ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

མཐོ་སློབ་ཏུ་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ཡག་པོ་སྤེལ་དགོས།

སྤེལ་དུས 2018-05-21 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། ཤེ་ཞའོ་ཁྲུན།
                 མཐོ་སློབ་ཏུ་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་སྤེལ་བ་ནི། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་དང་། ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་ལག་བསྟར་དོན་འཁྱོལ། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་བྱེད་ཐབས་གལ་ཆེན་བཅས་ཡིན་པས་སློབ་གྲྭ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་སྤེལ་ཡུལ་གཙོ་བོ་ཞིག་རེད། མཐོ་སློབ་ཀྱིས་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་དུས་སྐབས་གསར་པའི་མི་རིགས་ལས་དོན་གྱི་ནང་དོན་གལ་ཆེན་ཞིག་དང་སློབ་ཆེན་སློབ་མས་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་བརྩམ་རྒྱུར་འབད་བརྩོན་ལྷོད་མེད་བྱེད་པར་སྣེ་ཁྲིད་དང་སྐུལ་ལྕག་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་རེད།
                 མཐོ་སློབ་ཏུ་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ཡག་པོ་སྤེལ་སྐབས་སློབ་ཁང་གི་སློབ་ཁྲིད་ཐབས་ལམ་གཙོ་བོ་དེ་ཡག་པོ་སྤྱོད་དགོས། སློབ་ཁང་གི་སློབ་ཁྲིད་དེ་བསླབ་གཞིའི་ཤེས་བྱ་ཁོ་ནར་མ་བརྟེན་པར་དུས་བསྟུན་འཕེལ་རྒྱས་ཡོང་བ་བྱས་ཏེ། སློབ་མ་ཚོས་རང་རྒྱལ་གྱི་མི་རིགས་རིགས་པའི་གཞུང་ལུགས་གསར་པ་དང་། སྲིད་ཇུས་ཀྱི་ཤེས་བྱ་ཁོང་དུ་ཆུད་པ་དང་སློབ་མས་མི་རིགས་ཀྱི་ལྟ་བ་ཡང་དག་འཛུགས་རྒྱུར་ཁྲིད་སྟོན་བྱས་ཏེ་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་དགོས།
                 མཐོ་སློབ་ཏུ་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ཡག་པོ་སྤེལ་སྐབས་བྱེད་ཐབས་སྣ་མང་གི་སློབ་གྲྭའི་རིག་གནས་སྤེལ་ནས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་བ་བྱེད་དགོས། སློབ་གྲྭའི་རིག་གནས་བྱེད་སྒོ་ནི་མཐོ་སློབ་ཀྱི་སློབ་མའི་འཚོ་བའི་ཁྲོད་དུ་མེད་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་ལ་མི་རིགས་མཐུན་སྒྲིལ་སློབ་གསོའི་ལྷུ་ཚིགས་གལ་ཆེན་ཞིག་ཀྱང་རེད། མཐོ་སློབ་ཀྱིས་རིག་གནས་པ་དང་རིག་གནས་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱ་རྒྱུར་མཐོང་ཆེན་བྱས་ཏེ། བྱེད་ཐབས་སྣ་མང་དང་། ནང་དོན་ཕུན་སུམ་ཚོགས་པ། སྐྱོན་བྲལ་ཡར་ཐོན་བཅས་ཀྱི་སློབ་གྲྭའི་རིག་གནས་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་དགོས། སློབ་གྲྭའི་རིག་གནས་བྱེད་སྒོ་སྤེལ་ཚེ་མཐོ་སློབ་ཀྱི་སློབ་མ་བྱེད་སྒོའི་ནང་ཞུགས་པའི་ཧུར་སེམས་ཆེ་རུ་འགྲོ་རྒྱུར་ཕན་པ་ཡོད་ལ། མཐོ་སློབ་སློབ་མས་སྤྲོ་སྣང་ལོངས་སུ་སྤྱོད་པ་དང་དུས་མཚུངས་མི་རིགས་མཐུན་སྒྲིལ་གྱི་བསམ་བློ་ཁོང་ཚོའི་སེམས་སུ་བརྟན་པོར་ཟུག་པ་བྱེད་དགོས།
                 མཐོ་སློབ་ཏུ་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ཡག་པོ་སྤེལ་སྐབས་སྤྱི་ཚོགས་ཀྱི་ལག་ལེན་བྱེད་སྒོ་སྣ་ཚོགས་སྤེལ་ཏེ་མི་རིགས་མཐུན་སྒྲིལ་གྱི་བརྒྱུད་སྤེལ་བ་དང་ལག་ལེན་པ་སྐྱེད་སྲིང་བྱེད་དགོས། སྤྱི་ཚོགས་ཀྱི་ལག་ལེན་བྱེད་སྒོ་སྤེལ་རིང་། མཐོ་སློབ་སློབ་མས་སྤྱི་ཚོགས་ལ་ཤེས་རྟོགས་གཏིང་ཟབ་བྱ་རྒྱུར་མཐོང་ཆེན་བྱས་ནས་རང་རྒྱལ་གྱི་རྒྱལ་ཁབ་ཀྱི་གནས་ཚུལ་ལ་དོ་ཁུར་ཆེན་པོ་བྱས་ཏེ། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་ཀྱི་ལག་ལེན་ཟུང་འབྲེལ་ཡག་པོ་ཡོང་བ་བྱེད་དགོས། མཐོ་སློབ་སློབ་མ་སློབ་གྲྭར་སྡོད་རིང་ཚན་རིག་རིག་གནས་ཀྱི་ཤེས་བྱ་དང་རྩལ་ནུས་ཁོང་དུ་བརྟན་པོར་ཆུད་པ་བྱེད་དགོས་ལ་སྤྱི་ཚོགས་ཀྱི་དོན་དངོས་གནས་ཚུལ་ལའང་ཤེས་རྟོགས་གཏིང་ཟབ་བྱེད་དགོས། དེ་ལྟར་བྱས་ན། མཐོ་སློབ་སློབ་མ་སློབ་གྲྭ་ཐོན་ཚེ་གཞི་ནས་སྤྱི་ཚོགས་དང་མཉམ་འདྲེས་ཟབ་མོ་ཐུབ་སྟེ། རང་ཉིད་ཀྱི་ལེགས་ཆ་དང་འཇོན་ཐང་འདོན་ཐུབ།