ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

ལེགས་ཆར་གཞི་ཚུགས་ནས་གཏིང་ཤུགས་སྔོག་འདོན་བྱེད་དགོས།

སྤེལ་དུས 2018-05-16 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ། རིག་རྡོར་གྱིས་བསྒྱུར།
                   ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་། སྣོད་བཅུད་སྔོན་དུ་འཇོག་རྒྱུ་མཐའ་འཁྱོངས། ཚན་རིག་དང་མཐུན་པའི་སྒོ་ནས་ཐོན་ལས་བཀོད་སྒྲིག་བཅས་བྱས་པས། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད།
                   འོན་ཀྱང་རང་ལྗོངས་ཀྱི་ཁྱད་ལྡན་བཟོ་ལས་དང་ཁེ་ལས་མང་ཆེ་བའི་ཐོན་སྐྱེད་གཉེར་སྐྱོང་གི་ཆུ་ཚད་སྔར་བཞིན་དམའ་ཙམ་ཡོད་ཅིང་། ཐོན་ལས་ཀྱི་གཞི་ཁྱོན་ཆུང་ལ་ཐར་ཐོར་ཡིན་པ་དང་། སྣེ་འདྲེན་ཁེ་ལས་ཉུང་བ། ཐོན་རྫས་རྐྱང་པ་ཡིན་པའི་ཁར་བསྐྱར་ཟློས་རང་བཞིན་ཆེ་བ། ཁེ་ལས་དབར་འབྲེལ་བ་བྱེད་ཚད་ཉུང་བ། ཐོན་ལས་ཀྱི་སྦྲེལ་ཐག་ཐུང་བ། ལྗོངས་ནང་ཁུལ་གྱི་ཁེ་ལས་དེ་དག་གྲངས་འབོར་ཐད་ཅུང་གཅིག་སྡུད་དང་བར་མཐོངས་སམ་ཡང་ན་གནས་ས་གཅིག་སྡུད་ཡིན་རུང་དོན་དམ་པའི་ཐོན་ལས་ཁྱུ་ཚོགས་སུ་འགྱུར་ཐུབ་མེད།
                   སྨྱུག་འཛིན་པས་ངོས་འཛིན་བྱས་དོན། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་དགོས་ན་ཐོན་ལས་དང་པོ་དང་གསུམ་པ་ཟུང་འབྲེལ་བྱས་ནས། སྔོན་ཆད་ཀྱི་རྗེས་ལུས་ཀྱི་ཐོན་སྐྱེད་བྱེད་སྟངས་ལ་འགྱུར་ལྡོག་བཏང་སྟེ་ཐོན་ལས་ཀྱི་འབྲེལ་ཐག་སྣུར་སྲིང་གང་ཐུབ་བྱེད་དགོས། ལེགས་ཆ་གཅིག་འདུས་དང་། ཐོན་ཁུངས་བསྡུ་སྒྲིལ། ཁྱད་ཆོས་མངོན་གསལ་དོད་པ། བློ་ཁོག་ཆེན་པོས་འཚོལ་ཞིབ་བཅས་བྱས་ཏེ། “སྣོན་འཕྲིའི་ཐབས་ཤེས”ཡག་པོ་སྤྱོད་པ་དང་། “ཐར་ཐོར”དང“ཆུང་ཆུང”“གཅིག་མཚུངས་ཅན”སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཧུར་ཐག་བྱེད་པ། ཁྱད་ཆོས་སྣ་མང་ལྡན་པའི་ཐོན་ལས་འཕེལ་རྒྱས་ཀྱི་གླིང་ཁག་གཅིག་གཏོད་པ་བཅས་བྱས་ཏེ། ཁྱད་ལྡན་ཐོན་ལས་གཅིག་འདུས་ཅན་དང་། གཞི་ཁྱོན་ཅན། ཞིབ་ཚགས་ཅན་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་ཁྱད་ལྡན་གྱི་རིན་ཐང་ཆེན་པོ་མངོན་པར་བྱེད་དགོས།
                   གཞི་ཁྱོན་ཅན་གྱི་ཐོན་སྐྱེད་ལ་མ་དངུལ་མི་འདང་བའི་དཀའ་གནད་འཕྲད་སྲིད། དེ་ནི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ནང་ལྡོག་ཐབས་མེད་པ་ཞིག་ཡིན་སྟབས་ཇི་འདྲ་བྱས་ནས་ཐག་གཅོད་བྱེད་དགོས་སམ་ཞེ་ན། སྲིད་གཞུང་དང་། དངུལ་ཁང་། ཁེ་ལས་བཅས་དབར་གྱི་མཉམ་ཤུགས་འདོན་སྤེལ་བྱེད་དགོས། ཁེ་ལས་རང་ངོས་ཀྱིས་ཐབས་ཤེས་ཡང་དག་སྤྱད་དེ་མ་དངུལ་བསྡུ་སྒྲིལ་གྱི་ཐབས་ལམ་ཇེ་ཡངས་སུ་གཏོང་བ་ཕུད། སྲིད་གཞུང་གིས་དེ་མཚུངས་ཀྱི་སྲིད་ཇུས་བཏོན་ཏེ་བྱེད་ཐབས་ནུས་ལྡན་སྤྱད་ནས་ཁ་གསབ་སྤྲོད་པ་དང་ཉེན་ཁ་ཆུང་དུ་གཏོང་དགོས། དེ་དང་དུས་མཚུངས་དངུལ་ཁང་ཁག་གིས་ཀྱང་ཆེད་མངགས་གསར་གཏོད་རྣམ་པའི་དངུལ་རྩའི་ཐོན་རྫས་ཧུར་ཐག་བཏོད་དེ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུའི་ཐད་སྤྱོད་དགོས།