་སྟངས། ཐབས་ཤེས་བཅས་བྱང་ཆུབ་པར་ཤེས་པ་བཅས་བྱས་ཏེ། བསམ་བློའི་སྨུག་སྤྲིན་ལས་བརྒལ་ཐུབ་པ་དང་སོམ་ཉིའི་དྲ་བ་ལས་ཐར་བར་བྱེད་དགོས། “སློབ་སྦྱོང”བརྒྱུད“གཅུས་སྒོ་ཨ་མ”དམ་དུ་དང“གདེང་ཚོད་བཞི”ཆེ་རུ་གཏོང་དགོས།
          འཇོན་ཐང་ཆེ་ཤོས་བྱང་ཆུབ་པར་སྦྱོང་བ་དང་། གསལ་པོ་རྟོགས་པ། ཡག་པོ་སྤྱོད་པར་འགག་རྩ་ནི“བེད་སྤྱོད”ཐད་ཤུགས་སྣོན་རྒྱག་དགོས་པ་དེ་རེད།
          མར་ཁེ་སིས“མཚན་ཉིད་པ་མཁས་ཅན་ཚོས་ཐབས་ཤེས་མི་འདྲ་བའི་སྒོ་ནས་འཛམ་གླིང་ལ་འགྲེལ་བཤད་རྒྱག་པ་དང་། དེའི་གནད་འགག་ནི་འཛམ་གླིང་ལ་འགྱུར་ལྡོག་གཏོང་རྒྱུ་དེ་རེད”ཅེས་གསུངས་ཡོད། མར་ཁེ་སི་རིང་ལུགས་ནི་དཔེ་དེབ་ཐོག་བཀོད་པ་ཙམ་གྱི་ཤེས་བྱ་མིན་པར། དེའི་ལག་ལེན་རང་བཞིན་ནི་རིགས་པའི་གཞུང་ལུགས་གཞན་དང་མི་འདྲ་བའི་ཁྱད་ཆོས་མངོན་གསལ་དོད་ཤོས་དེ་རེད། སློབ་སྦྱོང་ཡག་པོ་བྱེད་པ་ནི་བེད་སྤྱོད་ཡག་པོ་ཡོང་བའི་ཆེད་དུ་རེད། འཇོན་ཐང་ཆེ་ཤོས་ལ་བརྟེན་ནས་འཛམ་གླིང་གི་ངོས་འཛིན་དང་འཛམ་གླིང་ལ་སྒྱུར་བཀོད་བཏང་སྟེ་སྦྱངས་པ་གོ་ཆོད་དང་། སྦྱངས་པར་སྐུལ་འདེད་གཏོང་ཐུབ་པ་བྱེད་དགོས། མིག་སྔར་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་ལྕི་བ་དང་། འགལ་ཟླ་དང་། ཉེན་ཁ། འགྲན་སློང་བཅས་མང་བ། རྒྱལ་སྲིད་སྐྱོང་ལུགས་ལ་འཕྲད་པའི་ཚོད་བགམ་ཧ་ཅང་ཆེ་བ་བཅས་ནི་སྔར་བྱུང་མ་མྱོང་བ་ཞིག་རེད། འཇོན་ཐང་ཆེ་ཤོས་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱ་རྒྱུ་ནི་གནད་དོན་ལ་ལྟ་བའི་མིག་རྒྱང་ཡངས་པོ་དང་། གནད་དོན་དབྱེ་ཞིབ་བྱེད་པའི་རྩོད་སྒྲུབ་ཀྱི་བསམ་བློ། གནད་དོན་ཐག་གཅོད་བྱེད་པའི་འཇོན་ཐང་ཆེན་པོ་བཅས་ལ་འགྱུར་བར་བྱེད་དགོས།
          དུས་རབས་གསར་པར་འཇོན་ཐང་བྱང་ཆུབ་པར་སྦྱོང་བ་དང་། གསལ་པོ་རྟོགས་པ། ཡག་པོ་སྤྱོད་པའི་དོན་གྱི་སྙིང་པོ་ནི་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས་21པའི་མར་ཁེ་སི་རིང་ལུགས་ཡིན་པའི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ཡག་པོ་དང་ཡག་པོ་སྤྱད་དེ། ངེས་ཤུགས་དང་། གདེང་ཚོད། བློ་གྲོས་བཅས་དེ་བས་ལྡན་པའི་སྒོ་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་དགོས།(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་འབྱོར་བའི་གློག་འཕྲིན)